མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ་ནས་མུ་མཐུད་ལ་དྭགས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་བཀའ་སློབ་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༡༠

ཟླ་འདིའི་ཕྱི་ཚེས་  ༥ ཉིན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་ཌུའུ་པཱ་ཌི་མུར་མའོ་ (Shrimati Droupadi Murmu) མཆོག་ཀྱིས་ལ་དྭགས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ཆོས་ལུགས་དང་འབྲེལ་བའི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པར་ཆེ་བསྟོད་དུ་པདྨ་ཤྲི་གཟེངས་རྟགས་དངོས་སུ་ཕུལ་ཡོད་པ་ལྟར། དེ་རིང་ཞོགས་པར་ཁྲི་སེ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་མཆོག་ནས་སེམས་ཀྱི་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་མུ་མཐུད་ལ་དྭགས་མི་དམངས་ལ་ཞབས་འདེགས་དང་ཆོས་འབྲེལ་མཛད་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག 

དེའི་ཐད་ཁྲིག་སེ་རིན་པོ་ཆེ་མཆོག་གིས། སེམས་བཟང་པོ་དང་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་རང་དོན་མེད་པའི་སྒོ་ནས་ལ་དྭགས་མི་མང་ལ་ཆོས་འབྲེལ་བྱ་དགོས་པ་གཙོས་མི་མང་རྣམས་ལ་ཞབས་ཞུ་གང་ཐུབ་བསྒྲུབ་དགོས་པ་དང་། མི་མང་མཐུན་སྒྲིལ་ཡོང་ཐབས་ཆེད་དུ་ཕྱག་ལས་གནང་དགོས་པའི་བཀའ་སློབ་སྩལ་སོང་ལ། སྤྱིར་རྒྱ་གར་གྱི་པདྨ་ཤྲིའི་གཟེངས་རྟགས་དེའང་ཆོས་ལུགས་མཐུན་འབྲེལ་གྱི་ལས་དོན་བྱེད་ཀྱི་ཡོད་པས་གནང་བ་ཞིག་ཡིན་པ་རེད། ངས་ཀྱང་སྤྱི་ཚོགས་སུ་ཆོས་དང་རིག་གཞུང་གཙོས་སློབ་མ་རྣམས་ཀྱི་ཆེད་དཔེ་མཛོད་གསར་རྒྱག་དང་། སྤྱི་ཚོགས་དང་སློབ་གྲྭ་སོགས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་ཐད་ལ་སྐད་ཆ་མང་དག་ཅིག་བཤད་ཡོད་སྟབས། རང་ཉིད་ཀྱིས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བསྒྲུབས་སོང་བསམ་གྱི་ཡོད། ཅེས་གསུངས་བྱུང་། 

གཞན་ཡང་། ལ་དྭགས་དབུས་གཞུང་མངའ་སྡེ་དབུ་བརྙེས་པའི་དུས་སྟོན་ཉིན་མོ་སྟེ་ཕྱི་ལོ ༢༠༢༡ ཟླ་ ༡༠ ཚེས་ ༣༡ ཉིན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གླེ་ཡིས། ལ་དྭགས་ཁྲིག་སེ་ཚུལ་ཁྲིམས་རྣམ་དག་གླིང་གི་མཁན་རིན་པོ་ཆེ་༧སྐྱབས་རྗེ་ཤར་སྤྲུལ་རྗེ་བཙུན་ངག་དབང་བྱམས་པ་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། ལོ་མང་རིང་ཆོས་སྲིད་གཉིས་ཀྱི་ཐོག་ནས་ལ་དྭགས་ཀྱི་མི་རིགས་དང་སྤྱི་ཚོགས་ལ་བྱམས་བརྩེ་དང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཞབས་འདེགས་ཞུས་ཏེ་ཤུགས་རྐྱེན་ཆེན་པོ་བསླེབས་པའི་ངོས་འཛིན་ཐོག ལ་དྭགས་སུ་སྙན་གྲགས་ཡོད་པའི་ཕྱི་ལོ་ ༢༠༢༡ ལོའི་ལ་དྭགས་དཔལ་རྔམ་གཟེངས་རྟགས་ཕུལ་ཡོད་འདུག

རྒྱ་གར་གྱི་སྲིད་འཛིན་མཆོག་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་པདྨ་ཤྲིའི་གཟེངས་རྟགས་ཕུལ། ༢༠༢༣།༠༤།༠༥

སྐྱབས་རྗེ་ཤར་པ་སྤྲུལ་སྐུ་རྗེ་བཙུན་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་ཕྱི་ལོ་ ༡༩༤༣ ཟླ་ ༥ ཚེས་ ༢༠ ཉིན་ལ་དྭགས་ཆུ་ཤོད་གྲོང་མིང་འབིས་ལུ་པ་ཞེས་པའི་ཁྱིམ་དུ། ཡབ་ཡེ་ཤེས་དཔལ་འབྱོར་ཕུན་ཚོགས་དང་། ཡུམ་ཚེ་བརྟན་དཔལ་འཛིན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༣ ལོར་ཐོས་བསམ་སློབ་གཉེར་གནང་ཕྱིར་བོད་དུ་ཕེབས་ཏེ་ཕྱི་ལོ་ ༡༩༥༩ བར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། དེ་ནས་ཕྱི་ལོ་ ༡༩༦༨ ནས་ ༢༠༠༦ བར་དུ་ལ་དྭགས་མི་མང་གི་བདེ་སྡུག་སླད་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གནང་མྱོང་བ་སོགས་ཆོས་སྲིད་གཉིས་ཀྱི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་འདུག

 པདྨ་ཤྲིའི་གཟེངས་རྟགས་ནི་རྒྱ་གར་མི་མང་གི་གཟེངས་རྟགས་ཆེས་ཆེ་ཤོས་དེ་ཡིན་པ་དང་། གཟེངས་རྟགས་དེར་རིགས་གསུམ་ཡོད་པ་ནི་པདྨ་ཝེ་བྷོ་ཤིན (Vibhushan) །པདྨ་བྷོ་ཤིན་(Padma Bhushan)པདྨ་ཤྲི་བཅས་ཡིན་པ་དང་། གཟེངས་རྟགས་དེ་ལོ་རེའི་རྒྱ་གར་དམངས་གཙོའི་ཉིན་མོ་དང་བསྟུན་སྤྱི་ཚོགས་ལས་རིགས་ཁག་གི་གཟེངས་ཐོན་མི་སྣ་དང་། སྤྱི་དམངས་བདེ་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུ་བ། སྒྱུ་རྩལ་བ། ཚོང་པ་དང་བཟོ་ལས་མཁན། སྨན་པ། ཤེས་ཡོན་པ། རྩོམ་པ་པོ་སོགས་བྱས་རྗེས་ཅན་གྱི་མི་སྣ་ཚོར་གནང་གི་ཡོད་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་ཐོན་པའི་མཛད་སྒོ། ༢༠༢༣།༠༥།༠༩
Mobile App

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་སྐོར་བཀའ་སློབ་གནང་།

༢༠༢༣/༠༥/༠༩
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
༧གོང་ས་མཆོག་གིས་ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ། ༢༠༢༣།༤།༢༤ ཉིན། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༠༤/༢༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

༢༠༢༣/༠༤/༢༡
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist