མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ནང་པའི་རྒྱལ་ཁབ་ཁག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་སུམ་ཅུ་འཁོར་བའི་ཉིན་མོ་སྲུང་གཙི་ཞུས་ཏེ། རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་སྐོར་ལ་གླེང་སློང་ནན་ཏན་བྱ་དགོས་པའི་སྐུལ་མ་བྱས་འདུག

Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་ཡོད་སྟབས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གཞུང་ནས་༧པཎ་ཆེན་རིན་པོ་མཆོག་དང་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་མ་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས།  དམིགས་བསལ་ནང་པའི་མི་འབོར་མང་བའི་འཛམ་གླིང་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། སོག་པོ། ཐའེ་ཝན་དང་རྒྱ་གར་སོགས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་སུམ་ཅུ་འཁོར་བའི་ཉིན་མོ་སྲུང་གཙི་ཞུས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གཙོས་ཆོས་དད་རང་དབང་སོགས་ཀྱི་སྐོར་ལ་གླེང་སློང་ནན་མོ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལ་མཚོན་ན་༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་སུམ་ཅུ་འཁོར་བའི་ཉིན་མོ་དེ་ནི། རྒྱ་ནག་གཞུང་ནས་འདས་པའི་ལོ་ངོ་ ༦༦ རིང་བོད་མི་མང་གི་ཐོག་ཏུ་སྤེལ་བཞིན་པའི་དྲག་གནོན་མཚམས་འཇོག་བྱེད་དགོས་པར་སྐུལ་མ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་སྐོར་ཡང་བརྗོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་པ་ཡལ་ཀུན་ཝུ་ཨོལ་ལགས་ཀྱིས། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་དགུང་ལོ་དྲུག་ཡིན་སྐབས། ཁོང་གི་ཡབ་ཡུམ་གཉིས་དང་ནང་མི་སྐུ་འཁོར་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ཏེ། འདས་པའི་ལོ་ངོ་ ༣༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་འདེམས་སྒྲུག་དང་བོད་ཀྱི་ནང་ཆོས་ཐོག་དམ་དྲག་བྱས་ཡོད། ཅེས་དང་། དོ་ཁུར་ཆེ་བའི་འབྲེལ་ཡོད་གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་གིས་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་སྐུ་འཁོར་བཅས་ཀྱི་རང་དབང་སྲུང་སྐྱོབ་བྱེད་དགོས། ཞེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་གནས་ཚུལ་ནང་། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་པར་ལོ་རྒྱུས་ཡུན་རིང་ལྡན་པའི་འགན་གལ་ཆེན་བཞེས་ཡོད། ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུ་བདག་གེར་བཞེས་པའི་གོ་སྟོན་འཁྲུངས་སྐར་ཡིན་པས། ༧མགོན་པོ་གང་ཉིད་ཀྱི་སྐུའི་ཡང་སྲིད་དང་བོད་བརྒྱུད་ནང་བསྟན་གྱི་མ་འོངས་པ། དེ་བཞིན། བོད་མི་མང་གི་ལས་དབང་བཅས་ཀྱི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་སྡེ་ལྔ་ཡིས། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཉེར་ལྔ་འགོར་བར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དད་ལ་རྡོག་རོལ་གཏོང་མུས་ཡིན་པའི་གནས་བབ་གླེང་སློང་བྱས་ཡོད་པ་མ་ཟད། ༧པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་མཁོ་སྤྲོད་དགོས་པའི་སྐུལ་མ་བྱས་ཡོད། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ད་ལྟ་རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ། ད་དུང་གསར་འགོད་པ་སོགས་བོད་ནང་རང་དབང་གི་ཐོག་ནས་བསྐྱོད་དུ་འཇུག་དགོས་འབོད་སྐུལ་ཡང་བྱས་འདུག

༧པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་ཕྱག་ལས་གནང་མཁན་བཀྲ་ཤིས་ལྷུན་པོའི་མཁན་པོ་བྱ་བྲལ་རིན་པོ་ཆེ་དང་། བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་སུམ་ཅུ་ལྷག་འཛིན་བཟུང་བྱས་ཏེ། ད་ལྟའང་བྱ་བྲལ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་དང་བདེ་འཇགས་ཡིན་མིན། གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་ཁག་ཅིག་ལ་བཙན་བཀའ་བཏང་སྟེ། རྒྱལ་མཚན་ནོར་བུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ལ་ངོས་འཛིན་བྱེད་དུ་བཅུག་ཡོད་པ་དང་རྒྱལ་མཚན་ནོར་བུའི་ཕ་མ་གཉིས་ནི་རྒྱ་ནག་དམར་ཤོག་གི་ཚོགས་མི་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བརྗོད་འདུག

ཡང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནས་ངོས་འཛིན་གནང་བའི་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་པ་དང་ཁོང་མི་སུ་གཅིག་ཀྱང་ཐུག་འདོད་མེད་སྐོར་གྱི་གནས་ཚུལ་ཞིག་ཕྱིར་བསྒྲགས་ཡོད། འོན་ཀྱང་། ད་སྔ་བར་༧པཎ་ཆེན་རིན་པོ་ཆེ་མཆོག་དངོས་འབྲེལ་སྐུ་འཚོགས་ཡིན་མིན་དང་རྒྱ་ནག་གཞུང་གིས་ཁོང་མི་ག་འདྲ་ཞིག་ཏུ་སྐྱེད་བསྲིང་བྱས་ཡོད་མེད་ཐད་བསམ་ཚུལ་འདྲ་མིན་བྱུང་དང་འབྱུང་མུན་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཚོགས་སྡེ་ཁག་གཅིག་གིས་ཀྱང་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་ལ་ད་དུང་ཡང་ཤེས་རྟོགས་གསར་པ་གང་ཡང་བྱེད་མ་ཐུབ་པར་ལྷག་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese