མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་བློ་མཐུན་ཞིག་རྐྱེན་འདས་སུ་གྱུར་འདུག་ཟེར།  

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བའི་དམག་སྤྱི་གཞོན་པ་ཟུར་བ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དམག་དོན་མི་སྣ་ཞུའུ་ཆི་ཉཱིང་ནད་གཞི་ཡི་དབང་གིས་རྐྱེན་འདས་སུ་གྱུར།

Xu Qiliang, vice chairman of the Central Military Commission, attends the second plenary session of the National People’s Congress (NPC) at the Great Hall of the People in Beijing, China May 25, 2020. REUTERS/Thomas Peter

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་བ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་གནད་ཡོད་མི་སྣ་ཞུའུ་ཆི་ཉཱིང་ (Xu Qiliang) ཟེར་བ་དེ་ནད་གཞི་ཡི་རྐྱེན་གྱིས་རང་ལོ་ ༧༥ ཐོག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག་ཅིང་། ཁོ་ནི་ཞི་ཅིན་ཕིན་གྱི་བློ་མཐུན་གྲོགས་པོ་ཉེ་བོ་ཞིག་ཀྱང་ཡིན་པ་རེད།

རྒྱ་ནག་དམར་ཤོག་གཞུང་གི་མགྲིན་ཚབ་ལྟ་བུར་གྱུར་བའི་རྒྱ་ནག་ཤིན་ཧྭ་གསར་ཁང་དང་། རྒྱ་ནག་བདེ་སྲུང་ལས་ཁུངས་ཀྱིས། ཁོ་ནི་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་མཁན་གྱི་དམར་དམག་ཅིག་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཡང་དག་པའི་དམར་དམག་གི་མགོ་ཁྲིད་ཚད་ལྡན་ཞིག་ཡིན་ལུགས་སོགས་བསྒྲགས་འདུག

ཞུའུ་ཆི་ཉཱིང་ཟེར་བ་ནི་ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱ་ནག་ཤར་རྒྱུད་ཀྱི་ཧྲན་དུང་ཁུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༣ ཙམ་ནས་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བའི་ཁོངས་སུ་ཞུགས་ཏེ། ཕྱི་ལོ་ ༡༩༨༥ ལོར་ཧྲན་དུང་ཁུལ་གྱི་མཁའ་དམག་ཚན་པའི་མགོ་ཁྲིད་དུ་བསྐོས། ཕྱི་ལོ་ ༡༩༩༡ ལོར་རྒྱ་ནག་བཅིངས་གྲོལ་དམག་མིའི་མཁའ་དམག་ཚན་པ་ཞིག་གི་དམག་སྤྱིར་བསྐོས། ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་གི་བདེ་སྲུང་སློབ་ཆེན་( National Defense University) གྱི་མཁའ་དམག་གི་ལས་བྱེད་དང་མགོ་ཁྲིད་གཞོན་པར་བསྐོས། ཕྱི་ལོ་ ༡༩༩༩ ལོར་རྒྱ་ནག་ཧྲན་ཡང་དམག་དོན་རུ་སྒར་(Shenyang Military Region)  གྱི་དམག་སྤྱི་གཞོན་པ་དང་མཁའ་དམག་དམག་སྤྱི་གཞོན་པར་བསྐོས།

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་གོ་གནས་བཟུང་རྗེས།  ཁོ་པ་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་བཅུ་དགུ་པའི་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་གི་མཐོ་རིམ་རྒྱུན་ལས་ ༧ དང་རྒྱུན་ལས་ ༡༧། དབུས་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་ ༢༠༤ ། བརྗེ་ཚབ་ཚོགས་མི་ ༡༧༢ བཅས་གཏན་འབེབས་བྱས་ཡོད་པའི་ཁྲོད་དུའང་བདམས་ནས། ཕྱི་ལོ་ ༢༠༡༢ ནས་ ༢༠༢༢ བར་དུས་སྐབས་གཉིས་རིང་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དོན་གྱི་དམག་སྤྱི་ཆེན་པོའི་ལས་གནས་གཉེར་མྱོང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

སྐར་མ ༣༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༦ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

༢༠༢༦/༡༠/༡༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese