མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིས་བཟོས་དབྱར་རྩྭ་ནི་ལུག་མགོ་བཀལ་ནས་ཁྱི་ཤ་བཙོང་བ་དང་གཅིག་མཚུངས་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་བོད་ནང་དུ་མིས་བཟོས་དབྱར་རྩྭ་དགུན་འབུ་བཙོང་མཁན་ཇེ་མང་འགྲོ་བཞིན་པའི་གནས་སྟངས་འོག བོད་མིའི་དབྱར་རྩྭའི་ཁྲོམ་རྭར་གཏོར་བརླག་དང་འཚོ་གནས་ལ་གྱོང་གུད་ཆེན་པོ་ཐེབས་ཀྱིན་ཡོད་འདུག

རྒྱ་མིས་བཙོང་བཞིན་པའི་མིས་བཟོས་དབྱར་རྩྭ་དགུན་འབུ།

ལོ་རེའི་ཕྱི་ཟླ་ ༤ ཟླ་མཇུག་ཙམ་ནས་ཕྱི་ཟླ་   ༦ པའི་བར་ཟླ་གཅིག་ལྷག་གི་རིང་ལ་བོད་ནང་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཡིན་ཞིང་། དབྱར་རྩྭ་དགུན་འབུ་ནི་བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་འཚོ་བའི་ཡོང་འབབ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་ལྟར། བོད་ནང་གི་མཚོ་སྔོན་དང་ཀན་ལྷོ། སི་ཁྲོན་སོགས་བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་མགོ་བཙུགས་མ་ཐག་པའི་སྐབས་འདིར། ད་ལྟ་རྒྱ་རིགས་མང་པོ་ཞིག་གིས། མིང་ལ་བཀྲ་ཤིས་དང་སྒྲོལ་མ་ཟེར་བ་སོགས་བོད་མིང་འཁྱེར་ནས་མིས་བཟོས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་བཙོང་མགོ་བཙུགས་ཡོད་པར་བརྟེན། དེས་བོད་མིའི་དབྱར་རྩྭའི་ཁྲོམ་རྭར་གཏོར་བརླག་དང་འཚོ་གནས་ལ་གྱོང་གུད་ཆེན་པོ་སྤྲོད་ཀྱི་ཡོད་སྟབས། ད་ལྟ་བོད་ནང་གི་བོད་མི་མང་པོ་ཞིག་གིས། རྒྱ་མི་ཚོས་བོད་ཀྱི་དབྱར་རྩྭའི་མིང་འོག་ནས་དབྱར་རྩྭ་རྫུན་མ་བཙོང་བ་ནི་མགོ་གཡོག་མགོ་སྐོར་གྱི་བྱ་བ་ཡིན་པས། བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱའི་མིས་བཟོས་དབྱར་རྩྭའི་གནད་དོན་ཞུ་གཏུགས་བྱེད་དགོས་པ་དང་དབྱར་རྩྭ་རྫུན་མའི་ཁྲོམ་རྭ་ཇེ་ཆུང་དུ་གཏོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

ད་ལྟ་བོད་ནང་གི་བོད་མི་མང་པོ་ཞིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་ཏེ། རྒྱའི་མིས་བཟོས་དབྱར་རྩྭའི་གནད་དོན་གླེང་སློང་གནང་བཞིན་པའི་ཁྲོད་ཀྱི་བོད་མི་ཞིག་གིས། རྒྱ་མི་ཚོས་བོད་མིང་གི་ཐོག་ནས་མཚོ་སྔོན་དང་ཡུལ་ཤུལ། ནག་ཆུ་སོགས་ས་བབ་མཐོ་སའི་བོད་ཀྱི་དབྱར་རྩྭ་དགུན་འབུ་ཡིན་ཁུལ་བརྗོད་ནས་དབྱར་རྩྭ་རྫུན་མའི་ཚོང་རྒྱག་གི་ཡོད་ཅིང་། དེ་ནི་ལུག་མགོ་བཀལ་ནས་ཁྱི་ཤ་བཙོང་བ་དང་ཁྱད་རྩ་བ་ནས་མེད། འོན་ཀྱང་། རྒྱ་མི་དེ་ཚོས་གཱང་ཏུང་དང་ཟི་ལིང་སོགས་ན་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་དབྱར་རྩྭ་དགུན་འབུའི་བཟོ་གྲྭ་ཆེན་པོ་བཙུགས་ཡོད་སྟབས། ཁོ་ཚོའི་ཚོང་སྒོ་རྒྱག་ཐབས་མེད།  འོན་ཀྱང་། དབྱར་རྩྭ་བཙོང་ནའང་བཟོ་གྲྭས་འདེབས་འཛུགས་བྱས་པའི་མིས་བཟོས་དབྱར་རྩྭ་ཡིན་པ་ཕྱི་གསལ་བཟོས་ཏེ་བཙོང་དགོས་པ་ལས། བོད་ཀྱི་དབྱར་རྩྭ་ཡིན་ཚུལ་གྱིས་ཚོང་བརྒྱབ་ན་ཁྲིམས་འགལ་ཡིན་པས། དེའི་རིགས་ཞུ་གཏུགས་བྱས་ཏེ་བཀག་འགོག་བྱེད་དགོས་སྐོར་བརྗོད་འདུག་ལ། བོད་མི་ཁག་ཅིག་དངོས་སུ་མིས་བཟོས་དབྱར་རྩ་འདེབས་འཛུགས་བྱེད་སའི་བཟོ་གྲྭའི་སྒོ་འགྲམ་དུ་ཕྱིན་ནས་བོད་མིའི་དབྱར་རྩྭའི་ཁྲོམ་རྭར་གཏོར་བརླག་མ་གཏོང་ཞེས་སེམས་ཚོར་ཆེན་པོས་འབོད་ཚིག་སྒྲོག་མཁན་ཡང་མཐོང་རྒྱུ་འདུག

ད་ལྟ་རྒྱ་ནག་གི་བཟོ་གྲྭ་ཁག་གིས་འདེབས་འཛུགས་བྱེད་བཞིན་པའི་དབྱར་རྩྭ་དགུན་འབུ་ནི། ཀུ་ཤུ་ཁ་པར་ནང་བཞིན་ལོ་རེར་དབྱར་རྩྭ་ཐོན་གསར་འདེབས་འཛུགས་བྱེད་བཞིན་ཡོད་ཅིང་། ད་སྔ་བར་མིས་བཟོས་དབྱར་རྩའི་ཐོན་རིམ་བདུན་པའི་བར་བསླེབས་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བྲིན་རྒྱུག་ཆེ་ཁར། དབྱར་རྩྭ་དེ་བོད་པའི་སྤྱི་ཚོགས་ནང་ཚོང་བསྒྱུར་བྱེད་བཞིན་པ་དེས་རྩོད་གླེང་སྣ་ཚོགས་བཟོ་བཞིན་ཡོད་པ་རེད་ལ། བོད་མི་ཚོས་མིས་བཟོས་དབྱར་རྩྭའི་ཕན་ནུས་ཞན་ཞིང་བོད་ཀྱི་དབྱར་རྩྭ་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་སྐོར་ཡང་རྗོད་ཀྱིན་འདུག

དབྱར་རྩ་དང་འབྲེལ་ནས་མི་ཞིག་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་དང་མི་བཅུ་དྲུག་འཛིན་བཟུང་བྱས།

འདི་གའི་གསར་འགོད་པར་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་དབྱར་རྩ་དགུན་འབུ་རྫུན་མ་བཙོང་མཁན་དག་ལ་དམ་དྲག་གི་སྲིད་ཇུས་མེད་ཁར། ཁོ་ཚོར་དྲ་ལམ་དུ་ཡོངས་གྲགས་ཀྱི་ཐོག་ནས་ཚོང་རྒྱག་ཆོག་པའི་རང་དབང་སྤྲོད་ཀྱིན་ཡོད་མོད།  བོད་མི་དབྱར་རྩ་དགུན་འབུའི་ཚོང་རྒྱག་མཁན་དག་ལ་དྲ་ལམ་ནས་སྟངས་འཛིན་བྱས་ཏེ་ཚོང་གི་དྲིལ་བསྒྲགས་སོགས་ནག་བསུབ་ཏུ་གཏོང་གི་ཡོད་པ་དང་། དམིགས་བསལ་རྒྱའི་མིའི་བཟོས་དབྱར་རྩའི་སྐོར་ལ་སྐད་ཆ་བཤད་མཁན་བོད་མི་རྣམས་ཀྱི་དྲ་བྱང་གཏན་འགོག་བྱེད་པ་སོགས་འདྲ་མཉམ་མིན་པའི་གནས་སྟངས་ཀྱང་བྱུང་དང་འབྱུང་མུས་ཡིན་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པར་འབྱོར་བའི་གནས་ཚུལ་ལྟར་ན། སྟེང་ཆེན་རྫོང་གིས་ཕྱི་ནས་ཡོང་བའི་དབྱར་རྩ་དགུན་འབུ་བརྐོ་མཁན་ ༡༦ ངོས་འཛིན་རྩད་གཅོད་བྱུང་སྟེ་འཛིན་བཟུང་བྱས་ཡོད་འདུག ཀན་ལྷོ་ཁུལ་མདོ་ལ་རྫོང་ཁྲིམས་ཁང་གིས། མ་མོ་རྒྱལ་ཞུ་བའི་བོད་རིགས་ཤིག་གིས། ཀྲུང་ཧཱ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག་ཟེར་བའི་རིམ་པ་གཉིས་པའི་ཁོངས་གཏོགས་མདོ་ལ་རི་རྒྱུད་ཀྱི་དབྱར་རྩྭ་དགུན་འབུ་ ༥༦༣༢ ཁྲིམས་འགལ་ངང་ཉོ་ཚོང་བྱས་པའི་ཉེས་མིང་འོག་ནས་མ་མོ་རྒྱལ་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་དང་ལོ་གཉིས་རིང་ཆབ་སྲིད་སློབ་གསོ་ཟེར་བ་བརྒྱུད་དགོས་པ། ད་དུང་རྒྱ་སྒོར་དྲུག་སྟོང་གི་ཉེས་ཆད་དང་རྒྱ་སྒོར་ ༡༨༠༢༢༤ རིན་འབབ་ཡིན་པའི་དབྱར་རྩྭ་ཡོངས་རྫོགས་གཞུང་བཞེས་བཏང་ཡོད་འདུག

གནད་དོན་འདིའི་སྐོར་ལ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།  རྒྱ་ནག་གཞུང་གིས་ཕྱུག་ཟོག་དང་རྩྭ་ས་དོ་སྙོམས། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་སོགས་སྲིད་ཇུས་འདྲ་མིན་ལག་བསྟར་གྱི་འོག་ནས་མི་མང་ལ་དབང་བའི་རྩྭ་སའི་བདག་དབང་གི་ཐོབ་ཐང་འཕྲོག་ཐབས་དང་། དེ་བཞིན། དབྱར་རྩྭ་ལ་སོགས་པའི་བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་འཕྲོག་སྟེ། གཞན་བརྟེན་མི་དགོས་པའི་བོད་མིའི་སྲོལ་རྒྱུན་གྱི་འཚོ་གནས་ལ་བསྒྱུར་བཅོས་ཀྱིས། རིམ་བཞིན་བོད་མི་ཚོ་རྒྱ་ནག་གཞུང་ལ་མི་བརྟེན་ཀ་མེད་ཆགས་ཐབས་བཟོ་བཞིན་ཡོད་ཅེས་བརྗོད་བྱུང་།

དེ་བཞིན། དབྱར་རྩྭ་དགུན་འབུ་རྐོ་བའི་གནད་དོན་དང་འབྲེལ་ནས། ཟླ་འདིའི་ནང་བོད་མཚོ་སྔོན་གྱི་མགོ་ལོག་ཁུལ་དར་ལག་རྫོང་དང་བྲག་དཀར་རྫོང་། ཁྲི་འདུ་རྫོང་། དེ་བཞིན་ནག་ཆུ་དང་ཡུལ་ཤུལ་ཁུལ་སོགས་ཀྱིས་ས་གནས་གཞན་གྱི་མི་རྫོང་ཁོངས་དེ་དག་གི་ནང་དབྱར་རྩྭ་བརྐོ་བར་ཡོང་མི་ཆོག་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། གསལ་བསྒྲགས་ནང་དུ་ཕྱི་མིས་དབྱར་རྩྭ་བརྐོ་རྒྱུ་བཀག་འགོག་བྱ་རྒྱུ་དང་། ཕྱི་མིར་དབྱར་རྩྭ་རྐོ་བཅུག་ཚེ་ཞིབ་བཤེར་གྱིས་ཐག་གཅོད་ནན་མོ་བྱ་རྒྱུ། གྲོང་རྡལ་དང་སྡེ་བ། ལས་ཁུངས། མི་སྒེར་བཅས་ལ་དབྱར་རྩྭ་རྐོ་བའི་གྲོས་མཐུན་འཇོག་པའི་དབང་ཆ་མེད་པ། དབྱར་རྩྭ་རྐོ་བའི་བཀག་སྡོམ་ལ་ཆ་འཇོག་མི་བྱེད་པར་ཁྲིམས་འགལ་གྱིས་དབྱར་རྩྭ་བརྐོ་མཁན་ལ་རྡུང་རྡེག་ནན་མོ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག་ལ། དབྱར་རྩ་རྐོ་བའི་སྐབས་སུ་ས་གནས་རང་གི་མི་མང་ནས་དབྱར་རྩྭའི་ཆོག་མཆན་ལག་འཁྱེར་ལག་ཏུ་འཛིན་དགོས་སྐོར་བརྗོད་འདུག

དབྱར་རྩ་རྐོ་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས།

ད་ལྟ་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ལ་བྲེལ་བཞིན་ཡོད་ཅིང་། ད་ལོའི་དབྱར་རྩྭ་དགུན་འབུའི་གོང་ཚད་མར་ཆག་སྲིད་པར་སེམས་འཚབ་བྱེད་མཁན་མང་པོ་འདུག་ལ། བོད་ཁུལ་དུ་ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་མཁན་ཇེ་མང་དང་དབྱར་རྩྭ་དགུན་འབུ་མང་བའི་ས་ཁུལ་ཁག་ཏུ་དཀའ་རྙོག་མང་པོ་བྱུང་གི་ཡོད་སྟབས། དབྱར་རྩྭ་དགུན་འབུ་རྐོ་ཚོང་དང་འབྲེལ་བའི་སྒྲིག་གཞི་བཟོས་ཡོད་པ་དཔེར་ན། ས་གནས་འགའ་རེ་ནས་སྤྱི་སྙོམ་ཡོང་ཆེད་ཉིན་བརྒྱ་དུས་གཅིག་ལ་དབྱར་རྩྭ་རྐོ་མགོ་འཛུགས་པ་སོགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese