མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སར་མི་ ༣༡ འཛིན་བཟུང་བྱས་ཏེ་འཁྲུག་འཛིང་ནང་ཞུགས་ཚེ་རྒྱ་ནག་གི་དམག་མི་དང་གཞུང་ཞབས་ཀྱི་ལས་ཀར་འཛུལ་ཞུགས་བྱེད་མི་ཆོག་པའི་ཉེན་བརྡ་བཏང་འདུག

The people involved in the brawl received administrative penalties on Friday. Photo: Handout (SCMP)

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༤ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ནུབ་ཁུལ་དུ་མི་མང་མཉམ་རུབ་ཀྱི་འཁྲུག་འཛིང་དོན་རྐྱེན་ཞིག་བྱུང་ཡོད་པ་དང་། རྒྱ་གཞུང་གིས་དོན་རྐྱེན་དེ་རང་བཙན་ནམ་ཡང་ན་འཇིགས་སྐུལ་བའི་བྱ་སྤྱོད་སྤེལ་བར་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས་ཏེ་ཉེས་ཆད་བཅད་ཡོད་འདུག

ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་དེའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འཁྲུག་འཛིང་དོན་རྐྱེན་དེ་ལྷ་ས་གྲོང་ཁྱེར་གྱི་ཆང་ཁང་ཞིག་གི་ནང་བྱུང་ཡོད་སྐོར་དང་།འཁྲུག་འཛིང་རྒྱག་མཁན་ཚང་མ་བྲོས་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་རྗེས་འདེད་བྱས་ཏེ་མི་གྲངས་ ༣༡ འཛིན་བཟུང་བྱས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་ནུབ་ཁུལ་དུ་རང་བཙན་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བར་དོགས་ཟོན་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

ཡང་གསལ་བསྒྲགས་དེའི་ནང་།  བོད་ནང་དུ་འཁྲུག་འཛིང་གི་དོན་རྐྱེན་ནང་མཉམ་ཞུགས་བྱས་ཚེ། རྒྱ་ནག་གི་དམག་མིའི་ནང་ཞུགས་པ་དང་གཞུང་ཞབས་ཀྱི་ལས་ཀར་འཛུལ་ཞུགས་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། འཁྲུག་འཛིང་ཁྲོད་རྨས་སྐྱོན་དང་སྲོག་སྐྱོན་བཟོས་ཚེ་དངུལ་ཆད་ཕོན་ཆེན་དང༌། བཙོན་འཇུག སྲོག་ཁྲིམས་ཀྱང་གཅོད་རྒྱུ་ཡིན་སྐོར་དང་། དེ་བཞིན་འཁྲུག་རྩོད་ཀྱི་ནང་དུ་མཉམ་ཞུགས་བྱས་ཏེ་རྒྱལ་ཁ་ཐོབ་མཁན་རྣམས་བཙོན་ཁང་དུ་འཇུག་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་དེའི་སྐོར་ལ་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་དང་བོད་ནང་དུ་རྒྱ་གཞུང་གིས་མི་ཚོགས་འདུ་འཛོམས་དང་འཁྲུག་འཛིང་བྱུང་བའི་དོན་རྐྱེན་ཐོག་དམིགས་བསལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད།རྒྱ་ནག་དབང་འཛིན་པ་ཚོས་བོད་ནང་དུ་ཉེན་རྟོག་པའི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་བརླིང་དང་། རང་བཙན་ལས་འགུལ་གྱི་དོན་རྐྱེན་ལ་དམིགས་ཏེ་རྟག་ཏུ་འགོག་རྒོལ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཁྲིན་ཝིན་ཆིང་བོད་ཀྱི་རྒྱལ་ས་དང་དཀར་མཛེས་སོགས་སུ་སྐོར་བསྐྱོད་བྱས། ༢༠༢༤།༠༩།༡༠-༡༣ རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་པར།

འདས་ལོར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་ཚོགས་གཙོ་ཁྲིན་ཝིན་ཆིང་གིས་བོད་རང་སྐྱོང་ལྗོངས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་སྐོར་སྐྱོད་དུ་ཕྱིན་ཏེ་དམག་མི་རྣམས་ཀྱིས་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་དམ་དྲག་ཤུགས་ཆེན་བྱ་དགོས་སྐོར་བཀོད་མངགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པའི་ནང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་བོད་སྐོར་གྱི་ཚོགས་འདུ་ཞིག་གི་ཐོག བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་གལ་ཆེན་ཞིག་ཡིན་པ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་ཅེས། བོད་ལྗོངས་ཀྱི་གོང་འོག་ཚང་མས་བོད་བརྟན་ལྷིང་ཐོག་སྔར་ལས་ཤུགས་གནོན་རྒྱག་དགོས་སྐོར་བཀའ་བཏང་ཡོད་པ་རེད།

ལོ་ལྟར་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་དང་། བོད་ཀྱི་གསུམ་བཅུའི་དུས་དྲན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར། དེ་བཞིན་བོད་ཀྱི་ལོ་སར་སོགས་ཀྱི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོ་གྱུར་བའི་མི་མང་འདུ་འཛོམས་བྱེད་ས་ཆེ་ཁག་ཏུ་དམག་མི་འབོར་ཆེན་འགྲེམ་འཇོག་བྱས་ཏེ། མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དོགས་ཟོན་ནན་མོ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese