མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བསྒྲགས་གཏམ་ཉེར་བཞི་དང་གྲོས་ཆོད་དྲུག་གཏན་འབེབས་ཀྱིས་ཐོག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བ་མཇུག་བསྡུས།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤

ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་འཚོགས་ཡོད་ཅིང་། ད་ལན་གྱི་ཚོགས་ཐེངས་ཐོག་བསྒྲགས་གཏམ་དོན་ཚན་ ༢༤ དང་གྲོད་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་བའི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་བདག་དབང་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཕོ་བྲང་ཁོ་ན་ལས་གཞན་སུ་ལའང་མེད་སྐོར་སོགས་གསལ་འདུག

ཡོངས་ཁྱབ་བསྒྲགས་གཏམ་དོན་ཚན་ ༢༤ ཡོད་པའི་ཁྲོད། ཕྱི་ལོ་ ༡༩༥༠ ནས་བཟུང་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་། བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བ་དང་། དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་རྒྱབ་སྐྱོར་མེད། བོད་མི་རྣམས་ཀྱིས་མུ་མཐུད་དུ་རང་དབང་དང་ཐོབ་ཐང་གི་ཆེད་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་ཡོད། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་སླད། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པ་དང་། བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར། དེ་བཞིན་བོད་ནང་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཅེས་འཁོད།

ཡང་བསྒྲགས་གཏམ་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཏེ། བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་པ། ལྷག་པར་ཝི་ཏི་ནམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་དཀྲོངས་པའི་གནས་ཚུལ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་རྣམས་ལ་ཐེ་ཇུས་བྱེད་བཞིན་པར་དོ་སྣང་བྱེད་ཀྱི་ཡོད། རྒྱ་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པ་དང་། རྒྱལ་ཁབ་ཁག་གིས་བོད་མི་རྣམས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། རང་དབང་། བོད་མིའི་སྒྲིག་འཛུགས་ལ་ཕྱི་ནང་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་གནང་རོགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་ཆོག་གི་མེད། འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་ཡིན། གྲོས་ཚོགས་འཐུས་མི་རྣམས་ཀྱིས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་འཚོག་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་པའི་འགྲེལ་ལོག་དང་འཁྱོག་བཤད་བྱེད་བཞིན་པ་རྣམས་ལ་ངོས་ལེན་མེད། རྒྱ་ནག་གཞུང་གིས་བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ཏུ་ཞི་ཙང་ (Xizang) ཟེར་བའི་ཚིག་བེད་སྤྱོད་བྱེད་བཞིན་པར་ངོས་ལེན་མེད། ཅེས་སོགས་འཁོད་འདུག

དེ་བཞིན་གཏན་འབེབས་གྲོད་ཆོད་དྲུག་གི་ཁྲོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་སྲུང་གཙི་ཞུ་རྒྱུ་དང་། ༧མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་གཅིག་གྱུར་དང་། འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་། བཟོད་སྒོམ། ཁོར་ཡུག་གི་གོ་རྟོགས། དམངས་གཙོའི་དོན་དུ་ཕྱག་ལས་གནང་བར་ཆེ་བསྟོད་ཞུ་ཡི་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་ལོ་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་སྲུང་གཙི་དང་། བྱམས་བརྩེའི་ལོ་སྲུང་གཙི་ཞུ་རྒྱུར་མཉམ་ཞུགས་བྱ་རྒྱུ་དང་། ༧གོང་ས་མཆོག་ནས་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་མི་ཉམས་རྒྱུན་འཛིན། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་སླད་ཕྱག་ལས་གནང་བར་ཆེ་བསྟོད་ཞུ་ཡི་ཡོད། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལ་ཆོད་སེམས་བརྟན་པོའི་རྒྱབ་སྐྱོར་བྱེད་ཀྱི་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གྱི་བདག་དབང་༧གོང་ས་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད། ཅེས་གསལ་འདུག

སྤྱིར་ཉི་ཧོང་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་མང་ཤོས་ཤིག་ཡིན་པ་མ་ཟད། འདི་ལོར་འཛམ་གླིང་ས་ཕྱོགས་གང་སར་ནས་དངོས་ཤུགས་གཉིས་ནས་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་མཉམ་ཞུགས་གནང་ཡོད་སྟབས། ཉི་ཧོང་གི་རྒྱལ་ས་ཊོག་ཡོར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ཀྱང་། དེ་རིང་བོད་ཀྱི་བརྙན་འཕྲིན་ཚན་པས་ཚོགས་ཞུགས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བཅར་འདྲི་བྱས་པའི་ཁྲོད། གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ད་ལན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་དོན་སྙིང་ལྡན་པ་ཞིག་དང་བོད་དོན་ཐད་སྔར་ལས་ལྷག་པའི་བློ་སྐྱེས་མི་དམན་པ་ཞིག་བྱུང་ཡོད་སྐོར་སོགས་གསུངས་འདུག

འདི་ལོའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་འཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ ༢༩ ཡི་སྐུ་ཚབ་དང་གྲོས་ཚོགས་འཐུས་མི་ ༡༤༢ ཡིས་མཉམ་ཞུགས་བྱས་ཏེ། བོད་དོན་འཐབ་རྩོད་ཀྱི་འདས་མ་ད་གསུམ་སྐོར་ལ་བགྲོ་གླེང་གནང་ཡོད་འདུག་ལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མ་དེ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་ཡོད་ཅིང་། དེའི་རྗེས་རིམ་པས་ཕྱི་ལོ་ ༡༩༩༤ ལོར་ཡུ་རོབ་ཀྱི་ལི་ཐུ་ནིཡའི་རྒྱལ་ས་ཝིལ་ནུས་དང་། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨེ་ཌན་སྦ་རག་དང་། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་དང་། ཕྱི་ལོ་ ༢༠༡༩ ལོར་ལ་ཊི་ཝི་ཡའི་རྒྱལ་ས་རི་གྷ་དང་། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese