མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅེཀ་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པར་སྐྱོན་བརྗོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པར་ངོ་རྒོལ་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། རྒྱལ་ཁབ་སུ་འདྲ་ཞིག་གི་གནད་ཡོད་མི་སྣ་དང་གཞུང་འབྲེལ་མི་སྣས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་འབྲེལ་ཡོད་མི་སྣར་འབྲེལ་ལམ་བྱེད་པར་མཐའ་ཅིག་ཏུ་ངོ་རྒོལ་ཡོད། ཅེས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་དགོས་པ་ལས། བོད་རང་བཙན་གྱི་ཁ་བྲལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་འདུག་ལ། དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དེ་སྲིད་འཛིན་སྒེར་ངོས་ནས་མཇལ་བཅར་ཞུས་པ་ཡིན་ཚུལ་གྱི་གསལ་བཤད་ཅིག་ཀྱང་བྱས་འདུག

ཟླ་འདིའི་ཚེས་ ༢༧ ཉིན་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ལ་དྭགས་སུ་ཕེབས་འབྱོར་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་བློན་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་ཅིང་། སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་དབུས་པའི་ཅེཀ་སྐུ་ཚབ་ཚོགས་ཆུང་གིས་ཁྲིག་སེ་དགོན་པར་གནས་མཇལ་གྲུབ་རྗེས།  ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཁོང་རྣམ་པར་མཇལ་འཕྲད་མཛད། སྐབས་དེར་འདི་གའི་གསར་འགོད་པར་སྲིད་འཛིན་པཱ་ཝལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཅིཀ་སྤྱི་མཐུན་རྒྱལ་ཁབ་ནང་ཐེངས་ ༡༡ ཞབས་ཀྱིས་བཅགས་ཡོད་ལ། ང་ལ་མཚོན་ན། ཁོང་ད་རེས་ལན་གཅིག་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་གིས་དགའ་ཚོར་དང་གཟི་བརྗིད་ལྡན་པ་ཞིག་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རང་བཙན་དགོས་ཚུལ་གསུངས་ཀྱི་མེད། ༧མགོན་པོ་གང་ཉིད་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་དགོངས་གཞི་གཙོ་བོ་དང། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། བོད་མི་རྣམས་ལ་སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་རང་དབང་དགོས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་དྲུག་པས་ལ་དྭགས་བསོད་ནམས་གླིང་གི་ཚོགས་ཁང་དུ་སྲིད་འཛིན་པཱ་ཝལ་ལགས་སུ་སྣེ་ལེན་གྱི་སྟབས་བདེ་མཛད་སྒོ་ཞིག་འཚོགས་ཡོད་ལ། སྐབས་དེར་སྲིད་སྐྱོང་མཆོག་ནས། ངའི་ལས་རོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག དེ་བཞིན་གླེ་ཁུལ་གྱི་མགོ་ཁྲིད་ཚང་མའི་ཚབ་ཞུས་ཏེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ལ་ཕེབས་བསུ་ཞུ་རྒྱུ་བྱུང་བ་ནི་ང་ཚོར་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཞིག་དང་གཟི་བརྗིད་ཅིག་ཡིན། ཞེས་གསུངས་འདུག

དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས། ང་ཚོ་ནི་ཡུ་རོབ་རྒྱལ་ཁབ་ཀྱི་སྙིང་དབུས་སུ་ཡོད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བ་ཡིན། ང་ཚོའི་རྒྱལ་ཁབ་ཀྱི་རིག་གཞུང་དང་ལོ་རྒྱུས། དེ་བཞིན་ད་ལྟའི་གནས་སྟངས་སོགས་གང་ཅིའི་ཐད་ནས་མི་འདྲ་རུང་། ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་དང་། ང་ཚོའི་བྱིས་པ་ཚོར་མ་འོངས་པ་བཟང་པོ་ཞིག་ཡོང་ཐབས་བྱེད་པའི་དམིགས་ཡུལ་གཅིག་མཚུངས་ཡིན། ང་ཚོས་ད་རེས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་ཡིན། ཁྱེད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཁྱེད་ཚོའི་གཞི་རྩའི་ཐོབ་ཐང་ཡིན། ཞེས་དང་། ཁོང་གིས་བོད་མི་རྣམས་ཕྱིར་རང་ཡུལ་དུ་ལོག་ཐུབ་པའི་རེ་བ་ཡོད་སྐོར་བཅས་གསུངས་འདུག

བློ་བཟང་སྒྲོལ་མ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese