མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཐོག་གི་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་ ༡༤༥ ནས་བལ་ཡུལ་གྱི་ཀ་ཐུ་མན་ཌུ་གློག་བརྙན་དུས་སྟོན་ཐོག་རྒྱ་ནག་གཞུང་གི་དྲིལ་བསྒྲགས་གློག་བརྙན་ཕྱིར་འཐེན་བྱ་དགོས་པ་དང་། བོད་ཀྱི་ཚབ་ཏུ་ཞིས་ཙང་བེད་སྤྱོད་མི་གཏོང་བའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་བྱས་འདུག

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩

ཟླ་འདིའི་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༦ ཚེས་ ༡ བར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མ་ན་ཌུ་རུ། ཀ་ཐུ་མན་ཌུ་རྒྱལ་སྤྱིའི་རི་བོ་གློག་བརྙན་དུས་སྟོན་ (Kathmandu International Mountain Film Festival) ཐེངས་ ༢༢ འཚོགས་བཞིན་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་ཞིས་ཙང་པཱ་ནོ་རཱ་མཱ་(Xizang Panorama) ཟེེར་བའི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་གློག་བརྙན་དྲུག་སྟོན་འཆར་ཡོད་པས། ཁ་སང་རྒྱལ་སྤྱིའི་ཐོག་གི་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་ ༡༤༥ ནས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་གློག་བརྙན་དེ་དག་གློག་བརྙན་དུས་སྟོན་ལས་གང་མགྱོགས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

དེའི་སྐོར་ལ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་དྲ་ལམ་ཐོག་རྒྱལ་སྤྱིའི་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། ཀ་ཐུ་མན་ཌུ་རྒྱལ་སྤྱིའི་རི་བོ་གློག་བརྙན་དུས་སྟོན་ཁྲོད་ཞིས་ཙང་པཱ་ནོ་རཱ་མཱ་ཞེས་བོད་ལ་ཞིས་ཙང་ཟེར་བའི་ནོར་འཁྲུལ་ཅན་གྱི་མིང་བཏགས་ཡོད། ཐ་སྙད་དེ་ནི་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ཆབ་སྲིད་ཀྱི་ངོ་བོ་མཚོན་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ངོ་བོ་རྩ་གཏོར་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན། གློག་བརྙན་དུས་སྟོན་ནང་བོད་ལ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ནང་གི་གནས་སྟངས་འཁྱོག་བཤད་བྱས་པའི་དྲིལ་བསྒྲགས་ཀྱི་གློག་བརྙན་སྟོན་གྱི་ཡོད་ལ། དེའི་ནང་གི་གློག་བརྙན་སྤུ་བདག་གི་ལམ་བུ་ (life of buda ) ཟེར་བས་རྒྱ་གཞུང་གིས་བོད་བཙན་འཛུལ་བྱས་པའི་ཚབ་ཏུ་ཞི་བའི་བཅིངས་གྲོལ་བྱས་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། འགྲེམས་སྟོན་འདི་དག་རྫུན་མ་ཡིན་པ་མ་ཟད་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། ཀ་ཐུ་མན་ཌུ་རྒྱལ་སྤྱིའི་རི་བོ་གློག་བརྙན་དུས་སྟོན་གྱི་སློབ་གསོའི་ལས་གཞི་དང་འགལ་ཟླ་གྱུར་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་དེའི་ནང་། ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་རྒྱ་ནག་གིས་བོད་ལ་བཙན་བཟུང་བྱས་ཏེ་དྲག་གནོན་བྱས་རྐྱེན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་གིས་བོད་ནི་འཛམ་གླིང་ཐོག་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་ས་ཁུལ་དུ་མིང་བཏོན་ཡོད་ལ། ལོ་ ༧༠ རིང་རྒྱ་ནག་གཞུང་གིས་བཙན་གནོན་འོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ངོ་བོ་སོགས་རྩ་གཏོར་བཏང་ཡོད་པ་མ་ཟད། བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་རང་ཉིད་ཀྱི་ཁྱིམ་དང་ཕ་མར་ཁ་བྲལ་དུ་བཏང་སྟེ། རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ནང་དུ་བཙན་འཇུག་བྱས་ཏེ་བོད་མི་རིགས་རྩ་གཏོར་གཏོང་བཞིན་ཡོད། ཞིས་ཙང་པཱ་ནོ་རཱ་མ་ཟེར་བ་ནི་བོད་ཀྱི་སྐོར་ལ་གློག་བརྙན་བསྟན་པ་ཙམ་མིན་པར། དེ་ནི་རྒྱ་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་དང་བོད་ཀྱི་ལོ་རྒྱུས་ནག་གསུབ་གཏོང་བར་དམིགས་པའི་གཏམ་རྒྱུད་ཀྱི་མཚོན་ཆ་འགྲེམས་སྟོན་བྱེད་བཞིན་པ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་སྡིངས་ཆ་བསྐྲུན་པ་ནི་བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱིས་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་ནང་ཞིས་ཙང་པཱ་ནོ་རཱ་མཱ་ཟེར་བའི་གློག་བརྙན་འགྲེམས་སྟོན་དང་འབྲེལ་བའི་ལས་རིགས་ཡོངས་རྫོངས་ཕྱིར་འཐེན་བྱེད་དགོས་པ་དང་།  བོད་ཀྱི་ཚབ་ཏུ་རྒྱ་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ཞིས་ཙང་བེད་སྤྱོད་མི་བྱེད་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཀ་ཐུ་མན་ཌུ་རི་བོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༢༢ པའི་དྲ་ལམ་ཐོག་ཞིས་ཙང་པཱ་ནོ་རཱ་མ་ཞེས་པའི་ནང་།  གསའ་དང་གྲོགས་པོ།་(Snow Leopards and Friends)དང་།  བོད་ཀྱི་རི་སྐྱེས་སྲོག་ཆགས། (Wild Wonders in Xizang )  ང་གཙང་པོའི་མགོ་ཁུངས་སུ་ཡོད། ( Where the Mighty Rivers Begin )  བོད་ནང་གི་ཉིན་མཚན། (Days and Nights in Xizang)། ས་མཐོའི་སྙན་དབྱངས།( Youthful Xizang )། དེ་བཞིན་སྤུ་བདག་གི་ལམ་བུ།(Life of Buda )བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་གློག་བརྙན་དྲུག་སྟོན་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese