མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་དམར་པོའི་ལམ་སྟོན་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚན་ནོར་བུས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གྱིས། དམར་ཤོག་མགོ་ཁྲིད་ལ་བརྩི་བཀུར་དང་མེས་རྒྱལ་གཅིག་གྱུར་ཟེར་བ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་སོགས་སུ་ནུས་ཤུགས་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

མི་དམངས་དྲ་བའི་པར།

ཉིན་འདི་ཚོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་གྱི་གསར་འགྱུར་དང་། ཁོང་གི་ཡང་སྲིད་སྐོར་ལ་དཔྱད་གཏམ་སྤེལ་བའི་གནས་ཚུལ་གྱིས་ཁེངས་འདུག ཡིན་ནའང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེར་རྒྱལ་མཚན་ནོར་བུས་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་དང་ལེན་བྱས་ཡོད་པ་མ་ཟད། གསར་འགྱུར་གྱི་ཁ་བྱང་དུ་ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུའི་གུས་མཇལ་དང་ལེན་བྱས་ཡོད་ཅེས་རྒྱལ་མཚན་ནོར་བུ་ཞི་ཅིན་ཕིན་གྱི་འོག་གི་མི་ཡིན་པ་གསལ་སྟོན་བྱས་འདུག

གསར་འགྱུར་དེའི་ནང་དུ། ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱ་ནག་རྒྱལ་ཁབ་ཆེད་དུ་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་བསྐྲུན་རྒྱུར་ལས་དོན་ཡག་པོ་བྱ་དགོས་པ་དང་། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་བསྒྱུར་བ། བོད་ལྗོངས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ནུས་པ་འདོན་དགོས་ལུགས་ཀྱི་ལམ་སྟོན་བྱས་ཡོད་འདུག་ལ། རྒྱལ་མཚན་ནོར་བུས་ཞི་ཡི་ལམ་སྟོན་དེ་སེམས་སུ་བཅངས་ནས་དམར་ཤོག་ཚོགས་པའི་སྣེ་འཁྲིད་པའི་ལས་དོན་ལ་རྒྱབ་སྐྱོར་དང་ཀྲུང་ཧྭ་མི་རིགས་གཅིག་གྱུར། གྲངས་ཉུང་མི་རིགས་མཐུན་སྒྲིལ་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཞབས་འདེགས་སྒྲུབ་རྒྱུ་ཡིན་ཚུལ་ཁས་ལེན་བྱས་ཡོད་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་དྭང་ལེན་དང་ངོས་འཛིན་འཐོབ་སླད། བོད་ནང་གི་ས་གནས་ཁག་ལ་གཞུང་འབྲེལ་སྐོར་སྐྱོད་དུ་བཏང་ནས་ས་གནས་སེར་སྐྱ་མང་ཚོགས་ལ་བཙན་གྱིས་ཕེབས་བསུ་ཞུ་རུ་བཅུག་ཡོད་ལ། ཁོང་ངོས་ལེན་མ་བྱས་ན་ཁྲིམས་ཀྱི་ནག་ཉེས་འགེལ་གྱི་ཡོད་པའི་དཔེ་མཚོན་གསལ་ཤོས་ཤིག་ནི། ཉེ་ལམ་ཝེ་ཏི་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འཛིན་བཟུང་གཅར་རྡུང་བཏང་སྟེ་མཐར་སྐུ་བཀྲོངས་བའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ཆགས་ཡོད། འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གི་གོ་སྒྲིག་འོག རྒྱལ་མཚན་ནོར་བུ་བོད་མགོ་ལོག་ཁུལ་དུ་སྐོར་སྐྱོད་ལ་ཡོང་སྐབས། རྒྱ་གཞུང་གི་བཀོད་མངགས་ལྟར་ཕེབས་བསུ་མ་གནང་བའི་རྐྱེན་གྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ལ་གོང་རིམ་གྱི་བཀའ་ལ་མ་ཉན་པའི་ནག་ཉེས་བཙུགས་རྐྱེན་ཉེན་ཡོལ་དུ་ཕེབས་དགོས་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོང་སླད་ཕྱིའི་རྒྱལ་ཁབ་ཀྱི་སྡིངས་ཆའི་ཐོག་ཏུ་གཏོང་ཐབས་རིམ་པར་བྱས་དང་བྱེད་བཞིན་ཡོད་པ་རེད། འདས་ལོར་རྒྱལ་མཚན་ནོར་བུ་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ཕྱིའི་བརྒྱུད་ལམ་དུ་ཐོན་པ་ནི། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༢ ནས་ ༡༧ བར་དུ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་སའི་གནས་མཆོག་ལུམ་བི་ནིར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་པའི་ལྷན་ཚོགས་ཐེངས་ ༩ པ་ཟེར་བ་ཞིག་རྒྱ་ནག་གིས་གོ་སྒྲིག་བྱས་ཡོད་པ་དང་། དེའི་ཐོག་རྒྱལ་མཚན་ནོར་བུ་ཡོང་གཏན་འཁེལ་ཡོད་སྐོར་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་ཀྱང་། བལ་ཡུལ་གཞུང་གིས་གནས་ཚུལ་དེ་བདེན་པ་མིན་ལ། བལ་གཞུང་གིས་ཁོང་ཡོང་དུ་འཇུག་རྩིས་མེད་སྐོར་བརྗོད་ཡོད་པ་ལྟར། ཁོང་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་བྱས་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༥ དཀྱིལ་ཙམ་ནས་རྒྱལ་མཚན་ནོར་བུ་ཐའེ་ལན་ཌིར་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ཏེ། ཐའེ་ལན་ཌའི་ནང་པའི་གཙུག་ལག་སློབ་ཆེན་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་ཅིག་གི་ནང་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། ཕྱི་ལོ་ ༢༠༡༢ ལོར་རྒྱལ་མཚན་ནོར་བུ་ལགས་ཧོང་ཀོང་ནང་སྐོར་སྐྱོད་དུ་ཕྱིན་ཡོད་ཀྱང་། གནས་ཚུལ་དེ་ཟླ་གཅིག་ཙམ་གྱི་རྗེས་སུ་གཞི་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་  ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་མ་ཐག རྒྱ་ནག་གཞུང་གིས་ཡང་སྲིད་འཚོལ་ཞིབ་མི་སྣའི་དབུ་ཁྲིད་བྱ་བྲལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཤིང་། ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཁོང་གི་ནང་མི་ཡོངས་རྫོགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་སུ་གྱུར། དེ་རྗེས་རྒྱ་ནག་གཞུང་གིས་ ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་ཡང་སྲིད་རིན་པོ་ཆེ་སྣང་མེད་དུ་བཏང་སྟེ་གང་འདོད་དུ་རྒྱལ་མཚན་ནོར་བུ་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་བདམས་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་མཚན་ནོར་བུ་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཤིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད། ད་ལྟ་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡང་ཡིན་འདུག

བློ་བཟང་སྒྲོལ་མ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese