མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་གིས་མཐོ་འབྲིང་ཐོན་ཟིན་པའི་སློབ་ཕྲུག་རྣམས་དམར་དམག་ནང་ཞུགས་ཆེད་ཨན་ཧྥེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་བཅས་ཀྱི་ནང་མི་དམངས་བཅིངས་གྲོལ་དམག་གི་སློབ་ཆེན་ཁག་གསུམ་གསར་འཛུགས་ལེགས་སྒྲིག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།

ཉེ་ལམ་རྒྱ་ནག་གཞུང་གིས་ཇིང་བྷིན་(Jiang Bin) ཟེར་བ་ཞིག་རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པར་བསྐོས་ཏེ། ཁོའི་ཐོག་དང་པོའི་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱིས་རྒྱ་ནག་གི་ཨན་ཧྥེ་ཞིང་ཆེན་དང་། ཝུ་ཧན་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར་བཅས་སུ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བའི་སྐམ་དམག་དམག་རིགས་སློབ་གྲྭ་ཟེར་བ་ཞིག་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མཉམ་སྒྲུབ་འགན་སྲུང་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན་བཅས་སློབ་ཆེན་གསུམ་གསར་འཛུགས་དང་ལེགས་སྒྲིག་ཟེར་བ་ཞིག་བྱས་ཏེ་མཐོ་འབྲིང་སློབ་ཐོན་སློབ་མ་རྣམས་བསྡུ་འཆར་འདུག

རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་སོགས་སུ་མཐའ་མཚམས་བདེ་སྲུང་སོགས་ཀྱི་སླད། བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཆེད་དུ་དམག་ཁོངས་སུ་ཞུགས་བཅུག་གི་ཡོད་ཅིང་། འདི་གའི་གསར་འགོད་པར་འབྲེལ་ཡོད་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། རྒྱ་ནག་གཞུང་གི་དམག་དོན་གྱི་དོན་ཚན་ ༡༥ པའི་དགོངས་དོན་ཇི་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ནས་ཕོ་ལོ་བཅོ་བརྒྱད་སོན་པའི་སྐྱེས་པ་དག་གིས། རྒྱལ་ཁབ་ཀྱི་དམག་དོན་ཞབས་ཞུ་ཆེད་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ སྔོན་ལ་ཐོ་འགོད་བྱས་ཟིན་པ་དགོས་པ་བཞིན། འདི་ལོའི་ཕྱི་ཟླ ༢ པ་ཙམ་ནས་རྒྱ་ནག་གཞུང་གིས་ཆེད་དུ་བོད་མངའ་རིས་སྤུ་ཧྲེང་དང་། རུ་ཐོག་རྫོང་ཁོངས་ཀྱི་བོད་མི་གཞོན་སྐྱེས་རྣམས་ཆེད་དུ་དམག་ལ་ཞུགས་དགོས་པའི་བཀའ་ཕབ་ཡོད་པ་མ་ཟད། གཞོན་སྐྱེས་དེ་དག་གི་ཕ་མ་སོགས་ལ་ས་གནས་སྲིད་གཞུང་གི་མི་སྣས་ཁ་པར་བཏང་ནས་དམག་ཁོངས་སུ་ཞུགས་ན། རྒྱལ་ཁབ་ཀྱིས་ས་མཚམས་གྲོང་བརྡལ་གྱི་རོགས་དངུལ་གཙོས། རོགས་དངུལ་གཞན་ཁག་དང་། བུ་ཕྲུག་གི་སློབ་ཡོན་ལའང་རོགས་རམ་བྱ་རྒྱུ་ཡིན་ལུགས་སོགས་བཤད་འདུག

ཡང་ཁོང་གིས། འདས་པའི་ཟླ་ཤས་རིང་རུ་ཐོག་ས་གནས་སྲིད་གཞུང་དང་མཐའ་སྲུང་དམག་མི་མཉམ་འབྲེལ་གྱི་ཐོག་ནས། རུ་ཐོག་རྫོང་ཁོངས་སུ་རྒྱ་ནག་དམག་ཤོག་གི་དུས་དྲན་ཟེར་བ་མང་པོ་ཞིག་སྲུང་གཙི་བྱེད་འཇུག་གི་ཡོད་ཅིང་། གཞོན་སྐྱེས་མང་དག་ཅིག་བསྡུ་སྐོང་བྱས་ཏེ། དེ་སྔ་རྒྱ་ནག་བཅིངས་གྲོལ་དམག་ནང་ཞུགས་ནས་མཐའ་སྲུང་གི་ལས་དོན་གཉེར་མྱོང་བའི་རྒན་འཁོགས་ཁག་ཅིག་ལ་ཆེད་དུ། གཞོན་སྐྱེས་རྣམས་དམག་ལ་ཞུགས་དགོས་པའི་དགེ་མཚན་དང་། མཐའ་སྲུང་གི་འགན་འཁྲི་ཟེར་བ་སོགས་ཀྱི་ཐད་ནས་སྐད་ཆ་བཤད་དུ་བཅུག་ནས། གཞོན་སྐྱེས་མང་དག་ཅིག་ཆེད་དུ་དམག་ཁོངས་སུ་ཞུགས་རྒྱུར་ཤུགས་རྒྱག་གི་ཡོད་སྐོར་སོགས་བརྗོད་བྱུང་།

དེ་བཞིན་འདི་གའི་གསར་འགོད་པར་རྒྱ་ནག་གཞུང་གིས་དམག་མི་མཁོ་བསྡུ་བྱེད་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་ཀྱི་ཡིག་ཆ་ཞིག་ལག་སོན་བྱུང་བའི་ཁྲོད། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་ཤེས་ཡོན་གྱི་ལག་ཁྱེར་རང་བཞིན་ལྡན་པའི་སློབ་འབྲིང་དང་། སློབ་ཆེན་སློབ་ཐོན་པ་རྣམས་ལ་དམིགས་པའི་དམག་མི་བསྡུ་ལེན་བྱ་རྒྱུ་ཡིན་ཞིང་། དམག་ཁོངས་སུ་ཞུགས་འདོད་ཡོད་མཁན་རྣམས་རང་ལོ་ ༡༨ ནས་ ༢༤ བར་ཡིན་དགོས་ཚུལ་གསལ་འདུག

དེ་བཞིན་རྒྱ་ནག་གིས་བོད་ཕྲུག་རྣམས་ལ་རྒྱ་ནག་དམར་ཤོག་གཞུང་ལ་ཤ་ཞེན་དང་རྒྱལ་སྲུང་འགན་འཁྲི་ཟེར་བ་སོགས་དྲིལ་བསྒྲགས་སྣ་ཚོགས་ཀྱི་ཐོག་ནས། བོད་ནང་གི་བོད་ཕྲུག་མང་པོ་དབྱར་དགུན་གུང་སེང་སྐབས། ཆེད་དུ་དམག་སྒར་ཁག་དང་དམག་གི་སློབ་གྲྭ་ཁག་ཏུ་དམག་སྦྱོང་བཏང་དང་གཏོང་གིན་ཡོད་པའི་ཁར། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་དབུས་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་དམངས་སྲིད་གྲོས་མོལ་ལྷན་ཁང་གི་རྒྱལ་ཡོངས་ཚོགས་གཙོ་ཟུར་པ་ལི་རེ་ཧེ་ཡིས་སྣེ་འཁྲིད་དེ་དམར་པོའི་མི་རབས་རྒན་པ་ཁག་ཅིག་གིས་ལས་གཞི་དེ་མགོ་འཛུགས་བྱས་ཡོད་པ་དང་། སྲིད་གཞུང་གིས་སློབ་གསོའི་ལས་རིགས་ཁྲོད་ཀྱི་དམར་པོའི་སློབ་གསོའི་མཚོན་རྟགས་ལྟ་བུར་འཛུགས་སྐྲུན་དང་སྐུལ་འདེད་ཤུགས་ཆེན་བྱེད་མགོ་བཙུགས་ནས། དམར་དམག་སློབ་ཆུང་གསར་འཛུགས་ཀྱི་ལས་གཞི་མགོ་བཙུགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ བར་ལོ་བཅུའི་ནང་དུ། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༩ ནང་གསར་བརྗེའི་ཁུལ་རྙིང་པ་ཞེས་པར་ཁྱོན་དམར་དམག་སློབ་ཆུང་ ༢༣༡  དང་། ཕྱི་ལོ་ ༢༠༢༢ ལོའི་ཟླ ༡༢ བར་དུ་དམར་སློབ་ཁྱོན་ ༤༢༤ ལྷག་བཙུགས་ཟིན་འདུག་ལ། 《ཏང་གི་རྗེས་སུ་འགྲོ་》དང་། 《སྐར་མ་དམར་པོའི་འོད་སྣང་འཚེར་འཚེར》། དམར་དམག་སློབ་ཆུང་གི་གླུ་ཞེས་པ་སོགས་ཀྱི་དམར་གླུ་བླངས་ཏེ། སོ་སོའི་ཐོག་མའི་འབྱུང་ཁུངས་ཤེས་པར་བྱས་ཏེ། དམར་པོའི་སྙིང་སྟོབས་ཟེར་བ་རྒྱུན་འཛིན་དར་སྤེལ་གཏོང་དུ་འཇུག་དགོས་པ་ནི་དམར་སློབ་དེ་དག་གི་ཉིན་རེའི་བྱ་གཞག་དང་ཐོག་མཐའ་བར་གསུམ་གྱི་དམིགས་ཡུལ་དུ་གྱུར།

འདི་ལོའི་ཕྱི་ཟླ་ ༣ ཚེས་  ༦ ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོར་དམག་དོན་དང་རྒྱལ་སྲུང་གི་ཆེད་མ་དངུལ་བརྒྱ་ཆ་ ༦།༨ དེ་རྒྱ་སྒོར་ཐེར་འབུམ་ ༡༣༥༥།༣༤༣ དང་། ཕྱི་ལོ་ ༢༠༢༢ ལོར་བརྒྱ་ཆ་ ༧།༡ རྒྱ་སྒོར་ཐེར་འབུམ་ ༡༤༥༠།༤༥། ཕྱི་ལོ་ ༢༠༢༣ དང་། ༢༠༢༤། ༢༠༢༥ བཅས་སུ་དམག་དོན་དང་རྒྱལ་སྲུང་གི་ཆེད་མ་དངུལ་བརྒྱ་ཆ་ ༧།༢ བཅས་ཏེ། རྒྱ་སྒོར་ཐེར་འབུམ་ ༡༥༥༣།༧ དང་། ༡༦༦༥། ༥༤ དང་ ༡༧༨༤།༦༦༥ བཅས་བཏང་དང་གཏོང་གི་ཡོད་ལུགས་གསལ་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་དམག་དོན་གྱི་འགྲོ་གྲོན་རིགས་སྦས་གསང་ཆེད་མ་དངུལ་མི་འདྲ་བའི་རྩིས་ཁྲར་བགོས་ཡོད་སྟབས། རྒྱ་ནག་གིས་རྒྱལ་སྲུང་གི་འགྲོ་གྲོན་གསལ་བསྒྲགས་བྱས་པ་དེ་ལས་བརྒྱ་ཆ་ ༤༠ ནས་ ༥༠ བར་མང་བ་གཏོང་གི་ཡོད་ཅིང་།  རྒྱ་ནག་གཞུང་གི་རྒྱལ་སྲུང་སྔོན་རྩིས་དེ་རྒྱ་གར་ལས་ཨ་སྒོར་ཐེར་འབུམ་ ༧༩ ལས་ལྡབ་གསུམ་ལྷག་གིས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese