མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངལ་སེལ་ཆེད་གྷ་ཛར་སྐྱོད་མཁན་གྱི་ལས་འགུལ་བ་རྣམས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཛི་རེལ་གྱིས་གྷ་ཛའི་ཁུལ་དུ་རྒྱལ་སྤྱིའི་འགྲོ་བ་མིའི་རོགས་སྐྱོར་ཚན་པ་ཞིག་འཛིན་བཟུང་བྱས་པར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་དག་ཅིག་གིས་ངོ་རྒོལ་བྱས།

Crew members of the “Madleen” are seen with their hands in the air as Israeli forces come aboard, in this image from the Freedom Flotilla Coalition. Freedom Flotilla Coalition/Freedom Flotilla Coalition/Teleg

 ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨི་ཛི་རེལ་གྱི་དམག་མིས་གྷ་ཛའི་དམག་འཁྲུག་གི་ཁྲོད་ནས་བཀྲེས་སྐོམ་གྱིས་མནར་བའི་མི་གྲངས་མི་འབོར་ས་ཡ་ ༢།༡ ལྷག་ལ་རོགས་རམ་སླད། རྒྱལ་སྤྱིའི་ལས་འགུལ་བ་གྷེ་ཊ་ཐན་བྷག་(Greta Thunberg)ལགས་ཚུད་པའི་ལས་འགུལ་བ་རྣམས་ཡོད་པའི་གྲུ་གཟིངས་ཤིག་བཀག་སྡོམ་བྱས་ཏེ། རོགས་རམ་དང་ངལ་སེལ་ཆེད་ཡོང་མཁན་གྱི་ལས་འགུལ་བ་རྣམས་འཛིན་བཟུང་བྱས་ནས་ཨི་ཛི་རེལ་ལ་ཕྱིར་སློག་བྱས་འདུག 

དེའི་ཐད་ཧ་མ་སིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ལས་འགུལ་བ་རྣམས་འཛིན་བཟུང་དང་། དང་བླངས་ཀྱི་ལས་འགུལ་བ་རྣམས་ལ་འཐབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་པ་དང་སྦྲགས།  ལས་འགུལ་བ་རྣམས་འཕྲལ་དུ་ཀློད་གྲོལ་གཏང་དགོས་སྐོར་བརྗོད་འདུག  

 ཨི་ཛི་རེལ་ཕྱི་སྲིད་ལས་ཁུངས་ཀྱིས། གྲུ་གཟིངས་དེ་ཉེན་ཁ་མེད་པའི་ཐོག་ནས་ཨི་ཛི་རིལ་གྱི་མཚོ་མཐའ་རུ་འབྱོར་ཡོད། འགྲུལ་བ་རྣམས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕྱིར་ལོག་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཨི་ཛེ་རེལ་གྱིས་གྷ་ཛའི་ནང་མཚོ་གྲུ་དེ་བསྐྱོད་པར་བཀག་འགོག་བྱས་ཡོད་ཅིང་། ཁོང་ཅག་ནི་སྙན་གྲགས་ཅན་གྱི་མི་སྣ་ཡིན་སྟབས། རང་ཉིད་སྐད་གྲགས་འགྲོ་བའི་ཆེད་དུ་སྤྱི་ཚོགས་དྲ་ལམ་དུ་འཁྲུག་རྐྱེན་སློང་བའི་གནས་ཚུལ་སྤེལ་ནས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་པ་རེད།  ཨི་ཛི་རེལ་གྱི་བདེ་སྲུང་དམག་སྡེ་ལ་མེ་ཌི་ལིན་གྱི་གྲུ་གཟིངས་དེ་གྷ་ཛའི་ནང་གཏོང་མི་ཆོག་ལུགས་བཤད་འདུག་ལ།  དེའི་ཐད་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱིས། མེ་ཌི་ལིན་གྱི་གྲུ་གཟིངས་ནང་ཧྥ་རན་སིའི་མི་སེར་དྲུག་པོ་དེ་ཕྱིར་ལོག་གཏོང་སླད། ཨི་ཛི་རེལ་གྱི་དཔོན་རིགས་རྣམས་ལ་འབྲེལ་ལམ་བྱས་དང་བྱེད་མུས་ཡིན། ཧྥ་རན་སིའི་གཞུང་གིས་དེ་སྔ་ནས་ལས་འགུལ་བ་དེ་དག་ལ་ལས་འགུལ་དེ་འདྲ་སྤེལ་བར་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་ཡོད། ཅེས་བསྒྲགས་འདུག 

ཨི་ཛི་རེལ་གྱིས་ཕྱི་ཟླ་ ༣ ཚེས་ ༢ ཉིན་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་བཀག་སྡོམ་བྱས་ཡོད་པ་མ་ཟད། བཟའ་ཆས་དང་། སྨན་བཅོས། མངའ་ཁོངས་དེར་སྡོད་མཁན་གྱི་པ་ལི་སི་ཐན་ས་ཡ་ ༢ ལྷག་ལ་བདུན་ཕྲག་ ༡༡ གི་རིང་རོགས་སྐྱོར་མཚམས་འཇོག་བྱས་ཡོད་ཀྱང་།  རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་ཨི་ཛི་རེལ་གྱིས་ཕྱི་ཟླ་ལྔ་པའི་ཟླ་མཇུག་ནས་རོགས་སྐྱོར་ཧ་ཅང་ཉུང་ཉུང་བྱེད་བཅུག་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༤ མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོའི་ནང་མི་ལྔ་ནས་གཅིག་བཀྲེས་སྐོམ་གྱིས་མནར་ཡོད་སྐོར་སོགས་གསལ་འདུག  ད་ལྟ་ཨི་ཛི་རེལ་གྱིས་གྷ་ཛར་སྐྱོད་མཁན་གྱི་མཚོ་གྲུ་དེ་བཀག་སྡོམ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དག་འཛིན་བཟུང་བྱས་པའི་ཐད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་དྲང་ལྡོག་གཉིས་ཀྱི་ཐོག་ནས་ཚ་གླེང་ཤུགས་ཆེན་བྱེད་མུས་ཡིན་འདུག 

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཛི་རེལ་གྱི་སྟེང་དུ་དྲག་རྒོལ་བྱས་པར་བརྟེན། ད་སྔའི་བར་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་མཚམས་མ་ཆད་པར་མུ་མཐུད་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་དང་བྱེད་མུས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད་མི་གྲངས་ ༥༧༠༠༠  ལྷག་རྐྱེན་འདས་སུ་གྱུར་བའི་ཁྲོད།  པ་ལི་སི་ཐན་གྱི་མི་གྲངས་  ༥༤༧༢༢ དང་ཨི་ཛི་རེལ་གྱི་མི་གྲངས་ ༡༧༠༦ རྐྱེན་འདས་སུ་ཕྱིན། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་འཁྲུག་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ལ་ཞིབ་འཇུག་བྱས་པའི་ཁྲོད། རྐྱེན་འདས་སུ་ཕྱིན་པའི་པ་ལི་སི་ཐན་གྱི་མིའི་གྲངས་འབོར་ལས་བརྒྱ་ཆ་ ༧༠ བུད་མེད་དང་བྱིས་པ་ཡིན་པ་ཤེས་རྟོགས་བྱུང་འདུག

ཨི་ཛི་རེལ་དང་པ་ལི་སི་ཐན་བར་གྱི་རྩོད་རྙོག་དེ་ནི་ལོ་ངོ་སྟོང་ཕྲག་རིང་མཚམས་ཆད་མ་མྱོང་བའི་རྩོད་རྙོག་ཅིག་སྟེ། ཕྱི་ལོ་ ༡༩༦༧ ལོར་དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག་སྐབས་གྲོང་ཁྱེར་དེ་ཨི་ཛི་རལ་གྱིས་དབང་བསྒྱུར་བྱས་ཡོད། ཕྱི་ལོ་ ༡༩༩༣ ལོར་ཨི་ཛི་རེལ་དང་པ་ལི་སི་ཐན་བར་ལ་ཞི་བའི་གྲོས་མཐུན་ཞིག་བཞག་སྟེ། ཇེ་རོ་སཱ་ལམ་གྱི་གནད་དོན་དེ་རྗེས་སུ་ཞི་མཐུན་གྱི་ངང་ནས་ཐག་གཅོད་བྱས་ནས་ས་མཚམས་ཁུལ་གྱི་ཟིང་འཁྲུག་ཅུང་ཞི་འཇགས་སུ་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ས་ཆ་དེ་ཨི་ཛི་རལ་གྱི་ཡིན་སྐོར་ཡོངས་བསྒྲགས་གནང་སྟེ་ཡུལ་གཉིས་བར་གྱི་ཟིང་འཁྲུག་བསྐྱར་དུ་བསླངས་ཡོད་འདུག

བསྟན་འཛིན་ཉི་སྒྲོན། 

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༥ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese