མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཆབ་མདོ་སྟེང་ཆེན་ཁུལ་དུ་ས་རུད་བྱུང་། 

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཆབ་མདོ་སྟེང་ཆེན་ཁུལ་དུ་ས་རུད་ཀྱི་གོད་ཆག་བྱུང་ནས་ད་བར་ཉུང་མཐར་མི་གྲངས་ ༣ རྐྱེན་འདས་དང་མི་གྲངས་ ༧ གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག

Rescuers work at the site of the landslide in Muta Township, Dengqen County, southwest China’s Xizang Autonomous Region, June 2, 2025. (Xinhua)

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བོད་ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་ཁོངས་སུ་ས་རུད་བྱུང་ནས་ད་བར་ཉུང་མཐར་མི་གྲངས་ ༣ རྐྱེན་འདས་དང་མི་གྲངས་ ༧ གར་སོང་ཆ་མེད། དེ་བཞིན་མི་གྲངས་ ༢ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་སྟབས། རྒྱ་ནག་གཞུང་ཕྱོགས་ཀྱིས་ཉེན་སྐྱོབ་མི་སྣ་ ༥༠༠ ལྷག་ཡུལ་དངོས་སུ་ཆེད་གཏོང་གིས་མྱུར་སྐྱོབ་ཀྱི་ལས་དོན་ལ་གཞོལ་མུས་ཡིན་ལུགས་བསྒྲགས་པ་ལས། ཡུལ་དངོས་ཀྱི་དངོས་ཡོད་ཀྱི་གནས་སྟངས་ཐད་ལ་གསལ་ཆ་གང་ཡང་མེད་པ་རེད། 

རྒྱ་ནག་གཞུང་ཕྱོགས་ཀྱིས། ད་ལྟ་རྨས་སྐྱོན་ཕོག་པའི་མི་རྣམས་སྨན་ཁང་དུ་བདེ་འཇགས་ཀྱི་ཐོག་ནས་སྨན་བཅོས་བྱེད་མུས་ཡིན་པའི་ཁར། གཞུང་འབྲེལ་གྱི་ཐོག་ནས་མེ་གསོད་རུ་ཁག་དང་། སྨན་བཅོས་ལྟ་སྐྱོང་ཚན་པ། མྱུར་སྐྱོབ་རུ་ཁག་ཚུད་པའི་མི་གྲངས་ ༥༠༠ ལྷག་ཡུལ་དངོས་སུ་ཆེད་གཏོང་བྱས་ཡོད་ལུགས་དང་། རང་བྱུང་གོད་ཆག་དེ་ལས་གྲོལ་སླད་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་སྒོར་ས་ཡ་ལྔ་ཡིས་རོགས་འདེགས་བྱས་ཡོད་ལུགས་བསྒྲགས་ཡོད་ཀྱང་། ས་ཁམས་ཆེད་མཁས་པ་དག་གིས་ཡུལ་དངོས་དེར་སླར་ཡང་ས་རུད་ཀྱི་གོད་ཆག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག 

འདི་གའི་གསར་འགོད་པས་བོད་ནང་གི་འབྲེལ་ཡོད་ཁག་ཅིག་ལ་འབྲེལ་བ་བྱས་ཏེ། བོད་སྟེང་ཆེན་ཁུལ་དུ་ས་རུད་ཀྱི་གོད་ཆག་བྱུང་བ་དང་འབྲེལ་བའི་སྐོར་ལ་འདྲི་སྐབས། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ས་རུད་སྐོར་གྱི་གནས་ཚུལ་ཐོན་པ་མ་གཏོགས། ཡོངས་ཁྱབ་ཀྱི་ཐོག་ནས་གོད་ཆག་དེ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་དམ་དྲག་བྱེད་ཀྱིན་ཡོད་ནའང་། མི་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་པའི་བརྙན་པར་ཁྲོད། ཆེད་དུ་དབྱར་རྩ་བརྐོ་བར་ཡོང་མཁན་གྱི་སྡོད་གུར་ཡོད་ས་ཞིག་ཏུ། ས་རུད་བྱུང་ནས་མང་ཚོགས་ཀྱི་རླངས་འཁོར་རྣམས་ས་རུད་ཀྱིས་བཅག་པ་དང་། མི་མང་ལ་གནོད་འཚེ་ཐེབས་ཡོད་སྐོར་སོགས་བརྗོད་བྱུང་། 

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་ཆབ་སྲིད་ཀྱི་གནད་དོན་གཙོས། རང་བྱུང་གོད་ཆག་སོགས་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་གི་ཐད་ལ་འཁྱོག་བརྗོད་དང་། སྦས་སྐུང་སོགས་བྱེད་ཀྱི་ཡོད། དཔེར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་ཧིན་བོད་མཐའ་མཚམས་ཁུལ་གྱི་གྲོང་བརྡལ་རྣམས་འཛུགས་སྐྲུན་གྱིས་སྤྱི་ཚོགས་གསར་པའི་ལམ་སྣེ་ཟིན་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ནའང་། འདི་ལོར་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་འབྱུང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བྱས་ཡོད་ལུགས་བཤད་པ་ཁ་ཙམ་ཡིན་པའི་བདེན་དཔང་གསལ་པོ་རྙེད་ཡོད། 

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་ཤིང་ནགས་གཅོད་བྲེག་དང་། གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་རགས་གསར་རྒྱག་བཅས་ཀྱི་དབང་གིས་བོད་ནང་དུ་གནམ་གཤིས་འགྱུར་ལྡོག་ཕྱིན་ནས།  འདི་ལོ་གཅིག་པུར་རང་བྱུང་གོད་ཆག་གི་དཀའ་ངལ་མི་ཉུང་བ་ཞིག་ཕྲད་དང་འཕྲད་མུས་ཡིན་པའི་ཁྲོད། འདི་ལོའི་ལོ་མགོར་བོད་དིང་རི་ཁུལ་དང་ཁྱུང་མཆུ་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེན་ཐེབས་པ་དང་། བོད་ཛམ་ཐང་ཁུལ་དུ་ཚ་དྲོད་ཀྱི་དབང་གིས་ནགས་ཚལ་མེས་འཚིགས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese