མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་རྒྱ་རིགས་སློབ་མ་གཙོས་རྒྱ་ནག་གི་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་དང་འབྱུང་འགྱུར་ཨ་རིར་སློབ་སྦྱོང་དུ་ཡོང་མཁན་རྣམས་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་འདུག

U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump’s State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo Purchase licensing Right

ཁ་སང་ཕྱི་ཚེས་ ༢༨ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་སྲིད་གཞུང་གིས། ཨ་རིར་ཡོང་མཁན་གྱི་རྒྱ་རིགས་སློབ་མ་དང་ལྷག་པར་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་ཡོད་པའི་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བྱས་ཏེ། ཨ་རིར་གནས་སྤོར་བྱེད་མུས་ཡིན་པའི་རྒྱ་རིགས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད།

གནད་དོན་དེའི་ཐད་ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རོ་བྷའོ་(Marco Rubio) མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་ནང་སྲིད་བདེ་འཇགས་ལྷན་ཁང་དང་ལྷན་ལས་དོན་གཉེར་ནས། རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་དག་ཚད་མཐོའི་ཐོག་ནས་ཕྱིར་བསྡུ་བྱ་རྒྱུ་ཡིན། ཨ་རིའི་གཞུང་གིས་ཁྲིམས་འགལ་གནས་སྡོད་བྱེད་མཁན་ཕྱིར་འབུད་དང་སློབ་མའི་ཐོངས་མཆན་མེད་པ་བཟོ་རྒྱུ་ཚད་མཐོའི་ལས་དོན་གཉེར་རྒྱུ་ཡིན། ཞེས་དང་། རྒྱལ་སྲིད་ལས་ཁུངས་ཀྱིས་འབྱུང་འགྱུར་རྒྱ་ནག་དང་ཧོང་ཀོང་ནས་ཐོངས་མཆན་ཞུ་མཁན་རྣམས་ལ་ཚད་མཐོའི་ཞིབ་བཤེར་བྱ་རྒྱུ་ཡིན་འདུག་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་ཡ་ལན་གང་ཡང་བྱས་མེད་པ་རེད།

རྒྱ་རིགས་སློབ་མ་ནི་ཨ་རིར་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་གྲངས་འབོར་མང་ཤོས་གཉིས་པར་གྱུར་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ནས ༢༠༢༤ བར་གྱི་སློབ་དུས་གཅིག་པུའི་ནང་རྒྱ་རིགས་སློབ་མ་གྲངས་ ༢༧༠༠༠༠ ལྷག་འདུག་པས། དེས་ཨ་རིའི་ཕྱི་རྒྱལ་སློབ་མའི་གྲངས་འབོར་གྱི་བརྒྱ་ཆའི་བཞི་ཆ་གཅིག་ཟིན་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་མང་དག་ཅིག་གིས། ཨ་རིས་རྒྱ་རིགས་སློབ་མ་མང་དག་གི་ཐོངས་མཆན་ཕྱིར་བསྡུ་དང་ཞིབ་བཤེར་ནན་མོ་བྱེད་མུས་ཡིན་པ་དེས། ཨ་རིའི་སློབ་ཆེན་ཁག་གིས་རྒྱ་ནག་དང་འབྲེལ་ལམ་གཅད་དགོས་པའི་བརྡ་ལན་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། ཉེ་ལམ་ཊོམ་ཕུ་སྲིད་གཞུང་གིས་རྒྱ་ནག་དང་འཇིགས་སྐུལ་རིང་ལུགས་པ་སོགས་དང་འབྲེལ་འདྲིས་ཡོད་པའི་སློབ་མ་བསྡུ་ལེན་བྱེད་ཀྱིན་ཡོད་ལུགས་ཤད་ནས། ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་སློབ་མ་གསར་བསྡུའི་ལས་དོན་རྣམས་བཀག་སྡོམ་བྱས་ཡོད།

དེ་བཞིན་དེ་རིང་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉི་ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས་རྒྱལ་སྤྱིའི་ཨ་རིའི་དོན་གཅོད་ལས་ཁུངས་ཁག་ལ། རྒྱལ་ཁབ་སོ་སོའི་ཨ་རིར་སློབ་སྦྱོང་ཆེད་སྐྱོད་མཁན་རྣམས་ཀྱི་བཅར་འདྲི་དང་དུས་བཅད་སོགས་རེ་ཞིག་ཕྱིར་འགྱངས་དགོས་པའི་ཡོངས་ཁྱབ་བཀོད་ཁྱབ་ཅིག་སྤེལ་ཡོད་ཅིང་། སྤྱིར་ལོ་ལྟར་ཨ་རིར་འཛམ་གླིང་ས་ཕྱོགས་གང་སར་ནས་སློབ་མ་བསྡུ་ཡི་ཡོད་པ་དང་། དེས་ཨ་རིའི་དཔལ་འབྱོར་གནས་བབ་ཐད་ལའང་ནུས་པ་མི་དམན་པ་ཞིག་འཐོན་མུས་ཡིན། རྒྱལ་སྤྱིའི་ཤེས་ཡོན་སློབ་སྟོན་ལྷན་ཚོགས་(NAFSA) ལྟར་ན། ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ཡི་སློབ་དུས་གཅིག་པུའི་ནང་རྒྱལ་སྤྱིའི་སློབ་མ་ས་ཡ་གཅིག་ལྷག་གིས་སློབ་ཡོན་སོགས་ཨ་སྒོར་ཐེར་འབུམ་ ༤༤ སྤྲད་ཡོད་ཅིང་། སློབ་མ་གྲངས་ ༣༧༨༠༠༠ ལྷག་གིས་ཞོར་ལས་གཉེར་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese