མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གཞུང་གི་ཐེ་ཇུས་ཇེ་ཆེར་འགྲོ་མུས་ཡིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༥/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཞབས་ཕྱི་ཚོགས་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་སུ་དབང་ཤུགས་སྐྱེད་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཞུ་གཏུག་བྱེད་མཁན་མང་པོ་བཀག་སྡོམ་བྱེད་ཀྱིན་ཡོད་པ་ཐེར་འདོན་བྱས་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཞབས་ཕྱི་ཚོགས་པའི་སྙན་ཐོའི་མདུན་ངོས་ཀྱི་འབྲེལ་ཡོད་པར།

ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཞབས་ཕྱི་ཚོགས་པས( International Service for Human Right)  རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་སྤྱི་ཚོགས་འབྲེལ་ལམ་བཀག་སྡོམ་བྱེད་པར་འབད་བརྩོན་བྱེད་མུས་ཡིན་པ་(CHINA’S EFFORTS TO BLOCK CIVIL SOCIETY ACCESS TO THE UNITED NATIONS) དང་འབྲེལ་བའི་ཤོག་ངོས་ ༦༢ ཅན་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་ལས་འགུལ་བས་རྒྱལ་ཚོགས་སུ་ཞུ་གཏུག་བྱས་པའི་ལས་དོན་ ༤༡ ལ་འགོག་རྐྱེན་བཟོས་དང་བཟོ་མུས་ཡིན་སྐོར་སོགས་གསལ་འདུག

སྙན་ཐོ་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་སྤྱི་ཚོགས་འདུམ་སྒྲིག་གི་ལས་དོན་གཉེར་མཁན་གྱི་ཚོགས་པ་མང་པོ་ཞིག་གིས། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གོང་མཐོར་དང་། དམངས་གཙོའི་འགན་ཁུར་གྱི་འདུ་ཤེས་གོང་མཐོར་གཏོང་སླད་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཞབས་ཕྱི་མི་དམན་པ་ཞིག་སྒྲུབ་ཀྱི་ཡོད་ཅིང་། ཚོགས་ཁག་དེ་དག་གི་རོགས་འདེགས་དང་ཞབས་ཞུ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་མནར་གཅོད་མྱོང་མུས་ཡིན་པའི་མི་མང་རྣམས་ལ་འགེབ་སྲུང་དང་། བཙན་གནོན་འོག་ཡོད་པ་རྣམས་ལ་སྔར་མེད་ཀྱི་རང་དབང་གི་སྨྲ་ལྕེ་གསར་པ་ཞིག་སྤྲད་དེ། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་མི་དམན་པ་ཞིག་སྤྲད་ཡོད། ཅེས་དང་། ཕྱི་ལོ་ ༢༠༢༠ ནས་ ༢༠༢༤ སྟེ་འདས་པའི་མི་ལོ་ལྔ་ལྷག་གི་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་དོན་ཁག་ལ་ཆ་ཤས་ལེན་སྐབས། རྒྱ་ནག་གཞུང་གིས་ཚོགས་ཞུགས་རྒྱལ་ཁབ་ཀྱི་དབང་ཆ་བེད་སྤྱད་དེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དྲི་བ་མི་འདྲ་བ་ ༧༤༧ དྲིས་པའི་ཁྲོད་ནས་ལོ་རེར་ཚོགས་པ་དེ་དག་ལ་དྲི་བ་མི་འདྲ་བ་ ༡༤༩ རེ་དྲིས་ཏེ།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་སྒེར་མང་པོར་གནོན་ཤུགས་སྤྲད་ཡོད། ཅེས་གསལ་འདུག

སྙན་ཐོའི་ནང་གསལ་བ་ལྟར་ན། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་བཀག་སྡོམ་བྱས་པའི་ཞུ་གཏུག་དེ་དག་གི་ཁྲོད། རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་གྱི་ཚོགས་པ་(women’s rights and gender equality ) དང་། རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་གི་ཐེབས་རྩ་(Global Fund for Women’s Rights )། དེ་བཞིན་མ་ལ་ལའི་ཐེབས་རྩ་སོགས་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་གནད་དོན་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ་ ༡༥ ཡིས་དྲིས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། ཆོས་དད་རང་མོས་ཀྱི་གནད་དོན། མི་རིགས་རྩ་མེད་བཟོ་ཐབས་བྱེད་མུས་ཡིན་པའི་སྲིད་ཇུས་དང་འབྲེལ་བའི་གནད་དོན་སོགས་ཚུད་ཡོད།  ཅེས་དང་། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བརྩོན་ལེན་བྱེད་མཁན་གྱི་གཞུང་ཁོངས་མིན་པའི་ཚོགས་པའི་དྲ་ཚིགས་སུ་ཐའེ་ཝན་དང་ཧོང་ཀོང་། མཱ་ཁའོ་བཅས་ལ་རྒྱ་ནག་གི་ཐའེ་ཝན་ཞིང་ཆེན་དང་རྒྱ་ནག་གི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ། དེ་བཞིན་རྒྱ་ནག་གི་མཱ་ཁའོ་དམིགས་བསལ་སྲིད་འཛིན་ས་ཁུལ་ཞེས་བྲིས་ཡོད་མེད་སོགས་ལ་ཞིབ་བཤེར་བྱས་ཡོད་འདུག

ཡང་སྙན་ཐོའི་ནང་། ཞི་ཅིན་ཕིང་གིས་རྒྱ་ནག་གི་དབང་ཆ་བཟུང་རྗེས།  རྒྱལ་ནང་གི་སྤྱི་ཚོགས་ཁྲོད་དྲག་གནོན་ཤུགས་ཆེན་བྱས་ཏེ། མི་མང་གི་མངོན་འདོད་སྣང་མེད་དུ་བཞག་ནས་དབང་ཆ་སྒེར་སྤྱོད་ཀྱི་སྟངས་འཛིན་ཤུགས་ཇེ་ཆེར་བཏང་ཡོད་སྟབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ལྷག་པར་དུ་སུད་སི་ཇི་ནི་ཝ་རུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ནི། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོས་ཞུ་གཏུག་དང་དེབ་འགོད། དཔང་པོ་བྱེད་པའི་ལམ་ཁ་མཐའ་མར་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་གཞུང་སྒེར་ཁག་གི་དྲ་ལམ་སོགས་ནས་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་མིང་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་སྐོར་ལ་འདྲི་རྩད་བྱེད་སྐབས། འཆར་ངོས་སུ་ཁྱེད་རང་གིས་འབྲི་ནོར་ཐེབས་སོང་ཞེས་གསལ་བ་ལས། ཞུ་གཏུག་དང་སྙན་ཞུའི་རིགས་འབུལ་ཐུབ་ཀྱི་མེད་པའི་ཁར། བོད་དང་། ཡུ་གུར། ཧོང་ཀོང་བ་སོགས་ཀྱི་ལས་འགུལ་བ་རྣམས་ལ་གནོན་ཤུགས་དང་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་ཀྱི་ཡོད། ཅེས་གསལ་འདུག

རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་གྲས་ཀྱི་གཅིག་དང་། ཨ་རི་དང་ཨུ་རུ་སུའི་མཉམ་དུ་བདེ་འཇགས་ལྷན་ཚོགས་(Security Council) ཀྱི་གཏན་འཇགས་འཐུས་མི་ལྔའི་གྲས་ཀྱི་གཅིག་ཡིན་འདུག འདི་ལོར་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་འགྲོ་གྲོན་གྱི་ལྔ་ཆ་གཅིག་འདོན་སྤྲོད་བྱ་རྒྱུ་ཡིན་སྟབས། དེ་ནི་ཨ་རི་ཕུད་པའི་རྒྱལ་ཚོགས་སུ་མ་དངུལ་མང་ཤོས་གཏོང་མཁན་དེ་ཆགས་ཡོད་ཀྱང་།  འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ནས་ཕྱིར་འཐེན་དང་རྒྱལ་ཚོགས་ལ་སྤྲོད་བཞིན་པའི་རོགས་དངུལ་མཚམས་འཇོག་གནང་ཡོད་སྟབས། ད་ལྟ་རྒྱ་ནག་ནི་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་ཀྱི་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་དེར་གྱུར་ཡོད།

སྤྱིར་ལོ་ལྟར་ཇི་ནི་ཝ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་དུས་བཀག་བསྐྱར་ཞིབ་ཀྱི་ལྷན་ཚོགས་འཚོག་གི་ཡོད་ཅིང་། འདས་ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཀྱི་ལྷན་ཚོགས་ཐེངས་བཞི་པ་དང་བསྟུན། རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་སྟོན་གྱི་ཟུར་ཚོགས་ཤིག་ཀྱང་སྐོང་འཚོག་གནང་ཡོད་ཅིང་། ལྷན་ཚོགས་དེར་སྐབས་དེའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨུ་ཛ་ར་ཛེ་ཡ་ (Uzra Zeya) མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་བཅས་ཀྱིས་མཉམ་ཞུགས་གནང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་ཅན་དུ་གྱུར་ཡོད་པའི་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese