མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞིས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ལ་ཁྲིམས་འགལ་དང་གཞི་མེད་སྙོན་འཛུགས་བྱས་པར་ཉེས་ཆད་བཏང་འདུག

A general view of the International Criminal Court (ICC) building in The Hague, Netherlands on April 30, 2024. [Selman Aksünger – Anadolu Agency]
ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་མར་ཁོ་རོ་བྷིའོ་མཆོག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ (International Criminal Court) གི་ཨ་ཧྥི་རི་ཁའི་ཨུ་གྷན་ཌ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་སོ་ལོ་མི་ (Solomy Balungi Bossa) ལགས་དང་། པེ་རུའི་ (Peru) ཁྲིམས་དཔོན་ལུ་ཛི་ཌེལ་ཁར་མན་ (Luz del Carmen Ibáñez Carranza)། ནུབ་ཨ་ཧྥི་རི་ཁའི་བྷེ་ནིན་ (Benin) རྒྱལ་ཁབ་ཀྱི་ཁྲིམས་དཔོན་རེན་ཨ་ཌི་ལེ་ཌི་ (Reine Adelaide Sophie Alapini Gansou)། ཡུ་རོབ་ཀྱི་རྒྱལ་ཁབ་སོ་ལོ་ཝི་ནི་ཡའི་ཁྲིམས་དཔོན་བྷེ་ཊི་ཧོ་ལར་ (Beti Hohler) ལགས་བཅས་ཀྱིས་ཆོག་མཆན་གང་ཡང་མེད་པའི་ཐོག་ནས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཨི་ཛི་རེལ་གྱི་མི་སེར་རྣམས་ལ་རྟོག་ཞིབ་དང་། ནག་ཉེས་གཡོག་པ། བཙོན་འཇུག་སོགས་བྱེད་པའི་ལས་དོན་གཉེར་བར་བརྩོན་པ་བྱེད་ཀྱིན་ཡོད་པར་བརྟེན། ཁྲིམས་དཔོན་དེ་དག་ཨ་རིར་ཡོང་མི་ཆོག་པའི་ཁར། ཨ་རིའི་ནང་ཡོད་པའི་ཁོང་ཚོའི་རྒྱུ་དངོས་ཚང་མ་བཀག་སྡོམ་བྱ་རྒྱུའི་ཉེས་ཆད་གཏོང་གི་ཡིན། ཞེས་གསལ་འདུག

བསྒྲགས་གཏམ་ནང་། ཐག་གཅོད་དེ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་མེད་དང་གཞི་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། ཁྲིམས་དཔོན་དེ་དག་གིས་དབང་ཆ་ལོག་སྤྱོད་དང་། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐེ་ཇུས་བྱེད་བཞིན་འདུག དེར་བརྟེན་ཨ་རིའི་གཞུང་གིས་ཨི་ཛི་རེལ་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་སྤེལ་ཚང་མ་བཀག་འགོག་བྱེད་ངེས་ཡིན། ཞེས་འཁོད་འདུག

དེ་འབྲེལ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ (International Criminal Court) གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁྲིམས་ཁང་གིས་ཁྲིམས་དཔོན་རྣམས་ལ་རྒྱབ་སྐྱོར་ཡོད་པ་དང་། ཊོམ་ཕུ་གཞུང་གི་ཐག་གཅོད་དེ་ལ་བློ་ཕམ་ཡོད། ཨ་རིའི་གཞུང་གི་ཐག་གཅོད་དེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་བཞིན་ཡོད་པ་གསལ་བོ་ཡིན་ལ། ཐག་གཅོད་དེས་སྤྱི་དམངས་ལ་ཕན་ཐོགས་གང་ཡང་བྱུང་གི་མེད་པ་དང་། དེ་ལས་ལྡོག་སྟེ་ཉེས་ཅན་རྣམས་ལ་གང་ཡང་བྱ་ཆོག་པའི་བློ་སྤོབས་སྤྲོད་ཀྱི་རེད། ཁྲིམས་ཁང་འདིས་འཛམ་གླིང་གི་རྒྱལ་ཁབ་ ༡༢༥ ཡི་བཀའ་རྒྱའི་འོག་ནས་ལས་དོན་བྱེད་བཞིན་ཡོད། ཅེས་གསལ་འདུག

ཨི་ཛི་རེལ་གྱི་སྲིད་བློན་བྷན་ཇ་མིན་ (Benjamin Netanyahu) གྱིས། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཕྱི་སྲིད་བློན་ཆེན་མར་ཁོ་རོ་བྷིའོ་མཆོག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་རྣམས་ལ་ཉེས་ཆད་བཀལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨི་ཛི་རེལ་དང་ཨ་རི། དེ་བཞིན་དམངས་གཙོའི་རྒྱལ་ཁབ་རྣམས་འཇིགས་སྐུལ་ལས་རང་སྲུང་བྱེད་པའི་ཐོབ་ཐང་གི་ཆེད་དུ་དྲང་བདེན་གྱིས་རྒྱབ་སྐྱོར་བྱས་ཡོད། ཅེས་བརྗོད་འདུག

དེ་སྔ། ཕྱི་ལོ་ ༢༠༠༡ ནས་ ༢༠༢༡ བར་ཨ་རིས་ཨབ་གྷ་ནི་སི་ཐན་ནང་དམག་འཁྲུག་བརྒྱབ་ཡོད་པར་བརྟེན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་རིའི་དམག་དཔུང་དང་རྒྱལ་སྤྱིའི་གསང་མྱུལ་ལས་ཁུངས་ཀྱི་ཚོགས་མི་རྣམས་ལ་ཞིབ་འཇུག་བྱེད་དགོས་པའི་ཆོག་མཆན་སྤྲོད་པ་དང་། ཨ་རི་ནི་ཨི་ཛི་རེལ་གྱི་མཐུན་ཕྱོགས་རྒྱལ་ཁབ་རྙིང་ཤོས་ཤིག་ཡིན་ཞིང་། ད་ལྟའི་ཆར་གྷ་ཛའི་ནང་དམག་འཁྲུག་འབྱུང་བཞིན་ཡོད་ལ། ད་བར་པ་ལི་སི་ཐན་གྱི་མི་གྲངས་ ༥༤,༦༠༤ བསད་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་ཛི་རེལ་གྱི་སྲིད་བློན་བྷན་ཇ་མིན་ (Benjamin Netanyahu) དང་། ཨི་ཛི་རེལ་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་གྷེ་ལེན་ཌི་ (Yoav Gallant) གཉིས་ཀྱིས་གྷ་ཛའི་ནང་དམག་འཁྲུག་སྐབས་མང་ཚོགས་ལ་འཐབ་རྒོལ་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་ཡོད་པ་སོགས་ལ་ཨ་རིའི་གཞུང་གིས་ངོས་ལེན་བྱེད་ཀྱིན་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༠ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese