མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་བསྐྱར་དུ་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིར་ལངས་ཏེ་སྔོན་འགྲོའི་འོས་བསྡུའི་ཁྲོད་ཚད་མཐོའི་རྒྱལ་ཁ་ཐོབ་འདུག

Aftab Pureval elected mayor of Cincinnati. SpectrumNews1

ཉེ་ལམ་ནས་ཨ་རིའི་ཨོ་ཧ་ཡོ་ (Ohio) མངའ་སྡེའི་ནང་གི་སིན་སིན་ན་ཊི་ (Cincinnati) གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིའི་སྔོན་འགྲོ་འོས་བསྡུ་བྱེད་སྐབས། བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ (Aftab Karma Singh Pureval) ལགས་བསྐྱར་དུ་སིན་སིན་ན་ཊི་ (Cincinnati) གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མིར་ལངས་ཏེ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་འདུག

འདི་ལོའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་ལ་ལང་མཁན་འོས་མི་གསུམ་ཡོད་པའི་ཁྲོད། ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་བརྒྱ་ཆ་ ༨༢།༥༣ ཐོབ་ཡོད་ཅིང་། འོས་གྲངས་དེ་ནི་ཁོང་གྲོང་ཁྱེར་སྤྱི་ཁྱབ་པ་ཆགས་པར་རྒྱབ་སྐྱོར་ཚད་མཐོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག་ལ། ད་ལན་ཁོང་གི་ཁ་གཏད་དུ་ལང་མཁན་གོ་རེ་ཝན་སི་ (Cory Vance) ལགས་སུ་འོས་གྲངས་བརྒྱ་ཆ་ ༡༢།༩༡ དང་བྷི་རེན་ཧྥི་རན་ཁུ་ (Brian Frank) ལགས་སུ་འོས་གྲངས་བརྒྱ་ཆ་ ༤།༤༥ བཅས་ཙམ་ལས་ཐོབ་མེད་པ་དང་། གོ་རེ་ཝན་སི་ལགས་ནི་ཨ་རིའི་སྲིད་འཛིན་གཞོན་པ་ཇའེ་ཌི་ཝན་སིའི་ (J.D. Vance) བུ་སྤུན་ཡིན་འདུག

ཟླ་འདིའི་ཚེས་ ༦ ཉིན་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་ཨེག་སི་དྲ་ཚིགས་སྟེང་། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་གི་དངོས་གཞི་འོས་བསྡུའི་ཆེད་འོས་བླུག་རྒྱུ་བྱུང་བར་དགའ་སྤོབས་བྱུང་ལ། ད་དུང་ང་ཚོར་སིན་སིན་ན་ཊིའི་ནང་བྱ་དགོས་པའི་ལས་ཀ་མང་པོ་མདུན་དུ་ཡོད། འོན་ཀྱང་། འདས་པའི་ལོ་ངོ་འགའི་རིང་ང་ཚོས་ལས་དོན་མང་པོ་ཞིག་བསྒྲུབས་ཐུབ་པ་ནི་ཧ་ཅང་དགའ་སྤོབས་སྐྱེས་འོང་བ་ཞིག་ཡིན། ཞེས་བརྗོད་འདུག

འདི་ལོའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པའི་དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བྱེད་གཏན་ཁེལ་ཞིང་། དངོས་གཞིའི་འོས་བསྡུའི་ནང་ ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་དང་།  གོ་རེ་ཝན་སི་ལགས་གཉིས་བར་འོས་འགྲན་བྱ་རྒྱུ་ཡིན་པ་རེད། བྷི་རེན་ཧྥི་རན་ཁུ་ (Brian Frank) ལགས་སུ་འོས་གྲངས་ཀྱི་བརྒྱ་ཆ་ ༤།༤༥ ཙམ་ལས་ཐོབ་མེད་པས་དངོས་གཞིའི་ནང་ཞུགས་པའི་ཆ་རྐྱེན་མ་ཚང་སྟབས་འོས་བསྡུ་ལས་རང་བཞིན་གྱིས་ཕུད་ཡོད་འདུག

ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཐོག་མར་ཕྱི་ལོ་ ༢༠༢༡ ལོར་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་མི་ལངས་ཏེ། ལོ་དེའི་ཟླ་ ༡༡ ཚེས་ ༣ ཉིན་དངོས་གཞིའི་ཁྲོད་རྒྱལ་ཁ་ཐོབ་སྟེ། བོད་རིགས་ཨ་རི་བ་ཞིག་ཐེངས་དང་པོར་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་སྤྱི་ཁྱབ་པར་འོས་འདེམས་བྱུང་བའི་ཟིན་ཐོ་བཀོད་ཡོད། ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་དེ་སྔ་ཨ་རིའི་ཨོ་ཧའོ་མངའ་སྡེའི་ཧ་མིལ་ཊོན་ (Hamilton County) རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཆེན་མོའི་ལས་འཁུར་ཞུས་མྱོང་འདུག་ལ། དེ་ནི་ས་གནས་སུ་ལོ་ངོ་ ༡༠༠ ལྷག་གི་རིང་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་མི་ཞིག་ཁྲིམས་དྲུང་ཆེན་མོར་བསླེབས་པ་ཐོག་མ་དེ་ཆགས། དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཁོང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་ཏེ་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་བ་ཐེངས་དང་པོ་ཆགས་ཡོད་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་ཁོང་གིས་རང་ཉིད་ཀྱི་ཕ་མའི་མི་རིགས་ལ་བརྟེན་ནས། རང་ཉིད་བོད་མི་ཨ་རི་བ་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པར་སྤོབས་པ་སྐྱེས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ནང་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་སྣེ་འཁྲིད་དེ་གྲོང་ཁྱེར་དེའི་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་ཕེབས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཐུག་འཕྲད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་གཟིགས་སྐོར་དུ་ཕེབས་ཡོད།

ད་ལྟ་རང་ལོ་ ༤༢  ཡིན་པའི་ཀརྨ་ལགས་ཀྱི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་བྱས་ཏེ། ཕྱིས་སུ་ལྡི་ལི་མཐོ་སློབ་ནང་སློབ་སྦྱོང་བྱེད་སྐབས། རྒྱ་གར་པན་ཇབ་མི་རིགས་ཡིན་པ་བྷི་རིག་ཨ་རྗེ་ཐི་སིང་ (Brig Ajit Singh) ཞེས་པ་དང་ཐུག་ནས་གཉེན་སྒྲིག་བྱས། ཕྱིས་སུ་ཨ་རིར་གནས་སྤོར་བྱས་ཏེ་ཕྱི་ལོ་ ༡༩༨༢ ལོར་ཀརྨ་ལགས་ཨོ་ཧའོ་ཞེ་ནི་ཡ་ (Xenia) གྲོང་ཁྱེར་དུ་སྐྱེས་ཡོད་པ་དང་། ཁོང་གིས་ཁྲིམས་ལུགས་རིག་པར་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་ ༡༩༩༤ ལོར་ཁོང་དགུང་གྲངས་ ༡༣ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་ཕྱིན་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་(Dr. Whitney June Whitis)དང་གཉེན་སྒྲིག་བྱས་ཏེ། བུ་ཆུང་བྷོ་དྷི་ (Bodhi) ཞེས་པ་ཞིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༧ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese