མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་གསུམ་རིང་སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རྒྱལ་སྲུང་ཡར་རྒྱས་བཏང་སྟེ་ཨ་རི་དང་མཉམ་འབྲེལ་གྱིས་དམག་འཁྲུག་འགོག་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས།

The US defense secretary warned that China poses a real threat to Taiwan

ཕྱི་ཟླ་ ༥ ཚེས་ ༣༠ ནས་ཕྱི་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་གསུམ་རིང་སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས་ཡོད་ཅིང་། སྐབས་དེར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་པི་ཊི་ (Pete Hegseth) ལགས་ཀྱིས། རྒྱ་ནག་གིས་ཨེ་ཤ་ཡའི་ས་ཁོངས་མང་པོར་དབང་སྒྱུར་དང་། ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བདག་དབང་རྩོད་རྙོག་གིས་ཁྱིམ་མཚེས་རྒྱལ་ཁབ་དང་གདོང་ཐུག་མང་པོ་བྱུང་ཡོད་པ་རེད། ཅེས་གསུངས།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་པི་ཊི་ལགས་ཀྱིས། རྒྱ་ནག་གིས་དམག་ཤུགས་རྒྱ་སྐྱེད་བཏང་སྟེ་ཨེ་ཤ་ཡའི་ནང་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་ཡོད་ལ། རྒྱ་ནག་གིས་ཐའེ་ཝན་ནང་བཙན་འཛུལ་བྱེད་ཉེན་ཡོད་པའི་ཉེན་བརྡ་བཏང་བ་མ་ཟད། གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་ཐའེ་ཝན་ནང་བཙན་འཛུལ་བྱས་ཚེ། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དང་། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཉེན་ཡོད་པར་བརྟེན། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རྒྱལ་སྲུང་གི་འགྲོ་གྲོན་ཇེ་མཐོར་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཡར་རྒྱས་གཏོང་བ་སོགས་ཨ་རི་དང་མཉམ་འབྲེལ་གྱིས་དམག་འཁྲུག་འགོག་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་དང་། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་དང་དམག་འཁྲུག་བྱེད་འདོད་མེད། འོན་ཀྱང་། རྒྱ་ནག་གིས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་དབང་སྒྱུར་བྱེད་མི་ཐུབ་པ་བྱེད་དགོས་སྐོར་སོགས་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས། ཨ་རིས་མེ་དང་རྩེད་མོ་རྩེ་མི་ཉན་པའི་ཉེན་བརྡ་བཏང་བ་དང་། ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཕྱིར་ལོག་དགོས་པ་དང་། ཐའེ་ཝན་གྱི་རང་བཙན་འགོག་ཐབས་སུ་ཐབས་ལམ་གཞན་མེད་ཚེ། དྲག་དམག་གིས་བཙན་འཛུལ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད། ཅེས་དང་། ཐའེ་ཝན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱེད་མི་ཉན་པའི་ཉེན་བརྡ་བཏང་འདུག

དེ་འབྲེལ་ཁ་སང་ཕྱི་ཚེས་ ༡ ཉིན་སིངྒ་པུར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིའི་རྒྱལ་སྲུང་དྲུང་ཆེ་པི་ཊི་ལགས་ཀྱིས་ཡང་ནས་ཡང་དུ་རྒྱ་ནག་ལ་ནག་ཉེས་གཡོགས་པ་དང་། རྒོལ་རྡུང་། འཇིགས་སྐུལ། སྐྱོན་བརྗོད་སོགས་བྱེད་ཀྱི་འདུག དོན་དངོས་སུ་ཨ་རི་ནི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་པའི་ལས་དོན་བྱེད་མཁན་ཞིག་རེད། དེ་ཡང་ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གོ་མཚོན་འགྲེམས་འཇོག་བྱས་པ་དང་། ཨ་རིའི་གཞུང་ཚབ་ཁང་གིས་རྒྱ་ནག་ནང་དམག་དོན་མྱུལ་ཞིབ་བྱེད་ཀྱི་ཡོད་པ་རེད། ཅེས་བཤད་འདུག

ད་ལན་གྱི་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས་པའི་ནང་རྒྱ་ནག་གི་བདེ་སྲུང་བློན་ཆེན་མཉམ་ཞུགས་བྱས་མེད་པ་དང་། ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་ནག་གིས་བགྲོ་གླེང་དེའི་ནང་བདེ་སྲུང་བློན་ཆེན་ཆེད་གཏོང་བྱས་མེད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོག་གི་ཡོད་པ་དང་། རྒྱལ་ཁབ་ཁག་གི་བདེ་འཇགས་དང་འབྲེལ་ལམ་ཡར་རྒྱས་ཆེད་ཕྱི་ལོ་ ༢༠༠༢ ནས་བཟུང་ལོ་ལྟར་ལྷན་ཚོགས་དེ་བསྡུ་ཡི་ཡོད་ཅིང་། ཚོགས་ཐོག་ཏུ་ཚོགས་ཞུགས་རྒྱལ་ཁབ་ཁག་གི་བདེ་འཇགས་བློན་ཆེན་རྣམས་མཉམ་ཞུགས་གནང་དགོས་ཀྱི་ཡོད་འདུག བགྲོ་གླེང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་དེའི་ནང་གི་རྒྱལ་སྲུང་དང་བདེ་འཇགས་ཡར་རྒྱས་གཏོང་ཕྱོགས་ཐད་གླེང་སློང་བྱེད་ཀྱི་ཡོད་པ་དང་། ཨེ་ཤ་ཡའི་མངའ་ཁུལ་བརྟན་བརླིང་སྲུང་སྐྱོབ་ཀྱི་ཚོགས་འདུ་ཞིག་རེད། ཚོགས་ཞུགས་རྒྱལ་ཁབ་ཁག་ནི་ཨོ་གླིང་དང་། ཁེམ་བྷོ་ཌི་ཡ་ (Cambodia)། ཁེ་ན་ཌ། རྒྱ་ནག ཨ་རི། ཧྥ་རན་སི། རྒྱ་གར། ཉི་ཧོང་། ལྷོ་ཀོ་རི་ཡ། མ་ལེ་ཤི་ཡ། འཇར་མན། ཨུ་རུ་སུ། པཱ་ཀི་སི་ཐན། སིངྒ་ལ། ཐའེ་ལན་ཌི། ཝི་ཐི་ནམ། ཡུག་ཁུ་རེན། ཧྥི་ལི་པིན་སི། སོག་པོ། ཆི་ལི། སུ་ཝེ་ཌན། འབར་མ། དབྱིན་ཡུལ། ལའོ་སི་སོགས་རྒྱལ་ཁབ་ ༢༩ ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 1

  1. ཇ་མ། says:
    ལོ་ 1 སྔོན།

    ཆ་ཚང་ལྟས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese