མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་གཉིས་ཀྱིས་ཨ་རིའི་ནང་དུག་རྫས་ཅན་གྱི་ཤ་མོང་ནག་ཚོང་བརྒྱབ་པའི་གནད་དོན་བྱུང་བར་བརྟེན། རྒྱ་ནག་གིས་ཨ་རིའི་ཞིང་ལས་འདེབས་འཛུགས་ལ་བཙན་འཛུལ་བྱས་ཏེ་ཏོག་དབྱིབས་གཉན་རིམས་ལས་ཀྱང་ཚབས་ཆེ་བའི་དཀའ་ངལ་བསྐྲུན་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

China expert warn of ‘something worse than Covid’ after fungus smuggling plot

ཉེ་ལམ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་གི་ཁྱོ་ཤུག་གཉིས་ཀྱིས་ཨ་རིའི་ནང་དུག་རྫས་ལྡན་པའི་ཤ་མོང་ནག་ཚོང་བརྒྱབ་པའི་གནད་དོན་བྱུང་བར་བརྟེན། ཨ་རིའི་རྒྱ་ནག་གི་ཆེད་མཁས་པས་ཨ་རིའི་ནང་ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ཨ་རིའི་རྒྱ་ནག་ཆེད་མཁས་པ་གྷོར་ཌོན་ཁྲང་ (Gordon G Chang) གྱིས། རྒྱ་ནག་གི་ཚན་རིག་པ་གཉིས་ཀྱིས་ཨ་རིའི་ནང་དུག་རྫས་ཅན་གྱི་ཤ་མོང་ནག་ཚོང་བརྒྱབ་པའི་གནད་དོན་བྱུང་བར་བརྟེན། ཨ་རིའི་ངོས་ནས་ཡིད་གཟབ་བྱེད་དགོས་པ་དང་། གལ་ཏེ་ཨ་རིས་རྒྱ་ནག་དང་འབྲེལ་ལམ་མཚམས་འཇོག་མ་བྱས་ཚེ། ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་གནས་སྟངས་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

ད་དུང་ཁྲང་གིས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་དུས་རྟག་ཏུ་དམག་འཁྲུག་རྒྱག་རྒྱུ་དང་འབྲེལ་ནས་སྐད་ཆ་ཤོད་ཀྱི་ཡོད་ལ། ཁོས་རྒྱ་ནག་ནང་གི་མི་མང་རྣམས་ལ་དམག་སྦྱོང་སྤྲད་དེ་དམག་འཁྲུག་ལ་འགྲོ་རྒྱུའི་སྐུལ་འདེད་གཏོང་གི་ཡོད་པར་བརྟེན། ཨ་རི་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཡང། རྒྱལ་ཁབ་རང་ཉིད་ཀྱིས་དྲག་པོའི་ལམ་དང་། དགོས་མཁོ་ལ་གཞིགས་ནས་ཐག་གཅོད་ངེས་ཅན་ཞིག་གི་ཐོག་ནས་འགོག་རྒོལ་བྱེད་ཀྱི་མེད་པར་བརྟེན། རང་ཉིད་ཀྱི་རྒྱལ་ཁབ་ཤོར་སྲིད་པའི་ཉེན་ཁ་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་ཨ་རིའི་མངའ་སྡེ་ ༥༠ ནང་མགོ་སྐོར་བསླུ་བྲིད་འོག་འབྲུ་རིགས་མང་པོ་འོར་འདྲེན་བྱས་ཡོད་པ་དེས་ཨ་རིའི་ནང་ཞིང་ལས་འདེབས་འཛུགས་བརྒྱུད་བཙན་འཛུལ་བྱེད་ཐབས་ལ་བརྩོན་པ་ཞིག་རེད་བསམ་གྱི་ཡོད་སྐོར་སོགས་བརྗོད་འདུག

དེ་ཡང་རང་ལོ་ ༣༣ ཡིན་པའི་རྒྱ་རིགས་ཡུན་ཆིང་ཅེན་ (Yunqing Jian) དང་ཁོའི་དགའ་རོགས་རང་ལོ་ ༣༤ ཡིན་པའི་ཙུན་ཡོང་ལིའུ་གཉིས་ཀྱིས་ཨ་རིའི་ནང་དུག་རྫས་ཅན་གྱི་ཤ་མོང་ (Fusarium graminearum) ཞེས་པ་ལྐོག་ཏུ་དབོར་འདྲེན་བྱས་ཏེ་ནག་ཚོང་རྒྱག་གི་ཡོད་ཅིང་། དུག་རྫས་དེས་གྲོ་དང་ནས། འབྲས། མ་རྨོས་ལོ་ཏོག་སོགས་ཀྱི་ལོ་མའི་ཐོག་ཏུ་ཆགས་པའི་ལྕགས་བཙའ་ལྟ་བུའི་བཙའ་ཐན་ཕོག་སྟེ་མི་དང་སེམས་ཅན་གྱི་འཕྲོད་བསྟེན་ལ་ཤུགས་རྐྱེན་ངན་པ་སྤྲོད་ཀྱི་ཡོད་པ་གསལ་འདུག

དེ་འབྲེལ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས། ཤ་མོང་ཚུད་པའི་ཞིང་ལས་ལ་འཇིགས་སྐུལ་གྱི་མཚོན་ཆ་བེད་སྤྱོད་བྱས་པ་བརྒྱུད། ལོ་རེར་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུན་ཐེབས་ཡོད་སྐོར་དང་། ཤ་མོང་དུག་རྫས་ཅན་གྱིས་སྐྱུག་མེར་སློང་བ་དང་། མཆིན་པ་ཉམས་ཆག་ཏུ་གཏོང་བ། མི་དང་སེམས་ཅན་གྱི་སྐྱེ་འཕེལ་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་ཆེད་མཁས་པ་གྷོར་ཌོན་ཁྲང་ནི་རྒྱ་ནག་དམག་འཁྲུག་ལ་འགྲོ་རྒྱུ་རེད་ (China is Going to War) ཅེས་པའི་རྩོམ་པ་པོ་ཡིན་པ་རེད། ཁོས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་རྒྱ་ནག་དང་ཧོང་ཀོང་ནང་དུ་ལས་དོན་གཉེར་མྱོང་བ་དང་། ཉེ་ལམ་རྒྱ་ནག་ཧྲང་ཧེ་རུ་ཨ་རིའི་ཁྲིམས་ཁང་པོལ་ཝེ་སི་ (Paul Weiss) ཡི་ཁྲིམས་རྩོད་པ་དང་། དེ་སྔ་ཧོང་ཀོང་དུ་རྒྱལ་སྤྱིའི་ཁྲིམས་ཁང་བྷེ་ཀར་དང་མེག་ཀེན་ཛི་ (Baker & McKenzie) ཡི་མཉམ་ལས་འགན་འཁུར་བླངས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese