མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་ལམ་སྟོན་འོག་མཐའ་སྲུང་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་ཧིན་བོད་ས་མཚམས་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་ཞུས།

Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་འབྲས་ལྗོངས་མངའ་སྡེའི་བྷི་རྗེ་པི་ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པ་དང་། རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ (Dorjee Tshering Lepcha) ལགས་ཀྱིས། རྒྱ་གར་དབུས་གཞུང་གིས་རྒྱ་དཀར་ནག་གི་ས་མཚམས་ (Indo-China Border) ཟེར་བ་དེ་འཕགས་བོད་ས་མཚམས་ (Indo-Tibet Border) ཞེས་མིང་བསྒྱུར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱ་གར་གྱི་དམག་མི་དང་མཐའ་སྲུང་ཉེན་རྟོག་པ་སོགས་ལ་འཕགས་བོད་ས་མཚམས་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་དགོས་པའི་ལམ་སྟོན་གནང་རྒྱུའི་འབོད་སྐུལ་ཞུས་འདུག

དེ་སྔ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་རྒྱ་དཀར་ནག་གི་ས་མཚམས་དེ་འཕགས་བོད་ས་མཚམས་ཞེས་མིང་བསྒྱུར་དགོས་སྐོར་གསུངས་ཡོད་པ་ལྟར། གྲོས་ཚོགས་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཆ་ལགས་ཀྱིས་བསྐྱར་དུ་རྒྱ་གར་དབུས་གཞུང་ལ་མིང་བསྒྱུར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཧིན་བོད་མཐའ་མཚམས་ས་ཐིག་ (LAC) དེ་རྒྱ་གར་དང་བོད་གཉིས་མཐའ་འབྲེལ་ཡིན་པ་ལས་རྒྱ་ནག་ལ་མཐའ་འབྲེལ་མེད། ཅེས་འགྲེལ་བརྗོད་གནང་འདུག

ཡང་གྲོས་ཚོགས་འཐུས་མི་ལེབ་ཆ་ལགས་ཀྱིས། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་དང་རྒྱ་གར་གཉིས་མཐའ་འབྲེལ་ཡིན་པ་ལས་རྒྱ་ནག་ལ་མཐའ་འབྲེལ་མེད་སྐོར་གསུངས་པ་དེར་རྒྱབ་སྐྱོར་ཡོད། ད་ལྟའི་ཆར་ཐ་སྙད་ནོར་བ་དེ་བཅོས་ནས་དོན་དམ་དང་དངོས་ཡོད་ལོ་རྒྱུས་ཁས་ལེན་བྱེད་དགོས་པའི་དུས་ལ་བབ་ཡོད། རྒྱ་གར་དབུས་གཞུང་གིས་རྒྱ་གར་གྱི་དམག་མི་དང་། འཕགས་བོད་ས་མཚམས་ཀྱི་མཐའ་སྲུང་ཉེན་རྟོག་པ་ (Indo Tibetan Border Police)། མཐའ་མཚམས་གཞུང་ལམ་འཛུགས་སྐྲུན་ཚོགས་པ་ (Border Roads Organisation) སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མར་འཕགས་བོད་ས་མཚམས་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་དགོས་པའི་ལམ་སྟོན་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། ཐ་སྙད་དེ་ནི་དོན་འགྲེལ་གྱི་འགྱུར་བ་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ཁས་ལེན་པ་ཞིག་རེད། ཅེས་ནན་བརྗོད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་རྒྱ་གར་གསར་ཁང་ (Press Trust of India) གིས་བཅར་འདྲི་བྱེད་སྐབས།  ཁྱེད་ཚོས་ས་ཁྲ་ལ་བལྟས་པ་ན། རྒྱ་གར་གྱི་མངའ་སྡེ་གང་ཡང་རྒྱ་ནག་གི་ས་མཚམས་དང་ཐད་ཀར་འབྲེལ་བ་མེད། ང་ཚོ་བོད་གཅིག་པུར་འབྲེལ་བ་ཡོད། གཞུང་འབྲེལ་གྱི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ཡོད་པ་ཕྱིར་འཐེན་མི་ཐུབ་ཀྱང་། དོན་དངོས་ཐོག་བོད་དེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བཙན་བཟུང་བྱས་པ་ཞིག་རེད། ཅེས་གསུངས་ཡོད་པ་རེད།

རྩ་བའི་ལ་དྭགས་སོགས་སུ་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་ཀུན་ལ་ཁྱབ་པ་ཞིག་ཡོང་གི་མེད་ལ།  ལྷག་པར་དུ་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་ས་ཁྱོན་སྤྱི་ལེ ༡༡༠༠ ཙམ་མཉམ་སྤྱོད་གནང་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དང་རྒྱ་གར་བར་ལ་ས་མཚམས་ཟེར་བ་ཞིག་མེད།

༢༠༢༣/༠༨/༣༠
དབྱིན་ཡུལ་དུ་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གཟིགས་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

༧གོང་ས་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་དབྱིན་ཡུལ་དུ་གཟིགས་འབུལ་ཞུས།

༢༠༢༣/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese