མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀྱི་བཙོན་འཇུག་དུས་ཡུན་ཟླ་བརྒྱད་མ་ཚང་གོང་ནས་ཀློད་གློལ་བཏང་ཡོད་ཀྱང་། ཁོང་གི་འགྲོ་འདུག་གི་རང་དབང་ལ་ད་དུང་ཡང་དམ་དྲག་བྱེད་བཞིན་ཡོད་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གཞོན་ནུ་མཚོ་སྔོན་ཚེ་རིང་ལགས། ༢༠༢༤།༡༠།༡༥ ཚེ་རིང་ལགས་ཀྱི་བརྙན་ངོས་པར་བཤུས།

དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་བའི་ཡུལ་མི་གཞོན་སྐྱེས་མཚོ་སྔོན་ཚེ་རིང་ལགས་ཀྱི་བཙོན་འཇུག་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟ་ཁོང་གི་འགྲོ་འདུག་གི་རང་དབང་ལ་དམ་དྲག་ཡོད་ཅིང་། དམིགས་བསལ་གྱི་མི་མང་འདུ་འཛོམས་དང་སྤྱིར་བཏང་གི་འདུ་འཛོམས་གཉེན་སྟོན་སོགས་སུའང་མཉམ་ཞུགས་བྱེད་མི་ཆོག་པར་བཟོས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་མཚོ་སྔོན་ཚེ་རིང་ལགས་ཀློད་གྲོལ་བཏང་བ་དང་ཚ་རུ་མ་སྡེ་བའི་ཡུལ་མི་ཚོས་མཚོ་སྔོན་ཚེ་རིང་ལགས་སུ་བསུ་བའི་ཚུལ་དུ་འཛོམས་ཏེ་དགའ་སྟོན་ཞིག་བྱས་ཡོད་ཀྱང་། ཕྱིས་སུ་ས་གནས་ཉེན་རྟོག་པ་ཡོང་ནས་འདུ་འཛོམས་བྱེད་མི་ཆོག་སྐོར་བཤད་ཡོད་པ་མ་ཟད། མཚོ་སྔོན་ཚེ་རིང་འདུ་འཛོམས་ནང་ཞུགས་མི་ཆོག་སྐོར་བསྐྱར་དུ་གླེང་ཡོད་འདུག

འདི་གའི་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བོད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ན་གཞོན་མཚོ་སྔོན་ཚེ་རིང་ལགས་སུ། སྒེར་གྱི་འཁོན་སེམས་འཁུར་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། མཚོ་སྔོན་ཚེ་རིང་ལགས་ཀྱིས་ནག་ཉེས་ངོས་ལེན་བྱས་མེད་པ་རེད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཁྱུང་མཆུ་རྫོང་ཉེན་རྟོག་པས། མཚོ་སྔོན་ཚེ་རིང་ཚུད་པའི་ཚ་རུ་མ་སྡེ་བའི་ཡུལ་མི་འགའ་རྫོང་ཐོག་ཏུ་འབོད་འགུག་གིས་འདྲི་རྩད་བྱས་རྗེས། ཁོང་ཚོ་ཚང་མ་ཕྱིར་ཀློག་གྲོལ་བཏང་ཡོད་ཀྱང་། སྐབས་དེར་མཚོ་སྔོན་ཚེ་རིང་ལགས་ཀྱི་འཛིན་བཟུང་བཀག་ཉར་འོག་བཅུག་ཡོད་པ་མ་ཟད། སྐབས་དེར་ཁོང་གི་སྤྱི་ཚོགས་བརྒྱུད་ལམ་མགྱོགས་འཕྲིན་ (Kuaishou) དང་དེའི་སྟེང་དུ་སྤེལ་བའི་ཞུ་གཏུག་གི་བརྙན་དང་སྐད་འཕྲིན་སོགས་བཀག་སྡོམ་བྱས་ཏེ་མཐོང་རྒྱུ་མེད་པར་བཟོས་ཡོད།

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་མཚོ་སྔོན་ཚེ་རིང་ལགས་ཀྱིས། རང་ཉིད་ཀྱི་མགྱོགས་འཕྲིན་ (Kuaishou) སྟེང་སྐར་མ་ལྔ་མ་ཟིན་ཙམ་གྱི་གཏུག་བཤེར་བརྙན་ཞིག་སྤེལ་ཏེ། ཕྱི་ལོམ་ ༢༠༢༣  ཟླ་ ༥ ནས་བཟུང་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ (安徽先河建筑工程又很公司) གིས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཚ་རུ་མ་སྡེ་བའི་གཞུང་ལམ་གསར་བཟོའི་སྐབས་སུ། ཁྲིམས་འགལ་གྱིས་ལམ་འགྲམ་རྡང་ཆུ་གཙང་པོའི་ཆུ་གཞུང་སྔོག་འདོན་བྱས་ཏེ་རྡོ་བྱེ་དབོར་འདྲེན་བྱས་ཡོད་སྟབས། དེས་གཙང་བོ་དང་ཡུལ་དངོས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་གནས་མི་མང་དང་སྒོ་ཕྱུགས་སེམས་ཅན་སོགས་ཀྱི་འཚོ་གནས་ལའང་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པ་སོགས་གླེང་སློང་ཁ་གསལ་བྱས་ཡོད།

ཚ་རུ་མ་ཡུལ་ཚོའི་བོད་མི་ཚོས་ས་གནས་སུ་གནོད་སྐྱོན་ཐེབས་པའི་འདྲ་པར་དང་། གློག་བརྙན་སོགས་མཁོ་སྤྲོད་བྱས་པའི་ཐོག་ནས་ཚ་རུ་མའི་སྲིད་གཞུང་དང་། ཁྱུང་མཆུ་རྫོང་སྒྲིག་ཁྲིམས་ལྷན་ཁང་། ཁྱུང་མཆུ་རྫོང་གི་སྐྱེ་ཁམས་ཁོར་ཁུག་ལྷན་ཁང་། ཁྱུང་མཆུ་རྫོང་གི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་ཆུ་དོན་ལྷན་ཁང་། རྔ་བ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་ཡོད་ཀྱི་ལྷན་ཁང་སོགས་ལ་གཏུག་བཤེར་བྱས་ཡོད་ཀྱང་། འབྲེལ་ཡོད་ལས་ཁུངས་གཅིག་གིས་ཀྱང་ལན་འདེབས་བྱས་མེད་པ་རེད་ལ། ཕྱི་ལོ་ ༢༠༢༣ ཟླ་  ༩ ནང་ཚ་རུ་མའི་ཡུལ་མི་ཚོས་ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ཐོག་མར་གཏུག་བཤེར་བྱས་ཤིང་། སྐབས་དེར་ཁྱུང་མཆུ་རྫོང་སྐྱེ་ཁམས་ཁོར་ཡུག་ལྷན་ཁང་གིས་གནོད་སྐྱོན་ཐེབས་ཡུལ་དུ་བརྟག་དཔྱད་བྱས་ཡོད་ཀྱང་། བརྟག་དཔྱད་དང་ཐག་གཅོད་བྱས་པའི་མཇུག་འབྲས་སོགས་གང་ཡང་བསྒྲགས་མེད་པ་རེད།  ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནས་ ༡༢ བར་ཚ་རུ་མའི་བོད་མི་ཚོས་རྔ་བ་ཁུལ་ཆུ་དོན་ལས་ཁུངས་ལ་ཐག་གཅོད་མཇུག་འབྲས་སྐོར་ནས་གསལ་བཤད་ལན་འདེབས་ཡོང་བའི་ཞུ་སྐུལ་བྱས་ཀྱང་མཇུག་འབྲས་བརྡ་ལན་གང་ཡང་བྱུང་མེད་པ་རེད།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཚ་རུ་མ་སྡེ་བའི་རྡོ་བྱེ་སྔོག་འདོན་བྱས་པའི་གནད་དོན་དེ་ནི། རྔ་བ་ཁུལ་དང་གཞུང་རིམ་པའི་འཛུགས་སྐྲུན་ལས་འཆར་ཁྲོད་ནས་བྱུང་བ་ཞིག་ཡིན་པས། ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་ཁྲིམས་འགལ་ཐོག་ཚ་རུ་མའི་རྡོ་བྱེ་སྔོག་འདོན་བྱས་པ་བདེན་ནའང་། ཚ་རུ་མ་ཡུལ་མིའི་གཏུག་བཤེར་ལ་གྲུབ་འབྲས་ཐོན་ཁག་པོ་ཆགས་ཡོད་པ་མ་ཟད། ཨན་ཧྭི་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་ས་ཁུལ་དེར་རྡོ་བྱེ་ཙམ་མིན་པའི་གཏེར་ཁ་གཞན་ཞིག་སྔོག་འདོན་བྱེད་བཞིན་ཡོད་པར་དོགས་གཞི་བྱས་ཡོད།

མཚོ་སྔོན་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་ཞིང་། ཕ་ཕུར་ཁོ་དང་མ་དབང་སྒྲོན་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་ལ། ཕ་ཕུར་ཁོ་ནི་ལོ་ ༦༠ ཡས་མས་ཙམ་དང་མ་དབང་སྒྲོན་ནི་ལོ་ལྔ་བཅུའི་ནང་ཙམ་ཡིན།  མཚོ་སྔོན་ཚེ་རིང་ནི་དུས་རྒྱུན་སྤྱི་པའི་ལས་དོན་ཐོག་འགན་འཁུར་ཆེན་པོ་ལེན་མཁན་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

སྐར་མ ༢༩ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese