མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

བོད་ཀྱི་དུས་བབ།
༢༠༢༥/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༩ པའི་སྟེང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་སོགས་སུ་ཚད་ལས་འདས་པའི་བཙན་གནོན་བྱེད་མུས་ཡིན་པའི་ཐད་སེམས་འཚབ་ཆེན་པོ་ཡོད་པ་གླེང་སློང་བྱས་འདུག

UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༩ པའི་སྟེང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ཝལ་ཀིར་ཊག་(Volker Türk) མཆོག་གིས།  རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་སོགས་སུ་ཚད་ལས་འདས་པའི་བཙན་གནོན་བྱེད་མུས་ཡིན་པའི་ཐད་སེམས་འཚབ་ཆེན་མོ་བྱེད་ཀྱི་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་སྐོར་སོགས་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ཝལ་ཀིར་ཊག་མཆོག་གིས། ངས་ཐད་ཀར་རྒྱ་ནག་གཞུང་ལ་འབྲེལ་འདྲིས་བྱས་ཏེ་གནད་དོན་མང་པོ་ཞིག་གི་ཐད་ལ་གོ་བསྡུར་བྱས་པ་ཡིན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་ཁྲིམས་སྒྲིག་བསྐྱར་བཅོས་མ་བྱས་པར་སེམས་འཚབ་ཡོད་ལ། ངའི་ལས་ཁུངས་ཀྱིས་མི་སྒེར་གྱི་གནད་དོན་ཐད་སྐད་ཆ་དྲིས་པ་དག་ལ། རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་མ་སྤྲད་པར་སེམས་འཚབ་ཆེན་པོ་ཡོད། ངའི་ལས་ཁུངས་ལ་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཤར་ཊུར་ཀི་སི་ཐན་དུ་དྲང་བདེན་མིན་པའི་བཙོན་འཇུག་ཁྲིམས་ཆད་དང་།  གར་སོང་ཆ་མེད་དུ་གྱུར་བའི་འཛིན་བཟུང་བཀག་ཉར། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་མུས་ཡིན་པ་སོགས་ཚུད་པའི་གནད་དོན་མང་དག་ཅིག་འབྱོར་གྱིན་འདུག དེ་བཞིན་ཧོང་ཀོང་ནང་དུའང་མུ་མཐུད་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྒྲིག་ལག་བསྟར་ཀྱིས་མི་མང་གི་འདུ་འཛོམས་སོགས་ཀྱི་ཐད་ལ་དམ་དྲག་བྱས་པར་སེམས་འཚབ་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་སྒྲིག་དང་འགལ་ནས་རིག་གཞུང་དང་གཞི་རྩའི་ཐོབ་ཐང་ཁག་ལ་དྲག་གནོན་བྱེད་མུས་ཡིན་པས། ངས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཞག་གིས། མི་སྒེར་གྱི་གཞི་རྩའི་རང་དབང་གི་སླད་དུ་འབོད་སྒྲ་བསྒྲགས་ནས་འཛིན་བཟུང་བྱས་པ་རྣམས་ཀློད་གྲོལ་དགོས་པའི་ཉེན་བརྡ་གཏོང་གིན་ཡོད། ཅེས་དང་། དེ་བཞིན་ཁོང་གིས་མུ་མཐུད་ཨུ་ཡུ་གཉིས་ཀྱི་གནད་དོན་དང་། དཀྱིལ་ཤར་ཨེ་ཤ་ཡའི་གྷ་ཛར་འབྱུང་མུས་ཡིན་པའི་གནད་དོན། འཛམ་གླིང་གི་ས་ཕྱོགས་གང་སར་འབྱུང་མུས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ཆོས་དད་རང་མོས། ལྷག་པར་བྱིས་པ་དང་བུད་མེད་ཀྱི་གནས་བབ་དང་ཐོབ་ཐང་སོགས་ཀྱི་ཐད་ལ་གླེང་སློང་གནང་བ་དང་སྦྲགས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དང་། རྒྱལ་ཕྲན། རང་སྐྱོང་ས་ཚིགས་ཁག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གཞིར་བཟུང་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་ནན་སྐུལ་གནང་འདུག

འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་སྒྲོམ་གཞིར་བསྐྱར་ཞིབ་དང་རྟོག་ཞིབ་བྱ་དགོས་པ་དང་འབྲེལ་བའི་འབོད་སྐུལ་ཡིག་ཆ་ཞིག་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆོས་ལུགས་རང་དབང་སོགས་ལ་གནོད་སྐྱོན་བཟོ་ཐབས་ཀྱི་སྲིད་ཇུས།  དྲག་སྤྱོད་རིང་ལུགས་བཀག་སྡོམ་གྱི་ཁྲིམས་དང་སྲིད་ཇུས་ཟེར་བ། ཉེས་ཁྲིམས། དེ་བཞིན་ཧོང་ཀོང་ནང་འདྲ་མཉམ་ཡོང་བ་དང་དབྱེ་འབྱེད་མེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་། སེམས་འཚབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་ཤུགས་ཆེན་གནང་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese