མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་བསོད་ནམས་དབང་འདུས་དང་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་ཧྥ་རན་སི་བྷི་རན་སོན་མངའ་སྡེ་ནས་རྒྱལ་ས་པེ་རི་སི་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཧྥ་རན་སིའི་མངའ་སྡེ་བྷི་རན་སོན་ ( birancon) ནས་བོད་མི་བསོད་ནམས་དབང་འདུས་དང་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་ཅིག་མགོ་བཙུགས་ཏེ།  ཕྱི་ཚེས་ ༢༧ ཉིན་ཧྥ་རན་སིའི་བྱང་ཕྱོགས་མངའ་སྡེ་གྷ་རེན་ནོ་བྷེལ་( grenoble ) ལ་འབྱོར་ཡོད་པ་དང་།  ཕྱི་ཚེས་ ༢༩ ཉིན་ནས་ཧྥ་རན་སིའི་མངའ་སྡེ་ལེ་ཨོན་( Lyon ) ནས་པེ་རི་སི་( paris ) བར་སྤྱི་ལེ་ ༧༠༠ ལྷག་གོམ་བགྲོད་བྱེད་བཞིན་ཡོད་ཅིང་། ད་ལྟའི་ཆར་བོད་མི་བསོད་ནམས་དོན་གྲུབ་ཁོང་གཉིས་དང་ལྷན་དུ་ཞི་བའི་གོམ་བགྲོད་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་སྐོར་དྲིས་པར་བསོད་ནམས་དབང་འདུས་ལགས་ཀྱིས། ད་ལྟའི་ཆར་བོད་ནང་གི་བོད་མིའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པས། ཐེངས་འདིའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་ཡོད་པ་དང་། དེས་བོད་མིའི་སྐད་ཡིག་དང་ངོ་བོ་བཅས་རྩ་མེད་གཏོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རྒྱ་ནག་གིས་བོད་ཀྱི་བྱིས་པ་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཚབས་ཆེན་ཞིག་ཡིན་པའི་སེམས་འཚབ་བསྟན་ཡོད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་རྣམས་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་ཁང་པའི་ནང་གནས་སྤོར་བྱེད་དུ་བཅུག་སྟེ། འབྲོག་པའི་འཚོ་བའི་གནས་སྟངས་ཐོག་དྲག་གནོན་དང་དཀའ་ངལ་ཤུགས་ཆེན་སྤྲོད་བཞིན་ཡོད་པ་སོགས་མཚམས་འཇོག་དགོས་པར་དམིགས་ནས་ལས་འགུལ་སྤེལ་བ་ཞིག་ཡིན་ལ།  དེ་བཞིན་བོད་ཀྱི་གཞོན་སྐྱེས་རྣམས་དམིགས་བསལ་བོད་དོན་ཐོག་སེམས་ཤུགས་འཕར་མ་ཞིག་སྐྱེ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས། ང་ཚོས་ཐེངས་འདིའི་ལས་འགུལ་ཧྥ་རན་སིའི་བྷི་རན་སོན་མངའ་སྡེ་ནས་མགོ་བཙུགས་པ་ཡིན། དེ་ནི་བོད་ནང་བཞིན་ས་ཆ་ཚང་མ་གངས་རིས་བསྐོར་ཡོད། ཉིན་དང་པོའི་ནང་སྤྱི་ལེ་ ༢༦ རིང་ཞི་བའི་གོམ་བགྲོད་བྱས་པ་ཡིན། རྗེས་སུ་ཉིན་རེའི་ནང་སྤྱི་ལེ་ ༣༠ ལྷག་རིང་གོམ་བགྲོད་བྱེད་ཐུབ་པ་བྱུང་། གོམ་བགྲོད་རྒྱུན་རིང་བྱས་ཏེ་མི་མེད་སའི་ལམ་ཁར་སླེབས་དུས་ངལ་གསོ་རྒྱག་གི་ཡོད། ལམ་ཁ་ཁག་ཅིག་ཏུ་ཆུ་འཐུང་རྒྱུ་རག་གི་མི་འདུག དེ་མ་གཏོགས་དམིགས་བསལ་དཀའ་ངལ་ཅི་ཡང་འཕྲད་མ་སོང་། ཧྥ་རན་སིའི་ས་གནས་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་ཡག་པོ་བྱས་བྱུང་། དེ་བཞིན་གོམ་བགྲོད་ཀྱི་སྐབས་སུ་ཧྥ་རན་སིའི་མི་མང་རྣམས་ཀྱིས་དོ་སྣང་ཡག་པོ་བྱེད་ཀྱི་འདུག  བོད་དོན་ཐོག་སྐད་ཆ་མང་པོ་དྲིས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

སྤྱིར་ཐེངས་འདིའི་བོད་མི་བསོད་ནམས་དབང་འདུས་དང་བསོད་ནམས་སྟོབས་རྒྱལ་གཉིས་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཁྲོད། བོད་དེ་ནང་པའི་རིག་གཞུང་གིས་ཕྱུག་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ནས། ཕྱི་ལོ་ ༡༩༥༠ ཡས་མས་སུ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་སྐྱབས་བཅོལ་དུ་གནས་དགོས་བྱུང་བའི་བརྒྱུད་རིམ། ད་ལྟའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས། བོད་མི་ཞིང་འབྲོག་མང་ཚོགས་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ཚབ་ཏུ་རྒྱལ་མཚན་ནོར་བུ་བསྐོ་གཞག་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་གཏོགས་བྱེད་བཞིན་པ། རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་བོད་དོན་སྐོར་ལ་འཁྱོག་བཤད་དང་ལོག་འགྲེལ་འདྲ་མིན་བྱས་ཏེ། རྒྱལ་སྤྱིའི་སྟེང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་སྒྲུབ་བཞིན་པ་སོགས་ཀྱི་གནས་ཚུལ་ཧྥ་རན་སིའི་མི་མང་ལ་ངོ་སྤྲོད་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese