མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་སི་ཌི་ནི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

གློག་བརྙན་འཁྲབ་ཁྲིད་པ་ལྔས་ཕྱོགས་སྒྲིག་བྱས་པའི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་སི་ཌི་ནི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་སི་ཌི་ནི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་ཡིན་འདུག སྒྲུང་གློག་བརྙན་བཟོ་སྐྲན་དྲ་ཚིགས་ལས་བླངས།

ཕྱི་ཟླ་ ༦ ཚེས་ ༤ ནས་ ༡༥ བར་ཉིན་གྲངས་བཅུ་གཉིས་རིང་ཨོ་གླིང་སི་ཌི་ནི་(sydeney) གྲོང་ཁྱེར་དུ། སྐབས་ ༧༢ པའི་སི་ཌི་ནི་གློག་བརྙན་དུས་སྟོན་འཚོགས་གཏན་ཁེལ་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་ ༧༠ ནས་གློག་བརྙན་མི་འདྲ་བ་ ༢༠༡ མཉམ་ཞུགས་བྱས་པའི་ཁྲོད། གསར་དུ་ཕབ་བསྐྲུན་བྱས་པའི་གློག་བརྙན་ ༡༧ དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐོག་མར་བསྟན་རྒྱུ་ཡིན་པའི་གློག་བརྙན་ ༦ ། དེ་བཞིན་ཨོ་གློང་གི་གློག་བརྙན་ ༡༣༧ བཅས་གློག་བརྙན་སྟོན་ཡུལ་ས་ཚིགས་གྲངས་ ༡༥ ནས་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པ་འདེམས་ཐོན་བྱུང་ཡོད་འདུག

བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ནི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་བསོད་ནམས་ལགས་དང་། རི་ཏུ་སཱ་རིན་ལགས། བསོད་ནམས་ཚེ་བརྟན་ལགས། ཨ་རིར་གནས་སྡོད་བསྟན་འཛིན་ཚེ་བརྟན་ལགས་དང་། ཝི་ཏི་ནམ་དུ་གནས་སྡོད་རྒྱལ་ཐང་ཚེ་རིང་བཀྲ་ཤིས་ལགས་བཅས་ཀྱིས་མཉམ་འབྲེལ་ཐོག་ཕྱོགས་སྒྲིག་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། དེ་ཡང་བོད་སྐད་ཐོག་ཕྱོགས་སྒྲིག་བྱས་པའི་གློག་བརྙན་ཐེངས་དང་པོ་དེ་ཡིན་འདུག་ལ། གློག་བརྙན་འདིའི་ནང་རྒྱ་གར་དང་། ཨ་རི། ཝི་ཏི་ནམ་བཅས་སུ་གནས་པའི་བོད་མིའི་གཏམ་རྒྱུད་བཤད་ཀྱི་ཡོད་པ་མ་ཟད།  གློག་བརྙན་ཁྲོད་ཀྱི་གཏམ་རྒྱུད་རེ་རེས་རྒྱལ་ཁབ་མེད་པའི་གནས་བབ་དང་གནས་སྤོ་བྱེད་དགོས་པའི་གནད་དོན་འཚོལ་ཞིབ་ཞིབ་ཚགས་བྱས་ཏེ། འཛམ་གླིང་ནང་སྐྱབས་བཅོལ་བའི་གནས་སྟངས་འོག་ཡུལ་མེད་ཁ་འཐོར་དུ་གནས་པའི་བོད་མིའི་གནས་སྟངས་མཚོན་པར་བྱས་ཡོད་འདུག

གློག་བརྙན་ནང་གི་གཏམ་རྒྱུད་གཅིག་ནི་ཝི་ཏི་ནམ་དུ་གནས་པའི་བོད་པའི་ཨ་ཕ་ཞིག་གིས་རང་ཉིད་ཀྱི་བུ་མོར་མེ་ཀོང་གཙང་པོའི་མགོ་ཁུངས་ནི་ཁོང་གི་ཕ་ཡུལ་ནས་མགོ་ཚུགས་ཏེ་རྒྱ་མཚོའི་ནང་འབབ་ཀྱི་ཡོད་པའི་ཚུལ་བཤད་ཀྱི་ཡོད་པ་དང་། གཏམ་རྒྱུད་གཉིས་པར་བུ་མོ་གཅེན་གཅུང་གཉིས་ཀྱི་ཨ་མ་གྲོངས་ཏེ་ཕུང་བོ་བཞུགས་འབུལ་ཆེད་མཇལ་འཛོམས་བྱུང་སྐབས། ལོ་མང་རིང་ཁ་བྲལ་ཞིང་རྙོག་འཛིང་ཆེ་བའི་དཀའ་ངལ་གྱི་བརྒྱུད་རིམ་ཞིབ་འབྲི་བྱས་འདུག གཏམ་རྒྱུད་གསུམ་པའི་ནང་ལྷ་བྲིས་པ་བསོད་ནམས་ཀྱི་ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་བྱུང་ནས་ཅུང་ཙམ་ལས་འགོར་མེད་པའི་སྐབས་དེར། ཡུན་རིང་ཁ་བྲལ་བའི་རང་གི་སློབ་གྲོགས་འཇིགས་བྲལ་འཚམས་འདྲིའི་ཆེད་འབྱོར་ཞིང་། འཇིགས་བྲལ་གྱིས་བསོད་ནམས་དང་ཁོའི་བཟའ་ཟླ་གཉིས་ལ་མི་ཚེའི་ནང་འཕྲད་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་སྐོར་སེམས་གསོ་བྱས་པ་གསལ་བར་བསྟན་ཡོད། མཇུག་མཐའི་གཏམ་རྒྱུད་ནང་བསྟན་འཛིན་ཕྱིར་དྷ་སར་འདས་གྲོངས་གྱུར་བའི་རང་གི་པ་ལགས་ཀྱི་ཁྱིམ་དུ་ལོག་སྐབས། རང་ཉིད་ཀྱི་འདས་ཟིན་པའི་མི་ཚེར་ཕྱིར་དྲན་དང་ལྷན་དུ། རང་ཉིད་ཀྱི་རིག་གཞུང་དང་ངོ་བོ་སོགས་ལ་གཞི་ནས་གདོང་གཏད་དགོས་པའི་སྐོར་གསལ་སྟོན་བྱས་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢ ནས་ཉིན་གྲངས་བཅུའི་རིང་ལྷོ་ཀོ་རི་ཡའི་བྷུ་སཱན་ (Busan) གྲོང་ཁྱེར་དུ། སྐབས་ ༢༩ པའི་བྷུ་སཱན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འཚོགས་ཡོད་ཅིང། གློག་བརྙན་དུས་སྟོན་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་ཁག་ ༦༣ ནས་གློག་བརྙན་མི་འདྲ་བ་ ༢༧༩ མཉམ་ཞུགས་བྱས་པའི་ཁྲོད། འདེམས་སྒྲུག་བྱུང་བའི་གློག་བརྙན་ ༢༢༤ ཡོད་པ་རྣམས་གློག་བརྙན་ས་ཚིགས་གྲངས་ ༥༥ ནས་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་འདུག བྷུ་སཱན་གློག་བརྙན་དུས་སྟོན་དེའི་ཐོག་བོད་ཀྱི་གློག་བརྙན་ས་མཐའི་ལས་དབང་ཞེས་པའང་འདེམས་ཐོན་བྱུང་ཡོད་པ་མ་ཟད། གློག་བརྙན་དུས་སྟོན་གྱི་མཛད་སྒོའི་ཐོག་བོད་ཀྱི་གློག་བརྙན་དེའི་འཁྲབ་ཁྲིད་པ་བསྟན་འཛིན་ཚེ་བརྟན་ལགས་དང་། བསོད་ནམས་ཚེ་བརྟན་ལགས། རྒྱལ་ཐང་ཚེ་རིང་བཀྲ་ཤིས་ལགས། བསྟན་འཛིན་བསོད་ནམས་ལགས། རི་ཏུ་སཱ་རིན་ལགས། གློག་བརྙན་བཟོ་སྐྲུན་པ་དོན་ལྡན་(Yodon Thondon)ལགས། འཁྲབ་སྟོན་པ་བསྟན་འཛིན་རྒྱལ་མཚན་ལགས་བཅས་ཡུལ་དངོས་སུ་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese