མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་མ་ཟད་། བོད་ཀྱི་ཆོས་ལུགས་དད་མོས་ཐོག་བཙན་གནོན་བྱེད་མཚམས་འཇོག་དགོས་ཞེས་གསུངས་འདུག

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi

ཁ་སང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་དང་བསྟུན། ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རོ་བྷའོ་(Marco Rubio) མཆོག་གི་མཚན་ཐོག་ནས་ཕྱི་སྲིད་ལས་ཁུངས་ཀྱི་དྲ་ལམ་ཐོག་ཏུ་གསར་འགོད་བསྒྲགས་གཏམ་ཞིག་གནང་ཡོད་པའི་ནང་། འདི་ལོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་ཆགས་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བུ་ཆུང་འདི་ཉིད་བོད་ཀྱི་གལ་གནད་ཆེ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཏུ་ངོས་འཛིན་མཛད་པའི་ཉིན་འགའི་རྗེས་སུ། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་བཙན་ཁྲིད་བྱས་ཏེ་ད་ལྟ་བར་མཐོང་རྒྱུ་མེད་པར་གྱུར་ཡོད། རྒྱ་གཞུང་གིས་༧པཎ་ཆེན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་མ་ཟད། བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་ཐོག་བཙན་གནོན་བྱེད་མཚམས་འཇོག་དགོས། ཞེས་གསུངས་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨ་ནོར་ཨེལ་ཨ་ནོ་ནི་ (Anouar El Anouni) མཆོག་གིས་སྒེར་གྱི་ཨེག་སི་དྲ་ལམ་ཐོག རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་བཙན་བཟུང་བྱས་ཏེ་ལོ་ངོ་ ༣༠ འགོར་ཡོད་ཀྱང་། ད་ལྟ་བར་དུ་ཁོང་གར་ཡོད་ཀྱི་གནས་སྟངས་གསལ་ཁ་གང་ཡང་བྱུང་མེད། ང་ཚོས་ཁོང་གི་སྐུ་གཟུགས་བདེ་ཐང་ལ་སེམས་འཚབ་བྱེད་བཞིན་ཡོད། སྲིད་གཞུང་གི་ཐེ་གཏོགས་མེད་པར་མི་སྒེར་དང་ཚོགས་སྡེ་ཁག་གིས་རང་དབང་ཐོག་རང་ཉིད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་འོས་འདེམས་བྱེད་ཆོག་པ་ཞིག་ཡིན། ཞེས་གསུངས་འདུག

ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨན་ཌི་རེ་ཌི་ཕ་རི་མའོ་(Andrea De Priamo) ལགས་ཀྱིས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་གཙོ་བོར་བཟུང་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་ཚབ་ཏུ་མི་གཞན་ཞིག་བསྐོ་བཞག་བྱས་ཡོད་ཀྱང་། བོད་ཀྱི་ཆོས་ཕྱོགས་ནས་ཡང་དག་པའི་ངོས་འཛིན་མེད་པས་བོད་མི་རྣམས་ཀྱིས་ངོས་ལེན་བྱས་མེད།  མ་འོངས་པར་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཐོག་ནས་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་གསལ་བོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་དྲང་བདེན་ཐོག་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཀློད་གྲོལ་གཏོང་དགོས་པའི་གསར་འགོད་བསྒྲགས་གཏམ།  ༢༠༢༥།༠༥།༡༨

གཞན་ཡང་། འཇར་མན་ཆོས་ལུགས་ལྷན་ཚོགས་ཀྱི་སྐུ་ཞབས་ཧྥ་རན་ཁི་སི་ཆེ་བ་བྷི་(Frank Schwabe) ལགས་ཀྱིས། རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་མྱུར་དུ་ཀློད་གྲོལ་གཏོང་དགོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་སྒོ་ནས་བོད་ཀྱི་ནང་པར་རང་དབང་ཐོག་ནས་ཆོས་ལུགས་ཉམས་ལེན་བྱ་འཇུག་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ངོས་འཛིན་བྱ་རྒྱུ་ལས་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་གཏོགས་བྱ་མི་ཆོག ཅེས་གསུངས་འདུག

ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གཙང་གི་གདན་ས་བཀྲ་ཤིས་ལྷུན་པོ་རུ་གློ་བུར་དུ་སྐུ་གཤེགས་རྗེས། སྐུ་གོང་མ་རྣམས་ཀྱི་མཛད་སྲོལ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་རྩད་འཚོལ་དབུ་འཛུགས་མཛད། ཕྱི་ལོ་ ༡༩༩༡ ལོར་ཡང་སྲིད་བོད་ནང་ཕེབས་ཡོད་པ་མཁྱེན་རྟོགས་བྱུང་སྟེ། རྒྱ་ནག་གཞུང་ལ་ཡིག་འབྲེལ་བརྒྱུད་ནས་ཡང་སྲིད་རྩད་འཚོལ་ཐད་སྐུལ་མ་གནང་ཡོད་ཀྱང་ལན་མ་བྱུང་བར་བརྟེན། མཐར་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་མཆོག་ནས་བོད་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་ལགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་ལགས་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། སྐབས་དེར་དགུང་ལོ་ ༦ ལ་སོན་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་ལགས་༧པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་དེ། མཚན་དུ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཡོད་པ་རེད། འོན་ཀྱང་། ངོས་འཛིན་མཛད་དེ་ཉིན་གྲངས་ ༣ ལས་མ་འགོར་བར་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཡང་སྲིད་མཆོག་གི་དབུས་ཡབ་ཡུམ་སྐུ་འཁོར་དང་བཅས་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༣༠ འགྲོ་བཞིན་ཡོད་པ་དང་། ད་ལྟའང་ཁོང་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། བོད་མི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་ཡང་ཡང་འདྲི་རྩད་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་ལ། བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་འཛམ་གླིང་ཐོག་གི་དགུང་ལོ་ཆུང་ཤོས་དང་གར་ཡོད་ཆ་མེད་དུ་བཏང་ཡུན་རིང་ཤོས་ཀྱི་བཙོན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese