མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་མཚོ་གྲུའི་དོན་རྐྱེན་བྱུང་ནས་མི་གྲངས་ ༡༠ རྐྱེན་འདས་སུ་གྱུར། 

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ལྷོ་ནུབ་རྒྱུད་ཀྱི་ཀོ་ཀྲུས་ཞིང་ཆེན་ཆིན་ཤི་གྲོང་ཁྱེར་གྱི་གཙང་པོའི་ཁུལ་དུ་མཚོ་གྲུ་བཞི་ཆུའི་ནང་ཁ་སྦུབས་ནས་ནུབ་སྟེ་མི་གྲངས་ ༡༠ རྐྱེན་འདས་དང་། མི་གྲངས་ ༧༠ ལྷག་ལ་རྨས་སྐྱོན་ཕོག

An aerial drone photo of the rescue operation in Qianxi City in southwest China’s Guizhou Province on May 4, 2025. Photo:Xinhua/Shutterstock

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་ལྷོ་ནུབ་རྒྱུད་ཀྱི་ཀོ་ཀྲུས་(Guizhou) ཞིང་ཆེན་གྱི་ཆིན་ཤི་( Qianxi ) གྲོང་ཁྱེར་གྱི་གཙང་པོར་མཚོ་རླུང་དང་གནམ་གཤིས་འགྱུར་ལྡོག་གི་དབང་གིས་མཚོ་གྲུ་བཞི་ཆུའི་ནང་ཁ་སྦུབས་ནས་ནུབ་སྟེ། མི་གྲངས་ ༨༤ ཆུའི་ནང་ལྷུང་ཡོད་པའི་ཁྲོད། ཉུང་མཐར་མི་གྲངས་ ༡༠ རྐྱེན་འདས་དང་། མི་གྲངས་ ༧༠ ལྷག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད་ཅིང་། ད་ལྟའང་རྐྱེན་འདས་སུ་གྱུར་བའི་མི་གཅིག་གི་ཕུང་པོ་ལག་སོན་བྱུང་མེད་པ་རེད།

གནད་དོན་དེའི་ཐད་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། ང་ཚོས་ཚད་མཐོ་བོའི་ཐོག་ནས་མྱུར་སྐྱོབ་དང་ཕུང་པོ་འཚོལ་ཞིབ་ཀྱི་ལས་དོན་ལ་གཞོལ་དགོས་པའི་སྐུལ་མ་བྱས་ཡོད། ཉེ་ལམ་འདི་དང་འདྲ་བའི་དོན་རྐྱེན་ཁག་ཅིག་འབྱུང་གི་འདུག་པས། ཚང་མས་བདེ་འཇགས་ཀྱི་ཆེད་སྐྱོབ་ཐག་རིགས་གདག་རྒྱུ་གལ་ཆེན་པོ་རེད། ཅེས་བཤད་འདུག་ལ། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱིས་རྒྱ་ནག་གི་ཡུལ་སྐོར་བའི་ས་ཚིགས་ཁག་ཏུ་རྩེད་རིགས་དང་སྤྲོ་འཆམ་གྱི་ལས་ལ་འཇུག་སྐབས། ངེས་པར་དུ་ཉེན་སྲུང་དང་བདེ་འཇགས་ཀྱི་ལས་དོན་རྣམས་གཉེར་དགོས་པའི་ནན་སྐུལ་བྱས་འདུག

ཕྱི་ཚེས་ ༤ ཉིན་དོན་རྐྱེན་འབྱུང་སའི་ཡུལ་དངོས་སུ་གློ་བུར་དུ་གནམ་གཤིས་འགྱུར་ལྡོག་བྱུང་ནས་དྲག་ཆར་བབས་པ་དང་མཚོ་ངོས་སུ་སྨུག་པ་འཐིབས་ཡོད་ཅིང་། རྒྱ་ནག་གི་གནམ་དཔྱད་ཚན་པས་(China Meteorological Administration ) ཉིན་དེར་རྒྱ་ནག་གི་ལྷོ་རྒྱུད་དང་ལྷོ་ནུབ་ཁུལ་དུ་དྲག་ཆར་ཤུགས་ཆེན་འབབ་ཉེན་ཡོད་པས་ཉེན་སྲུང་བྱ་དགོས་པའི་སྔོན་བརྡའང་བཏང་ཡོད་འདུག རྒྱ་ནག་གཞུང་གིས་དོན་རྐྱེན་འབྱུང་སྐབས། ཉེན་རྟོག་པ་དང་མེ་གསོད་རུ་ཁག དེ་བཞིན་སྨན་པ་སོགས་ཚུད་པའི་མི་གྲངས་ ༥༠༠ ལྷག་ཆེད་གཏོང་བྱས་ཏེ། མྱུར་སྐྱོབ་ཀྱི་ལས་དོན་ལ་གཞོལ་ཡོད་སྐོར་སོགས་བསྒྲགས་འདུག

དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་ལྷོ་ནུབ་རྒྱུད་ཀྱི་ཀོ་ཀྲུས་ཞིང་ཆེན་གྱི་མཚོ་གླིང་ཁུལ་དུ། མཚོ་རླབས་རྒྱས་པ་དང་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས། མཚོ་གྲུ་ཁ་སྦུབས་ནས་ཆུར་ནུབ་སྟེ། མི་གྲངས་ ༨ རྐྱེན་འདས་སུ་གྱུར་བའི་དོན་རྐྱེན་བྱུང་ཡོད་པའི་མུར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གི་ཝུ་གྲོང་(Wuzhong) རྫོང་ཁུལ་དུ་ཐད་འཕུར་གནམ་གྲུ་ཞིག་ལ་དོན་རྐྱེན་བྱུང་ནས་མི་གཅིག་རྐྱེན་འདས་དང་བཞི་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

སྐར་མ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

༢༠༢༦/༠༩/༡༦
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

༢༠༢༦/༠༩/༡༦
Front Slider

བསྟན་བདག་བླ་ཆེན་རྣམ་པས་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན་ཁག

༢༠༢༦/༠༩/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese