མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་ ༡༠༨ ཀྱིས་ཕྱི་ལོ་ ༢༠༢༣ ལོའི་གྱེན་ལངས་ཁྲོད་མཉམ་ཞུགས་དང་ཐེ་ཇུས་བྱས་ཡོད་པའི་ཉེས་མིང་གཡོགས་ནས་མི་ལོ་ ༡༠ རེའི་བཙོན་འཇུག་ཁྲིམས་ཐག་བཅད།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro

ཁ་སང་ཕྱི་ཚེས་ ༣༡ ཉིན་པཱ་ཀི་སི་ཐན་གྱི་ཤར་ཁུལ་ཁྲིམས་ཁང་ (court in eastern Pakistan) གིས། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་ ༡༠༨ ཀྱིས་ཕྱི་ལོ་ ༢༠༢༣ ལོའི་གྱེན་ལངས་ཁྲོད་མཉམ་ཞུགས་དང་ཐེ་ཇུས་བྱས་ཡོད་པའི་ཉེས་མིང་གཡོགས་ནས། བཙོན་འཇུག་ཁྲིམས་ཐག་ལོ་བཅུ་རེའི་བཅད་ཡོད་ཅིང་། དེ་ནི་པཱ་ཀི་སི་ཐན་གྱི་ཉེ་རབས་སྲིད་དོན་ལོ་རྒྱུས་ཁྲོད་ཆབ་སྲིད་ཚོགས་པ་ཞིག་གི་ཚོགས་མི་རྣམས་ལ་ཁྲིམས་ཐག་བཅད་པ་ཐེངས་དང་པོར་གྱུར་འདུག

དེའི་ཐད་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པ་པཱ་ཀི་སི་ཐན་རྒྱལ་ཡོངས་དྲང་བདེན་ལས་འགུལ་ཚོགས་པས་ (Pakistan Tehreek-e-Insaf) ཨེག་སི་(X) སྤྱི་ཚོགས་དྲ་ལམ་སྟེང་། དེ་རིང་པཱ་ཀི་སི་ཐན་གྱི་ཁྲིམས་ལུགས་ལོ་རྒྱུས་ཁྲོད་ཆེས་ཐོག་མར་ཁ་གཏད་ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པར་ཡིད་ཆེས་བློ་གཏད་དང་། འཐུས་མིར་ལངས་པ། རྩ་ཁྲིམས་ཀྱི་སླད་དུ་འཐབ་རྩོད་བྱས་པ་སོགས་ནག་ཉེས་སུ་རྩིས་ནས། ཁྲིམས་ཐག་བཅད་པ་ནི་ཆེས་ངོ་གནོང་དགོས་པ་དང་ཡིད་སེམས་སྨྲེང་བའི་རྒྱུ་རུ་གྱུར། ཞེས་བརྗོད་འདུག དེ་བཞིན་པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་གྱི་སློབ་སྟོན་པ་ཛུལ་ཧྥི་(Zulfi Bukhari ) ཡིས། དེ་ནི་དམངས་གཙོའི་ལོ་རྒྱུས་ཁྲོད་ཀྱི་ཉི་མ་ནག་པོ་ཞིག་ཡིན། ཞེས་བརྗོད།

འདི་ལོའི་ཕྱི་ཟླ་ ༧ ཚེས་  ༢༢ ཉིན་པཱ་ཀི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ལྐོག་ཟ་རུལ་སུངས་དང་། ཆབ་སྲིད་ཀྱི་གོ་གནས་བེད་སྤྱོད་ལོག་པ་བྱས་པ་སོགས་ཀྱི་ཉེས་མིང་འོག པཱ་ཀི་སི་ཐན་རྒྱལ་ཡོངས་དྲང་བདེན་ལས་འགུལ་ཚོགས་པའི་འཐུས་མི་ ༢༦ ལ་མི་ལོ་བཅུ་ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ལ། དེ་དག་གི་ཁྲོད་དུ་བློན་ཆེན་ཟུར་བ་ཡཱ་ཤི་མིན་(Yasmin Rashid) དང་གྲོས་ཚོགས་འཐུས་མི་ཨཱ་མ་ཐི་ཆོ་ཏི་རི་(Ejaz Ahmed Chaudhary) སོགས་ཚུད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༠ ཉིན་པཱ་ཀི་སི་ཐན་གྱི་གྲོས་ཚོགས་འོག་མས་ཡུལ་དེའི་སྲིད་བློན་ཨིམ་རཱན་ཁཱན་གྱིས་དཔལ་འབྱོར་འཛིན་སྐྱོང་དང་ཕྱི་འབྲེལ་སྲིད་ཇུས་ཐད་བྱེད་འཛོལ་ཤོར་བའི་དོགས་གཞིའི་འོག་ཡིད་རྟོན་མེད་པའི་འོས་ཤོག་ (No-Confidence Vote) བསྡུས་ཏེ་མང་མོས་ཀྱི་ཐོག་ནས་ཁོ་པ་སྲིད་བློན་ནས་གནས་དབྱུང་བཏང་ཡོད་ལ། སྐབས་དེར་ཕྱིའི་རྒྱལ་ཁབ་ཀྱི་བུ་ལོན་སྤྲོད་འཇལ་མ་ཐུབ་པ་དང་། དངུལ་གྱི་ཡུལ་ཐང་ཆག་སྟེ་སྣུམ་དང་བཟའ་ཅའི་རིན་གོང་འཕར་བའི་རྐྱེན་གྱིས། མང་ཚོགས་ཁྲོད་ཨིམ་རཱན་ཁཱན་གྱིས་སྣེ་ཁྲིད་པའི་པཱ་ཀི་སི་ཐན་གྱི་གཞུང་ལ་འདོད་པ་མེད་པའི་རྣམ་པ་ཤུགས་ཆེན་བསྟན། འོན་ཀྱང་། སྐབས་དེར་པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་གྱིས་པཱ་ཀི་སི་ཐན་འདི་ཉིད་ཕྱི་ལོ་ ༡༩༤༧ ལོར་རང་བཙན་ཐོབ་ཡོད། འོན་ཀྱང་། དེ་རིང་ཕྱིའི་རྒྱལ་ཁབ་ཀྱི་ངན་ཇུས་འོག་ནས་གཞུང་འཛིན་བརྗེ་བསྒྱུར་ལ་འགོག་རྒོལ་བྱེད་པའི་རང་དབང་འཐབ་རྩོད་བསྐྱར་དུ་མགོ་ཚུགས་ཡོད། རྒྱལ་ཁབ་ཀྱི་བདག་དབང་དང་དམངས་གཙོ་སྲུང་སྐྱོབ་བྱེད་མཁན་ནི་དུས་ནམ་ཡང་མི་མང་ཡིན། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༢༣ ལོར་པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་བ་ཨིམ་རཱན་ཁཱན་ཟེར་བ་པཱ་ཀི་སི་ཐན་གྱི་ཨི་སི་ལ་མ་བྷ་ཐི་ཆེས་མཐོའི་ཁྲིམས་ཞིབ་ཁང་ (Islamabad High Court) ནས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་སྟབས། ཁོང་གི་རྒྱབ་སྐྱོར་བ་དང་སྲིད་དོན་ཚོགས་པས་ཆེས་མཐོའི་ཁྲིམས་ཁང་གཙོས་སྲིད་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས། ཕྱིས་སུ་ཞིབ་བཤེར་དང་འདྲི་བརྩད་རིམ་པ་བྱས་ཏེ་ཀློད་གྲོལ་བཏང་ཡང་། སྔ་གཞུག་ཏུ་འཛིན་བཟུང་དང་ཞིབ་བཤེར་མང་དག་ཅིག་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༡ ནང་ཁོས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་མི་ལོ་བཅུ་བཞི་ཡི་བཙོན་འཇུག་ཁྲིམས་ཆད་དང་ཁོའི་བཟའ་ཟླ་ལ་མི་ལོ་བདུན་གྱི་ཁྲིམས་ཐག་བཅད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

U.S. President Joe Biden attends a meeting with Israeli Prime Minister Benjamin Netanyahu, as he visits Israel amid the ongoing conflict between Israel and Hamas, in Tel Aviv, Israel, October 18, 2023. REUTERS
Mobile App

སྲིད་འཛིན་བྷའེ་ཌིན་མཆོག་ཨི་ཛི་རེལ་ནང་ཆེད་དུ་ཕེབས།

༢༠༢༣/༡༠/༢༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༡༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ།

༢༠༢༣/༠༤/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese