མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་སེང་གེ་གཙང་པོའི་ཆིངས་ཡིག་མཚམས་འཇོག་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་འདུག

FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)

ཉེ་ལམ་རྒྱ་གར་གྱི་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ་ (Pahalgam) ཁུལ་དུ་དྲག་སྤྱོད་པ་ཁག་ཅིག་གིས་འཇབ་རྒོལ་བྱས་པར་བརྟེན། རྒྱ་གར་གིས་སེང་གེ་གཙང་པོའི་ཆིངས་ཡིག་ (Indus Waters Treaty) མཚམས་འཇོག་བྱས་ཏེ་ཡུལ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཅན་དུ་འགྱུར་བ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས། པཱ་ཀི་སི་ཐན་གྱི་ཁའེ་བྷ་པག་ཏུང་ཁྭ་ (Khyber Pakhtunkhwa) ཞིང་ཆེན་དུ་མོ་མན་ཌི་ (Mohmand Hydropower Project) ཟེར་བའི་ཆུ་གློག་ཁང་ཆེན་པོ་དེའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་ཡོངས་བསྒྲགས་བྱས་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༩ པ་ནས་བཟུང་རྒྱ་ནག་ནུས་ཤུགས་བཟོ་སྐྲུན་ཁང་ (China Energy Engineering Corporation) གིས་པཱ་ཀི་སི་ཐན་གྱི་ཆུ་གློག་ཁང་ཆེན་པོ་དེ་འཛུགས་སྐྲུན་ལས་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༢༦ ལོར་ལས་མཇུག་འགྲུབ་དགོས་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་ཆུ་གློག་ཁང་དེས་གློག་ཤུགས་ཐོན་སྐྱེད་དང་། ཆུ་ལོག་སྟངས་འཛིན། ཞིང་ཆུ་འདྲེན་པ། འཐུང་ཆུ་སོགས་མཐུན་རྐྱེན་མང་པོ་ལ་དམིགས་ཏེ་ལས་གཞི་དེ་སྤེལ་བཞིན་ཡོད་སྐོར་དང་། གློག་ཁང་དེས་གློག་ཤུགས་ ༨༠༠ (MW) འདོན་ཐུབ་པ་དང་། ཉིན་རེར་འཐུང་ཆུའི་ལི་ཝར་ (litre) ས་ཡ་ ༣༠༠ མཁོ་འདོན་བྱེད་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་པཱ་ཀི་སི་ཐན་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་ཨི་ཤག་དྷར་ (Ishaq Dar) རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ཏེ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་ཀྱིས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་དང་། རྒྱ་གར་གྱིས་སེང་གེ་གཙང་པོའི་ཆིངས་ཡིག་མཚམས་འཇོག་བྱས་པའི་གནད་དོན་དང་འབྲེལ་ནས་གྲོས་མོལ་བྱས་ཡོད་འདུག

དེ་འབྲེལ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་ (Mao Ning) གིས། རྒྱ་ནག་དང་པཱ་ཀི་སི་ཐན་གཉིས་ནི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་པོར་ངོས་འཛིན་གྱི་ཡོད། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་རྩོད་རྙོག་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ལངས་ཕྱོགས་ཁ་གསལ་བཤད་ཡོད་ལ། ང་ཚོས་ཕྱོགས་གཉིས་དང་མཉམ་དུ་འབྲེལ་ལམ་རྒྱུན་འཁྱོངས་བྱ་འདོད་ཡོད། རྒྱལ་ཁབ་གཉིས་ཞི་བདེ་དང་བརྟན་བརླིང་ཡོང་བ་དང་། དམག་མཚམས་འཇོག་བྱེད་པར་མཐུན་འགྱུར་བྱེད་ཀྱི་ཡིན། ཞེས་བསྒྲགས་འདུག

རྒྱ་གར་དང་པཱ་ཀི་སི་ཐན་བར་གྱི་སེང་གེ་གཙང་པོའི་ཆིངས་ཡིག་དེ་ནི་ཆུ་བགོ་འགྲེམས་ཀྱི་ཆིངས་ཡིག་ཅིག་ཡིན་ཞིང་། འཛམ་གླིང་དངུལ་ཁང་གིས་གྲོས་མོལ་བྱས་ཏེ་སེང་གེ་གཙང་པོ་དང་དེའི་ཡན་ལག་གཙང་པོའི་ཆུ་ཐུན་མོང་དུ་བེད་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད། ཆིངས་ཡིག་དེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༡༩ ཉིན་པཱ་ཀི་སི་ཐན་གྱི་ཀ་ར་ཆི་ (Karachi) གྲོང་ཁྱེར་དུ། རྒྱ་གར་གྱི་སྲིད་བློན་ནེ་རུ་ (Jawaharlal Nehru) མཆོག་དང་། པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་ཡུབ་ཁཱན་ (Ayub Khan) གཉིས་ཀྱིས་གྲོས་མཐུན་མཚན་རྟགས་བཀོད་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་རྒྱ་གར་བྱང་རྒྱུད་ཀྱི་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་པཱ་ཧལ་གྷམ་ (Pahalgam) དུ་འཇབ་རྒོལ་བྱུང་བར་བརྟེན། རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སེམས་འཚབ་དང་། པཱ་ཀི་སི་ཐན་གྱིས་དྲག་སྤྱོད་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ཆིངས་ཡིག་དེ་མཚམས་འཇོག་བྱས་ཡོད་པ་མ་ཟད། ཉིན་ཤས་རིང་ཡུལ་གཉིས་ཀྱི་བར་འགྲོ་འོང་མཚམས་འཇོག་དང་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་ཏེ་གདོང་ཐུག་བྱུང་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་སྲིད་འཛིན་གཞོན་པ་རྗེ་ཌི་ཝེན་སི་མཆོག་དང་། ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷིའོ་མཆོག་རྣམ་གཉིས་ཀྱི་མཐུན་འགྱུར་འོག རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་བར་གྲོས་མོལ་བྱས་ཏེ་དམག་མཚམས་བཞག་སྟེ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་འགྲོ་འོང་བསྐྱར་དུ་སྒོ་ཕྱེས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༧ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese