མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཛན་དྷན་ཤཱ་ཏར་གོམ་བྷོ་ཇ་ཝི་ (Zandanshatar Gombojav) མཆོག་སོག་པོའི་སྲིད་བློན་ཐེངས་ ༣༤ པར་འདེམས་ཐོན་བྱུང་བརའཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣

ཁ་སང་ཕྱི་ཚེས་ ༡༢ ཉིན་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་མཆོག་འདེམས་ཐོན་བྱུང་བ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་། ངོས་རང་ཕྱི་ལོ་ ༡༩༧༩ ལོར་སོག་པོའི་རྒྱལ་ཁབ་ཏུ་ཐོག་མར་བསྐྱོད་པའི་གོ་སྐབས་བྱུང་བ་དང་། སོག་པོའི་མི་རབས་རྒན་གཞོན་ཚང་མས་འགྲོ་བ་མིའི་རིན་ཐང་། སྲོལ་རྒྱུན་གྱི་ནང་པའི་ཆོས་ལུགས་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གོང་སྤེལ་གཏོང་བར་དགའ་མོས་དང་སྤྲོ་སེམས་འཕེལ་བཞིན་པ་དེས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།

ལོ་རྒྱུས་ཀྱི་ཐོག་ནས་སོག་པོ་དང་བོད་མིའི་བར་ལ་མཚེ་མ་ལྟ་བུ་གཅེན་གཅུང་གི་འབྲེལ་བ་ཡོད་ཅིང་། ༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་སྐབས་ནས་བཟུང་བོད་སོག་གཉིས་ཀྱི་དབར་ལ་དམིགས་བསལ་གྱི་དམ་ཟབ་ཐོག་ནས་གནས་ཡོད།

དེ་སྔོན་ངོས་སོག་པོར་བསྐྱོད་པའི་སྐབས་སུ་ཞུས་མྱོང་བ་བཞིན། སོག་པོའི་ནང་ཆོས་ལུགས་གཞན་ཡོད་ཀྱང་། ནང་ཆོས་ལ་བརྟེན་ནས་སོག་པོའི་རིག་གཞུང་དང་ངོ་བོ། མི་མང་གི་བསམ་བློ་བཅས་གྲུབ་ཡོད།

སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་བོ་ཡིས་སྙིང་རྗེ་དང་འཚེ་བ་མེད་པ་སོགས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གལ་གནད་དུ་རྩི་ཡི་ཡོད་ལ། སངས་རྒྱས་ཀྱི་གསུང་དེ་དག་གིས་མི་སྒེར་གྱི་ཆོས་ལུགས་ལ་ལྟོས་མེད་ཀྱིས་མི་ཚང་མར་ཕན་ཐོགས་པའི་ནུས་སྟོབས་ཡོད། ངོས་ནས་ཁྱེད་དང་ཁྱེད་ཀྱི་གཞུང་གིས་རིན་ཐང་དེ་དག་རྒྱུན་འཛིན་དང་མཐོར་འདེགས་བྱེད་པའི་ཡིད་ཆེས་ཡོད།

ངོས་ནས་ཉེ་བའི་ལོ་འགའི་རིང་སོག་པོར་ཕྱོགས་ཡོངས་ནས་ཡིད་སྨོན་སྐྱེ་དགོས་པའི་འཕེལ་རྒྱས་བྱུང་བར་ཡི་རངས་ཞུ་བཞིན་ཡོད། འཕེལ་རྒྱས་དེ་དག་གི་ཁྲོད་ནས་སོག་པོའི་དབུལ་ཕོངས་དང་དགོས་མཁོ་ཆེ་བའི་མི་མང་གི་འཚོ་བ་དངོས་སུ་ཡར་རྒྱས་གཏོང་གི་ཡོད་ཚེ། གྲུབ་འབྲས་དེ་དག་གི་རིན་ཐང་དེ་བས་ཀྱང་དོན་དང་ལྡན་པ་ཆགས་ཀྱི་ཡོད།  ཅེས་གསུངས།

མཇུག་ཏུ་༧མགོན་པོ་གང་ཉིད་མཆོག་གིས། སོག་པོའི་སྲིད་བློན་གསར་པའི་མདུན་སྔར་ལྷག་པའི་སོག་པོའི་མི་མང་གི་རེ་བ་དང་མངོན་འདུན་མཐའ་དག་ལེགས་འགྲུབ་ཡོང་བའི་ཐུགས་རེ་གནང་འདུག

ཛན་དྷན་ཤཱ་ཏར་གོམ་བྷོ་ཇ་ཝི་མཆོག་ནི་ཕྱི་ལོ་ ༡༩༧༠ ཟླ་ ༣ ཚེས་ ༡༨ ཉིན་སྐྱེས་ཤིང་། ༡༩༩༢ ལོར་བྷའེ་ཀལ་མངའ་སྡེའི་མཐོ་རིམ་སློབ་གཉེར་ཁང་ (Baikal State University) དུ་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་དང་ཆེད་སྦྱོང་སློབ་མཐར་སོན། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ བར་ཚོང་དོན་རིག་པའི་མཐོ་སློབ་ཅིག་ཏུ་སློབ་དཔོན་གྱི་ཕྱག་ལས་གནང་། དེ་རྗེས་སོག་པོའི་ཞིང་ལས་དངུལ་ཁང་ (Agricultural Bank) དུ་དཔལ་འབྱོར་བསྐྱར་སྒྲིག་འགན་འཛིན་དང་། ཕྱི་དངུལ་ལས་ཁུངས་ཀྱི་འགན་འཛིན། བུ་ལོན་དང་དངུལ་རྩའི་སྲིད་ཇུས་ལས་ཁུངས་ཀྱི་འགན་འཛིན་སོགས་དངུལ་ཁང་དུ་ཕྱག་ལས་གནང་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༣ ནས་ལོ་ངོ་གཅིག་གི་རིང་ཟས་རིགས་དང་ཞིང་ལས་བློན་ཆེན་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་ཕྱི་སྲིད་ལས་ཁུངས་ཀྱི་དཔལ་འབྱོར་ཚན་པའི་ནང་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༢ བཟུང་སོག་པོའི་མི་མང་དམངསགཙོ་སྲིད་དོན་ཚོགས་པའི་ཚོགས་མི་དང་། ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་སོག་པོའི་སྲིད་གཞུང་གི་དྲུང་ཆེ་གཙོ་བོ། ༢༠༡༩ ནས་ ༢༠༢༤ བར་སོག་པོའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁོང་ཉིད་སོག་པོའི་སྲིད་བློན་ཐེངས་ ༣༤ པར་འདེམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese