མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་རྗེས་བོད་མི་མང་པོར་གང་བྱུང་ནག་ཉེས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་བོད་ཀྱི་ངོ་བོ་ཤུལ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར་སོགས་བརྗོད་བྱུང་། 

Close view of Chinese PLA combat helicopter in Tibet_January 05 2021

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མནར་གཅོད་འགོག་པའི་ཉིན་མོར་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་དོན་མེད་མནར་གཅོད་གཏོང་མཚམས་འཇོག་དགོས་པའི་ཁར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་གཟིགས་ཞིབ་གནང་དགོས་པའི་རེ་སྐུལ་ཞུས་སོང་།

གནད་དོན་དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་འདི་གའི་གསར་འགོད་པར་ཁ་པར་བརྒྱུད། དེ་རིང་རྒྱལ་སྤྱི་རང་བཞིན་ལྡན་པའི་མནར་གཅོད་འགོག་པའི་ཉིན་མོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་དུས་དྲན་སྲུང་གཙི་བྱ་དགོས་པ་ཞིག་ཆགས་ཡོད། ལོ་ལྟར་དེ་རིང་གི་ཉིན་མོ་དེ་སྲུང་གཙི་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་སྟབས།  དེ་རིང་དབྱིན་བོད་གཉིས་ཀྱི་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེའི་ནང་གཙོ་ཆེ་ཤོས་ནི་འདས་པའི་ལོ་ངོ་བདུན་ཅུ་ལྷག་རིང་དང་། ལྷག་པར་ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་རྗེས། འདས་པའི་དུས་སྐབས་ནང་གཞིས་ལུས་རྒྱ་ཆེ་མི་མང་དང་།  ལྷག་པར་ཆབ་སྲིད་བཙོན་པ། འགྲོ་བ་མི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་རྣམས་ལ། རྒྱ་ནག་གཞུང་གིས་འཇུ་བཟུང་དང་བཀག་ཉར་བྱས་པ་མ་ཟད། དཀའ་ངལ་དང་སྡུག་སྦྱོང་མནར་གཅོད་གང་འདྲ་མྱོང་གི་ཡོད་མེད་སོགས་དང་འབྲེལ། ང་ཚོས་གཞིས་ལུས་རྒྱ་ཆེ་མི་མང་རྣམས་དཀའ་ངལ་ལས་མྱུར་དུ་གྲོལ་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་འབོད་སྐུལ་ཞུས་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས་འདས་པའི་མི་ལོ་གསུམ་རིང་གི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་ནས། འདས་པའི་ལོ་གསུམ་གྱི་གནས་ཚུལ་ཁྲོད་བོད་ནང་དུ་ཆེས་ཛ་དྲག་ཆེ་ཤོས་ནི། རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་གྲངས་ཉུང་མི་རིགས་ལྔ་བཅུ་ལྔ་དྲུག་གི་མི་རིགས་རང་རང་གི་ངོ་བོ་དང་རིག་གཞུང་ཤུལ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་དུ་བསྟར་མུས་ཡིན་པ་དེ་རེད།  ད་ལྟའི་དུས་སྐབས་འདིར་གདོང་ལེན་བྱེད་པའི་དཀའ་ངལ་ཆེ་ཤོས་ནི། ཀྲུང་ཧཱ་མི་རིགས་སྤྱི་མཐུན་ཚོགས་པའི་ལྟ་གྲུབ་དང་ཆོས་ལུགས་དཀའ་ངལ་ཅན་དུ་གྱུར་བའི་སྲིད་བྱུས་གཉིས་ཡིན། ཀྲུང་ཧཱ་མི་རིགས་སམ་ཀྲུང་གོ་ཅན་ཟེར་བའི་ཚིག་ཐོག་ནས་འགྲེལ་བརྗོད་འདྲ་མིན་བྱས་མིན་ལ་མ་ལྟོས་པར་། རྒྱ་མི་རིགས་ཀྱི་ངོ་བོ་དང་། རྒྱ་མི་རིགས་ཀྱི་རྣམ་པ་དང་སྤྱི་ཚོགས་ཅན་དུ་བསྒྱུར་རྒྱུའི་ཆེད།  གྲངས་ཉུང་མི་རིགས་རྣམས་ལ་སྲིད་ཇུས་ཤིག་གཏིང་ཡོད།  ཅེས་དང་།  རྒྱ་ནག་གཞུང་གིས་བོད་ནང་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་མིའི་ངོ་བོ་དང་། རིག་གཞུང་། ཆོས་རིག་སོགས་རྩ་མེད་དུ་བཏང་དང་གཏོང་མུས་ཡིན་པས། ད་ལྟ་བོད་ནང་གི་གནས་བབ་ཧ་ཅང་ཛ་དྲག་ཅན་དུ་གྱུར་མུས་ཡིན་སྐོར་སོགས་བརྗོད་བྱུང་། 

དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ་ཁྲོད། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་འོག་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་དང་། སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པའི་ཁར། རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། ལྷ་མོ། དེ་བཞིན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སོགས་ལ་ནག་ཉེས་གཡོགས་ནས་དམར་གསོད་བཏང་ཡོད་སྐོར་སོགས་གསལ་འདུག

བློ་བཟང་སྒྲོལ་མ། རྩོམ་སྒྲིག་བྱེད་མཁན། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༢ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese