མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་རྒྱ་གར་དང་བོད་གཉིས་མཐའ་མཚམས་འབྲེལ་ཡོད་པ་ལས་རྒྱ་ནག་ལ་མཐའ་འབྲེལ་མེད་སྐོར་གསུངས།

Arunachal Pradesh CM Pema Khandu (Photo/DNA)

རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་དང་ལ་དྭགས་སོགས་མཐའ་མཚམས་མངའ་སྡེ་ཁག་གི་ནང་སིམ་འཛུལ་གྱི་རྩོད་རྙོག་བསྟུད་མར་བཟོ་ཡི་ཡོད་པ་མ་ཟད། ཨ་རུ་ནཱ་ཅལ་གྱི་རི་ཆུ་མང་པོར་མིང་གསར་པ་བཏགས་ཏེ་བདག་དབང་རྩོད་ལེན་གྱི་དཀའ་རྙོག་སློང་བཞིན་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་རྒྱ་གར་གསར་ཁང་ (Press Trust of India) གིས་བཅར་འདྲི་བྱེད་སྐབས།  ཁྱེད་ཚོས་ས་ཁྲ་ལ་བལྟས་པ་ན། རྒྱ་གར་གྱི་མངའ་སྡེ་གང་ཡང་རྒྱ་ནག་གི་ས་མཚམས་དང་ཐད་ཀར་འབྲེལ་བ་མེད། ང་ཚོ་བོད་གཅིག་པུར་འབྲེལ་བ་ཡོད། གཞུང་འབྲེལ་གྱི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ཡོད་པ་ཕྱིར་འཐེན་མི་ཐུབ་ཀྱང་། དོན་དངོས་ཐོག་བོད་དེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བཙན་བཟུང་བྱས་པ་ཞིག་རེད་ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་སྤྱི་ལེ་ ༥༠ ཙམ་གྱི་སར་ཡོད་པའི་མེ་ཏོག་རྫོང་ཁོངས་ཀྱི་འཛམ་གླིང་གི་ཆུ་རགས་རིང་ཤོས་སུ་གྲགས་པའི་ལས་གཞི་དེས་འདབས་འབྲེལ་ས་གནས་ཀྱི་མི་མང་ལ་གནོད་སྐྱོན་བཟོ་རྒྱུ་ཡིན་པ་མ་ཟད། རང་བྱུང་ཁོར་ཡུག་ལ་གནོད་པའི་ཆུ་འབར་མདེལ་བཟོ་སྲིད་པའི་ཉེན་བརྡ་བཏང་གནང་འདུག

བཅར་འདྲིའི་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་གིས། ཨ་རུ་ན་ཅལ་མངའ་སྡེས་བོད་དང་སྤྱི་ལེ ༡༢༠༠ དང་། འབྲུག་དང་སྤྱི་ལེ་ ༡༠༠ ། འབར་མ་དང་སྤྱི་ལེ་ ༥༥༠ ཡི་མཐའ་མཚམས་མཉམ་སྤྱོད་བྱེད་ཀྱི་ཡོད་ལ། ཁུལ་དེར་རྒྱ་ནག་གཞུང་གིས་ཧམ་འཛུལ་བྱེད་པར་སྣང་ཆུང་བྱེད་མི་རུང་སྐོར་གསུངས་འདུག

ཉིན་ཤས་གོང་དུ་སྤྱི་ཁྱབ་བློན་ཆེན་མཆོག་བཞུགས་སྒར་དྷ་རམ་ས་ལའི་༧སྐུའི་གོ་སྟོན་མཛད་སྒོའི་ཐོག་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་པར་ཆེད་བསྟོད་ཞུས་པ་དང་སྦྲགས། རྒྱ་གར་གཞུང་ལ་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ན་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ ཉིན་རྒྱ་གར་གྱི་ (The New Indian Express) གསར་ཁང་གིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞུ་སྐབས། སྤྱི་ཁྱབ་བློན་ཆེན་མཆོག་ནས་དོན་དངོས་སུ་ཨ་རུ་ན་ཅལ་ནི་ཐད་ཀར་རྒྱ་ནག་དང་ས་འབྲེལ་མེད་པར། ཐད་ཀར་ས་འབྲེལ་ཡོད་པ་དེ་བོད་རེད། སུས་ཀྱང་ལོ་རྒྱུས་ནག་གསུབ་གཏོང་ཐུབ་ཀྱི་མ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནི་འཛམ་གླིང་ལ་ཡོངས་གྲགས་རེད། ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༠ ཉིན་རྒྱ་གར་དབུས་བློན་ཆེན་ཀི་རན་རི་ཇི་ཇུ་ (Kiren Rijiju) མཆོག་ལ་རྒྱ་གར་གྱི་པི་ཏི་ཨེས་ (PTI) བཅར་འདྲི་བྱེད་སྐབས་ཁོང་གིས། ལོ་རྒྱུས་ཐོག་ནས་བལྟས་ན་ང་ཚོ་དང་རྒྱ་ནག་བར་འབྲེལ་བ་གང་ཡང་མེད། བྱས་ཙང་ཨ་རུ་ནཱ་ཅལ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་དྲི་བ་སྤུ་ཙམ་ཡང་མེད། ང་ཚོའི་ལངས་ཕྱོགས་ཧ་ཅང་གསལ་པོ་རེད། ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་མངའ་ཁོངས་རེད། ཅེས་གསུངས་ཡོད་པ་རེད།

ཉི་སྒྲོན་གྱིས་བྲིས། པདྨ་མཚོས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese