མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་དིང་རིར་བསྐྱར་གསོ་འཛུགས་སྐྲུན་ལ་ཁ་གཡར་ནས་ས་མཚམས་ཀྱི་ཐབས་ཇུས་ལས་དོན་དང་རྒྱ་རིགས་མང་པོ་གནས་སྡོད་བྱེད་པའི་ལམ་ཞིག་བསྐྲུན་སྲིད་སྐོར་བརྗོད།

བོད་དིང་རིར་བསྐྱར་གསོ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།

ཉེ་ལམ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ། བོད་དིང་རིའི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་བསྐྱར་གསོ་འཛུགས་སྐྲུན་བྱེད་བཞིན་པའི་གནས་ཚུལ་སྤེལ་བའི་ནང་།   ཕྱི་ཟླ་ ༥ པའི་ནང་དིང་རི་རྫོང་གི་ས་ཡོམ་སླར་གསོ་བསྐྱར་སྐྲུན་གཞུང་ལས་ཁང་ཟེར་བས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ནང་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་དང་། གཅིག་གྱུར་འཆར་འགོད་དང་ཁག་བགོས་འཛུགས་སྐྲུན། ཉམས་བཟོ་བརྟན་གཏོང་བཅས་ལས་གཞི་གསུམ་གྱི་ཐོག་ནས་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང་། བསྐྱར་གསོ་འཛུགས་སྐྲུན་བྱས་པའི་སྡོད་ཁང་ཚང་མར་ས་ཡོམ་རིམ་པ་ ༨ འགོག་པའི་ནུས་པ་ཡོད་ལུགས་དང་། ཕྱི་ཟླ་ ༡༠ བའི་ཟླ་མཇུག་ཏུ་མང་ཚོགས་ཚང་མ་སྤོ་ཐུབ་པ་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་ད་ལྟའི་ཆར་དིང་རིའི་བསྐྱར་གསོ་འཛུགས་སྐྲུན་གྱི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་མེད་དང། ས་གནས་བོད་མི་རྣམས་ཀྱི་དགོས་མཁོ་དང་མཐུན་པའི་ཐོག་ནས་བསྐྱར་གསོ་འཛུགས་སྐྲུན་བྱེད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། བོད་ཀྱི་དིང་རི་ནང་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཐབས་ཇུས་མཁས་པོའི་ཐོག་ནས་འཛུགས་སྐྲུན་བྱེད་པར་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཡིན་ནའང་། རྒྱ་ནག་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་དེས་དོ་ཕོག་བྱུང་ཡུལ་གྱི་ས་གནས་མི་མང་ལ་ཁེ་ཕན་ཐོབ་མིན་དཀའ་ངལ་ཆེན་པོ་རེད་བསམ་གྱི་འདུག  ང་ཚོས་འདས་བའི་ས་ཡོམ་གོད་ཆག་བྱུང་ཡུལ་གྱི་ལོ་རྒྱུས་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་གོད་ཆག་བྱུང་ཡུལ་དུ་བསྐྱར་གསོའི་འཛུགས་སྐྲུན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། སྔོན་མ་ས་གནས་དེར་འཚོ་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་སྡོད་གནས་དང་ས་ཆ་ཤོར་ཡོད་པ་མ་ཟད། དེའི་ཚབ་ཏུ་རྒྱ་རིགས་མང་པོ་སྡོད་ས་དང་ཚོང་གི་ལས་གཞི་སོགས་སུ་ཁེ་ཕན་སྤྲད་པ་བྱུང་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས་། ད་ལན་དིང་རིའི་ནང་དུ་བསྐྱར་གསོའི་འཛུགས་སྐྲུན་བྱེད་པའི་སྐབས་སུ། རྒྱ་ནག་གི་ཚོང་པ་མང་པོ་ཞིག་ལ་ཁེ་ཕན་རག་གི་རེད། དིང་རི་དེ་འཕགས་བོད་གཉིས་ཀྱི་གནད་འགག་གི་ས་མཚམས་ཤིག་ཏུ་ཁེལ་ཡོད་དུས། རྒྱ་ནག་གི་མི་འབོར་མང་པོ་རོགས་སྐྱོར་ལ་ཁ་གཡར་ནས་ས་གནས་སུ་སྤོས་ཏེ། སྡོད་ས་སོགས་སྤྲད་དེ་ཡུལ་མི་འཆག་གི་འཇུག་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ བའི་ཟླ་མཇུག་ཏུ་བསྐྱར་གསོ་འཛུགས་སྐྲུན་ཚར་ཟིན་གྱི་ཡོད་ཚུལ་བཤད་ཀྱང་། བོད་མི་རྣམས་ཀྱི་སྔོན་མའི་འཚོ་བ་བཞིན་བསྐྱར་གསོ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག  གནས་སྟངས་ཁག་ཅིག་གི་ཐོག་ནས་ཅུང་ཙམ་ཕན་ཐོགས་ཡོད་སྲིད་ཀྱང་། སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་ནག་གཞུང་གི་བསྐྱར་གསོ་དེའི་བརྒྱུད་རིམ་ནང་བོད་མི་རྣམས་ལ་སྔར་ལས་གྱོང་གུད་ཆེ་བ་ཐེབས་ཀྱི་རེད་བསམ་གྱི་འདུག རྒྱ་ནག་གཞུང་གི་གཞུང་འབྲེལ་གནས་ཚུལ་ལ་བལྟས་ན། ས་གནས་མི་མང་ལ་ཕན་ཐོགས་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཅིང་། བསྐྱར་གསོ་འཛུགས་སྐྲུན་ཁྲོད་ཁང་པའི་སྤུས་ཚད་སྔོན་མ་ལས་ཡག་ཏུ་འགྲོ་ཡི་ཡོད་ཚུལ་བརྗོད་ཀྱང་། ས་གནས་བོད་མི་རྣམས་ལ་ཁེ་ཕན་རག་མིན་དཀའ་ངལ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས། དིང་རི་ནི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཁེལ་ཡོད་པས། རྒྱ་ནག་གཞུང་གིས་ཀྱང་ཧ་ཅང་གནད་འགག་ཆེན་པོ་བརྩི་ཡི་རེད། ཐེངས་འདིར་ས་ཡོམ་གྱི་དོ་ཕོག་བྱུང་བ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཡོད་པའི་ལས་དོན་ཞིག་བསྒྲུབ་སྲིད་པ་རེད་བསམ་གྱི་འདུག དོན་ངོ་མར་རྒྱ་ནག་གཞུང་གིས་ས་གནས་བོད་མི་རྣམས་ལ་ཁེ་ཕན་སྒྲུབ་ཀྱི་མ་རེད། རྒྱ་གཞུང་གིས་ས་མཚམས་ཐབས་ཇུས་ལས་དོན་བསྒྲུབ་སྲིད་པ་དང་། མ་འོངས་པར་རྒྱ་རིགས་མང་པོ་གནས་སྡོད་བྱེད་པའི་ལམ་ཞིག་བསྐྲུན་སྲིད་པ་རེད། ད་ལྟའི་ཆར་དིང་རི་ནང་ས་ཡོམ་བརྒྱབ་སྟེ་བསྐྱར་གསོ་བྱེད་བཞིན་པའི་ཧ་ཅང་ཟང་ཟིང་གི་སྐབས་ཤིག་རེད། ཟང་ཟིང་དེའི་ཁྲོད་ནས་རྒྱ་ནག་གཞུང་གིས་བསྐྱར་གསོ་འཛུགས་སྐྲུན་གྱི་མིང་འཁྱེར་ཏེ་ལས་ཀ་གང་ཡང་བྱེད་ཆོག་ཆོག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese