མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༥/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་བའི་རྐྱེན་གྱིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་སྙན་ཐོ་འདོན་སྤེལ་དགོས་པའི་ཁྲིམས་འཆར་བཏོན།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་རྗེག་ཀི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ནེ་ཝ་ཌ་ (Nevada) མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་རྗེག་ཀི་རོ་སན་ (Jacky Rosen) མཆོག་གིས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རྒྱལ་ཡོངས་འགོག་སྲུང་དབང་ཆའི་ཁྲིམས་ཡིག་ (National Defense Authorization Act) ཅེས་པར་བསྐྱར་བཅོས་ཁྲིམས་འཆར་བཏོན་པའི་ནང་། བོད་མཐོ་སྒང་དུ་རྒྱ་གཞུང་གིས་དམག་དོན་འཐབ་ཇུས་ཀྱི་ལས་གཞི་འདྲ་མིན་སྤེལ་བར་སེམས་འཚབ་བསྟན་ཡོད་པ་དང་སྦྲགས། འབྱུང་འགྱུར་ཉེན་ཁ་བྱུང་སྲིད་པས་ཞིབ་འཇུག་བྱས་ཏེ་སྙན་ཐོ་འདོན་སྤེལ་དགོས་པའི་ཁྲིམས་འཆར་བཏོན་ཡོད་འདུག

དོན་ཚན་སུམ་བཅུ་ཡོད་པའི་ཁྲིམས་འཆར་དེའི་ནང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་དམག་དོན་འཐབ་ཇུས་སྣ་ཚོགས་སྤེལ་བཞིན་པ་དེས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལས་གཏེར་ཁ་རིགས་སྔོག་འདོན་བྱས་ཏེ་འབག་བཙོག་གཏོར་བཤིག་ཐེབས་ཀྱི་ཡོད་པ་དང་། དེ་བཞིན་བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞི་རྒྱ་ཆེན་པོ་སྤེལ་ཏེ་ཆུའི་ཐོན་ཁུངས་སོགས་ལ་ཚོད་འཛིན་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས་ཉེན་ཁ་བྱུང་སྲིད་པའི་ཐོག་ལ་ཞིབ་འཇུག་ཚད་ལྡན་གནང་སྟེ་སྙན་ཐོ་འདོན་དགོས་སྐོར་གསུངས་འདུག

དེ་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྗེག་ཀི་རོ་སན་མཆོག་གིས། ང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཤུགས་སྣོན་རྒྱག་རྒྱུ་དང་། དམག་དོན་དང་དམག་དཔུང་གི་ནུས་པ་རྒྱ་སྐྱེད་གཏོང་བར་དམག་མི་རྣམས་ལ་ཐོན་ཁུངས་ཡོད་ཚད་མཁོ་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་ལ། ནེ་ཝ་ཌ་མངའ་སྡེའི་ཡུལ་མི་རྣམས་ཀྱི་བདེ་འཇགས་ནི་གལ་འགངས་ཆེ་ཤོས་ཤིག་ཡིན་ཞིང་། བསྐྱར་བཅོས་ཁྲིམས་ཡིག་ནང་ནེ་ཝ་ཌ་མངའ་སྡེའི་བདེ་འཇགས་གལ་ཆེན་ཡིན་པར་རྒྱབ་སྐྱོར་ཡོད་པའི་དོན་ཚན་ཁག་ཅིག་ཚུད་ཡོད་ལ། འབྲེལ་ལམ་སྲ་བརྟན། ནེ་ཝ་ཌའི་མི་མང་གི་བདེ་འཇགས་སོགས་ལ་རྒྱབ་སྐྱོར་ཡོད། ཅེས་གསུངས་འདུག

བསྐྱར་བཅོས་ཁྲིམས་འཆར་དེའི་ནང་། ཐད་འཕུར་གནམ་གྲུའི་ལས་མི་རྣམས་ཀྱིས་དམག་དོན་བྱ་འགུལ་སྤེལ་བར་འགོག་རྐྱེན་ཆེན་པོ་བཟོ་མཁན་རྩ་མེད་གཏོང་དགོས། དེ་ཡང་མཁའ་དམག་གནམ་གྲུའི་ཁ་ལོ་བ་ (Pilot) ཡི་སྡེ་ཁག་ཅིག་གིས་ཁི་རི་ཆི་མཁའ་དམག་གནམ་ཐང་ (Creech Air Force Base) དུ་དམག་གི་སྦྱོང་བརྡར་བྱེད་མུས་ཡིན་པ་ལྟ་བུར་ཆ་བཞག་ན། དམག་སྦྱོང་དང་དམག་ཤུགས་རྒྱ་སྐྱེད་གཏོང་སླད་དམག་མིའི་གླ་ཕོགས་བརྒྱ་ཆ་ ༣།༨ སྤར་ཏེ་དམག་མི་གང་མང་བསྡུ་རུབ་བྱེད་པའི་ལས་གཞིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། དམག་ཁུངས་ནས་ཕྱིར་ཐོན་རྗེས་དམིགས་བསལ་དགོས་མཁོ་ཅན་ལ་འཕྲོད་བསྟེན་གྱི་ལྟ་སྐྱོང་ཐད་མུ་མཐུད་དུ་རོགས་སྐྱོར་བྱ་རྒྱུ་སོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། མངའ་སྡེའི་ནང་རྟེན་གཞི་བྱས་པའི་ (Yucca Mountain) དུ་རྒྱལ་སྲུང་སླད་རྡུལ་ཕྲན་མཚོན་ཆའི་གད་སྙིགས་སོགས་ཁོར་ཡུག་ལ་གནོད་པའི་རྒྱུ་ཆ་ཁག་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་གྱི་མེད་སྐོར་གསལ་འདུག

ལྕམ་སྐུ་མཆོག་ནས་ཁྲིམས་འཆར་བཏོན་པ་དེར་ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་ཐུགས་རྗེ་ཆེ་ཞུས་འདུག་ལ། ཨ་རིའི་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཤིག་དང་ཆུ་རགས་གསར་རྒྱག་སོགས་ལས་གཞི་འདྲ་མིན་སྤེལ་བའི་རྐྱེན་གྱིས་འབྱུང་འགྱུར་བོད་ཀྱི་རྒྱལ་ཡོངས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བྱུང་རྒྱུའི་གནད་དོན་དེ་གལ་ཆེན་དུ་འཛིན་ནས་དེ་འབྲེལ་ཞིབ་འཇུག་གནང་དགོས་གལ་ཆེ་བའི་འབོད་སྐུལ་ཞུས་ཡོད་འདུག འདི་ལོའི་ཕྱི་ཟླ་ ༤ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐབས། ལྕམ་སྐུ་རྗེག་ཀི་རོ་སན་ (Jacky Rosen) དང་དངོས་སུ་མཇལ་འཕྲད་གནང་སྟེ། དེ་སྔ་ཁོང་མོས་བོད་དོན་འཐབ་རྩོད་དང་། དམིགས་བསལ་གྱིས་རྒྱ་ནག་གིས་བོད་ཀྱི་ཆུའི་ཐོན་ཁུངས་ལ་འཐབ་ཇུས་འདྲ་མིན་ལག་བསྟར་བྱས་ཏེ་ཚོད་འཛིན་བྱེད་བཞིན་པའི་སྐོར་ལ་སེམས་འཚབ་ཡོད་པ་གསལ་སྟོན་དང་། ཨ་རིའི་གཞུང་གི་ངོས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་དོན་འཐབ་རྩོད་དེ་གལ་ཆེན་དུ་བཟུང་ནས་དེ་འབྲེལ་གླེང་སློང་ལྷུག་པོ་གནང་ཡོད་ཅིང་། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་ཁེ་ཕན་སོགས་ཀྱི་སྐོར་བསྐྱར་ནན་གནང་བར་ལྕམ་སྐུ་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཡོད་འདུག

སྤྱིར་རྒྱལ་ཡོངས་འགོག་སྲུང་དབང་ཆའི་ཁྲིམས་ཡིག་ (NDAA) ཅེས་པ་དེ་ནི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལོ་འཁོར་གཅིག་གི་འགྲོ་གྲོན་དང་འབྲེལ་ནས་གྲོས་ཚོགས་ཀྱིས་དབང་ཆ་སྤྲོད་པའི་ཁྲིམས་ཡིག་ཅིག་ཡིན་ཞིང་། ཁྲིམས་ཡིག་དེས་རྒྱལ་སྲུང་ལྷན་ཁང་དང་འབྲེལ་ཡོད་ལས་ཁུངས་ཁག་གི་བྱེད་སྒོ་གཞན་ཁག དེ་ཡང་ནུས་ཤུགས་ཐོན་ལས་ཁང་གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་འགྲོ་གྲོན་དང་བྱེད་སྒོའི་སྔོན་རྩིས་ལ་དབང་ཆ་སྤྲོད་པ་ཙམ་དུ་མ་ཟད། དམག་དོན་གྱི་ལས་གཞི་དང་། དམག་མི། དངོས་ཟོག་ཚོང་འབྲེལ་བཅས་ཀྱི་སྲིད་ཇུས་གཏན་འབེབས་གནང་རྒྱུ། དེ་བཞིན་ཁྲིམས་མཐུན་གྱི་སྒྲོམ་གཞི་འདོན་སྤྲོད་བྱེད་ཀྱི་ཡོད་འདུག

བསྟན་འཛིན་ཉི་སྒྲོན་དང་། གསར་འགོད་པ་བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

སྐར་མ ༨ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese