མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

སི་ཀོ་ཊི་ལན་ཌི་གཞུང་གིས་༧གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་དེ་བོད་ཀྱི་ནང་པའི་ཚོགས་སྡེ་ཁག་ཁོ་ན་ལ་ཡོད་པའི་ལངས་ཕྱོགས་གསལ་བོ་བཟོས་འདུག

དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣

དེ་རིང་དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ཤིའི་གྲོས་ཚོགས་ནང་། འཛམ་གླིང་གི་ཆོས་ལུགས་ཁག་གི་དཀའ་ངལ་དང་འབྲེལ་བའི་གནད་དོན་གླེང་སློང་གནང་སྐབས། སི་ཀོ་ཊི་ཤིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་གྷིར་མཆོག་གིས། ནང་པ་དང་འབྲེལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་༧གོང་ས་མཆོག་དགུང་གྲངས་དགུ་བཅུ་བདག་གེར་བཞེས་པའི་གོ་སྟོན་གྱི་འཁྲུངས་སྐར་སོགས་གླེང་སློང་གནང་འདུག

སྐབས་དེར་སི་ཀོ་ཊི་ཤིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་གྷིར་ (Ross Greer) མཆོག་གིས། སི་ཀོ་ཊི་ལན་ཌི་གཞུང་གིས་རྒྱལ་ཁབ་འདིའི་ནང་གནས་པའི་ཆོས་ལུགས་ཚང་མར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་སྟབས། སི་ཀོ་ཊི་ལན་ཌིའི་ནང་ཡོད་པའི་ནང་པའི་ཚོགས་སྡེ་ཁག་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་ཡིན་པར་རྒྱབ་སྐྱོར་ཇི་ལྟར་བྱ་རྒྱུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་འདུག

སི་ཀོ་ཊི་ལན་ཌིའི་སྤྱི་སྙོམས་དྲང་བདེན་གྱི་བློན་ཆེན་སི་ཊི་ཝར་ (Kaukab Stewart) ལགས་ཀྱིས། སི་ཀོ་ཊི་ལན་ཌིའི་ནང་ཡོད་པའི་ནང་པའི་ཚོགས་སྡེ་ཁག་གི་གཙོས་ཆོས་ལུགས་ཚང་མས་སི་ཁོ་ལན་ཌིར་ཞབས་འདེགས་རླབས་ཆེན་ཞུ་བཞིན་པར་ཆེ་མཐོང་ཆེན་པོ་བྱེད་བཞིན་ཡོད། དེར་བརྟེན། ངས་སི་ཀོ་ཊི་ལན་ཌི་གཞུང་གི་ཚབ་བྱས་ཏེ། ༧གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་ཁྱད་པར་ཅན་གྱི་གོ་སྟོན་འཁྲུངས་སྐར་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སི་ཀོ་ཊི་ལན་ཌིའི་ནང་པའི་ཚོགས་སྡེ་ཁག་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁོང་ཅག་གིས་རྒྱལ་ཁབ་འདིའི་ནང་ཞི་བདེ་དང་བྱམས་སྙིང་རྗེ། རིག་གཞུང་སྣ་མང་གིཆ་ཤས་བཅས་གོང་འཕེལ་བཏང་ཡོད། ཅེས་ལན་འདེབས་བྱས་འདུག

ཡང་སི་ཀོ་ཊི་ཤིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་སི་གྷིར་ (Ross Greer) མཆོག་གིས། ད་ལྟ་ནང་པའི་ཚོགས་སྡེ་དང་འབྲེལ་ནས། སི་ཀོ་ཊི་ལན་ཌི་དང་འཛམ་གླིང་ལ་མཚོན་ན་འདི་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གོ་སྟོན་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་པ་དེ་རེད། ༧གོང་ས་ཏཱ་ལའི་བླ་མའི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཡང་རེད། ལོ་ངོ་སུམ་ཅུའི་ཡར་སྔོན་དུ་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་ཞིང་ལ་ཕེབས་རྗེས། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་བའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་དབུས་པའི་ནང་མི་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་རྫུན་མ་ཞིག་བསྐོ་གཞག་བྱས་ཡོད་པས། དབྱིན་ཇིའི་མི་མང་དང་སི་ཀོ་ཊི་ལན་ཌི་ལ་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་བསྐོ་གཞག་བྱས་པ་ལྟར་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱང་ད་ལྟར་བྱ་སྲིད་པར་སེམས་འཚབ་ཡོད། སི་ཀོ་ཊི་ལན་ཌིས་འཛམ་གླིང་གི་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་རྣམས་དང་བཟང་ཕྱོགས་ཀྱི་འབྲེལ་བ་འཛིན་འདོད་ཡོད་སྟབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་སི་ཀོ་ཊི་ལན་ཌིའི་ནང་ཐེངས་མང་རིང་ཆིབས་བསྒྱུར་བསྐྱངས་ཡོད། ཅེས་དང་། སི་ཀོ་ཊི་ལན་ཌི་གཞུང་གིས་བོད་ཀྱི་ནང་པའི་རྗེས་འཇུག་པ་དག་གིས་ནང་པའི་སྲོལ་རྒྱུན་བཞིན་ངོས་འཛིན་བྱས་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ལ་རྒྱབ་སྐྱོར་བྱེད་དམ་ཞེས་བཀའ་འདྲི་ཞུས་སོང་།

སི་ཀོ་ཊི་ལན་ཌིའི་སྤྱི་སྙོམས་དྲང་བདེན་གྱི་བློན་ཆེན་སི་ཊི་ཝར་ (Kaukab Stewart) ལགས་ཀྱིས། སི་ཁོ་ལན་ཌིས་ཆོས་ལུགས་དད་མོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་པའི་ཐོག་ནས། གཞན་གྱིས་ཐེ་གཏོགས་གང་ཡང་མེད་པར་བོད་ཀྱི་ནང་པའི་ཚོགས་སྡེ་ཁག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་ཅེས་ལན་འདེབས་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese