མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་རྗེ་མུ་ཡུང་ལགས་སུ་འོས་གྲངས་བརྒྱ་ཆ་ ༤༩།༤༢ ཐོབ་སྟེ་ལྷོ་ཀོ་རི་ཡའི་སྐབས་ ༢༡ པའི་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག

Lee enters office at a time when the country is grappling with deep divisions

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༣ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད། བཅོས་སྒྱུར་གསར་བའི་སྲིད་དོན་ཚོགས་པའི་ (New Reform Party) འཐུས་མི་སྐུ་ཞབས་ལི་ཇུན་སོག་ (Lee Jun-seok) ལགས་སུ་འོས་གྲངས་ ༢,༩༡༧,༥༢༣ ཐོབ་སྟེ་བརྒྱ་ཆ་ ༨།༣༤ དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་མི་མང་ཚོགས་པའི་སྐུ་ཞབས་མི་ཀིམ་མུན་སུ་ (Kim Moon-soo) ལགས་སུ་འོས་གྲངས་ ༡༤,༣༩༥,༦༣༩ དང་འོས་བསྡུའི་བརྒྱ་ཆ་ ༤༡།༡༥།  དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལི་རྗེ་མུ་ཡུང་ (Lee Jae-myung) ལགས་སུ་འོས་གྲངས་ ༡༧,༢༨༧,༥༡༣ ཐོབ་ཅིང་། དེས་འོས་བསྡུའི་བརྒྱ་ཆ་ ༤༩།༤༢ ཟིན་ཏེ། སྐུ་ཞབས་ལི་རྗེ་མུ་ཡུང་ལགས་ལྷོ་ཀོ་རི་ཡའི་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་སྐུ་ཞབས་ལི་རྗེ་མུ་ཡུང་ལགས་ཀྱིས། ལྷོ་ཀོ་རི་ཡའི་དམངས་གཙོའི་ལམ་ལུགས་སླར་གསོ་བྱ་རྒྱུ་གཙོ་བོར་དམིགས་པ་དང་། རྒྱལ་ཁབ་ཀྱི་ཚོང་ལས་ཡར་རྒྱས་གཏོང་རྒྱུ་དང་། ཨ་རི་དང་བདེ་འཇགས་ཀྱི་འབྲེལ་ལམ་སྲ་བརྟན་དུ་བཏང་བའི་ཐོག བྱང་ཀོ་རི་ཡ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་སྐོར་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ། དེ་བཞིན་མི་མང་གི་རེ་བ་དང་མངོན་འདོད་ལྟར་ལས་དོན་བསྒྲུབ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེའི་ཐད་ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་འོས་འདེམས་བྱུང་བ་དེ་རང་དབང་དང་དྲང་བདེན་གྱི་འོས་བསྡུ་ཞིག་ཡིན་པ་དང་། ཨ་རིས་མུ་མཐུད་དུ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་གིས་ཐེ་ཇུས་དང་ཤུགས་རྐྱེན་སྤྲོད་པར་སེམས་འཚབ་དང་ངོ་རྒོལ་བྱེད་ཀྱིན་ཡོད། ཅེས་གསལ་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་མར་ཁོ་རོ་བྷིའོ་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་གནང་བ་དང་། ཨ་རི་དང་ལྷོ་ཀོ་རི་ཡའི་བར་གྱི་འབྲེལ་ལམ་དང་། དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་གསུངས་འདུག་ལ། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། དམངས་གཙོ་ཚོགས་པའི་ཚོགས་གཙོ་ལི་ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་བ་དང་། ལྷོ་ཀོ་རི་ཡ་དང་ལྷན་དུ་འབྲེལ་ལམ་རྒྱ་སྐྱེད་དང་སྲ་བརྟན་དུ་གཏོང་རྒྱུ་ཡིན། ཞེས་གསུངས་འདུག

ད་ལན་སྲིད་འཛིན་གྱི་འོས་བསྡུ་གནང་དོན་ནི། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་གྱི་མཚན་གུང་དུ་ཡུལ་དེའི་བརྙན་འཕྲིན་བརྒྱུད་ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་བ་ཡུན་སུག་ཡོལ་ལགས་ཀྱིས་དྲག་པོའི་ཁྲིམས་ཤིག་ཡོངས་བསྒྲགས་བྱས་རྗེས། ཕྱོགས་འགལ་སྲིད་དོན་ཚོགས་པས་ཡུན་སུག་ཡོལ་གྱིས་དབང་ཆ་ལོག་སྤྱོད་དང་རྒྱལ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག ཟླ་དེའི་ཕྱི་ཚེས་ ༡༤ ཉིན་ཡུན་སུག་ཡོལ་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་བ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་འཛིན་བཟུང་བྱས་པ་སོགས། ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་འཕོ་འགྱུར་ཤུགས་ཆེན་བྱུང་བ་ལ་བརྟེན་ནས་ཐེངས་འདིར་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུ་བྱས་པའི་བརྒྱུད་རིམ་དེ་བྱུང་ཡོད།

ལི་རྗེ་མུ་ཡུང་ལགས་ནི་ཕྱི་ལོ་ ༡༩༦༤ ཟླ་ ༡༢ ཚེས་ ༢༢ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨན་ཌོང་ (Andong) དུ་སྐྱེས་ཤིང་། ཆུང་དུས་ནས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཏེ། བཟོ་གྲྭའི་ནང་ལས་ཀ་བྱས། སྐབས་དེར་ཁོང་གི་ལག་པར་རྨས་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར། ལི་ཡིས་ཁྲུང་ཨང་མཐོ་རིམ་སློབ་གཉེར་ཁང་ (Chung-Ang University) དུ་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༨༦ ལོར་ཁྲིམས་ལུགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་རྗེས་འགྲོ་བ་མིའི་ཐོབ་དང་ངལ་རྩོལ་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༥ ནས་བཟུང་ཆབ་སྲིད་ནང་མཉམ་ཞུགས་གནང་མགོ་འཛུགས་ཏེ། ཕྱི་ལོ་ ༢༠༡༠ དང་ ༢༠༡༤ ལོར་ལྷོ་ཀོ་རི་ཡའི་སོང་ནམ་གྲོང་སྡེའི་སྤྱི་ཁྱབ་ཏུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༡༧ དང་ ༢༠༢༢ ལོར་སྲིད་འཛིན་གྱི་འོས་མིར་ལངས་ཀྱང་འོས་བསྡུའི་རྒྱལ་ཁ་ཐོབ་མི་འདུག ཕྱི་ལོ་ ༢༠༡༨ ལོར་གྷོང་གྷི་ཞིང་ཆེན་གྱི་སྤྱི་ཁྱབ་ཀྱི་ལས་གནས་ཁུར། ཕྱི་ལོ་ ༢༠༢༥ ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་ཏེ། ལི་ལ་འོས་གྲངས་བརྒྱ་ཆ་ ༤༩།༤༢ ཐོབ་སྟེ་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese