མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་ནག་གཞུང་ལ་ལོ་རྒྱུས་དང་ཆོས་དང་རིག་གཞུང་སོགས་གང་ཅིའི་ཐད་ནས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་གང་ཡང་མེད་པའི་ལན་འདེབས་གནང་།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་ཀརྨ་ཚེ་བརྟན་ཟེར་བས། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཟེར་བའི་ཚོགས་འདུ་ཞིག་གི་སྟེང་ནས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་མཐའ་མའི་ཐག་གཅོད་ཀྱི་འགན་དབང་དེ་རྒྱ་ནག་དབུས་གཞུང་ལ་ཡོད་སྐོར་བསྒྲགས་འདུག་པར་བརྟེན། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་ནག་གཞུང་ལ་ལན་འདེབས་གནང་སྐབས་ཁོང་གིས།  ༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྔ་རྗེ་བར་གསུམ་ཚང་མའི་ནང་། ༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་བའི་སྐུ་དབང་དེ་༸སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་ཁོ་ནར་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་ལས། རྒྱ་ནག་གཞུང་ལ་དེའི་བདག་དབང་རྩ་བ་ཉིད་ནས་མེད། ལོ་རྒྱུས་ཀྱི་བདག་དབང་ཡང་མེད་ལ། ནང་ཆོས་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་དེ་ཆོས་ཁས་མི་ལེན་པའི་གཞུང་ཞིག་ཡིན་དུས། ཆོས་ཕྱོགས་ཀྱི་བྱེད་སྒོའི་སྟེང་དུ་ཐེ་ཇུས་བྱེད་པའི་བདག་དབང་དེ་རྩ་བ་ཉིད་ནས་མེད།

གང་ལྟར་རྒྱ་ནག་གཞུང་གི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ ༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྟེང་དུ་རྩོད་ལེན་ཞིག་བྱས་བསྡད་ཡོད་ཀྱང་། ཁོ་ཚོར་རྩོད་ལེན་བྱེད་པའི་བདག་དབང་ཆུ་ཐིག་ཙམ་ཡང་མེད། རྒྱ་ནག་གཞུང་གིས་བཤད་བསྡད་པ་དེ། ༸གོང་ས་མཆོག་གི་ཡང་སྲིད་དེ་བོད་ནང་དུ་འཁྲུངས་དགོས་པ་དང་། གསེར་བུམ་དཀྲུགས་དགོས་པ། རྒྱ་ནག་གཞུང་གི་ངོས་ལེན་སྤྲོད་དགོས་པ་བཅས་ཆ་རྐྱེན་གསུམ་གྱི་ཐོག་ནས་བཤད་བསྡད་ཡོད་ཀྱང་། ཆ་རྐྱེན་གསུམ་གའི་བདག་དབང་དེ་རྒྱ་ནག་གཞུང་ལ་ཡོད་པ་མ་རེད་ཞུ་རྒྱུ་ཡིན། ༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་ཀྱི་བདག་དབང་དེ། ༸གོང་ས་མཆོག་ནས་ཕྱི་ལོ་ ༢༠༡༡ ལོར་ཕེབས་པའི་བཀའ་སློབ་ནང་བཞིན་དང་། ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢ ཉིན་བཀའ་སློབ་ཕེབས་པ་ནང་བཞིན། ༸སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་རང་ལ་ཡོད་པ་ལས་ལྷག་གི་གཞན་སུ་ལའང་མེད། ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་རྒྱུ་ཡིན།

རྩ་བའི་རྒྱ་ནག་གཞུང་གི་ནང་དུ་བོད་མི་མགོ་ཁྲིད་བྱེད་མཁན་མང་པོ་ཞིག་ཡོད་ཀྱང་།  རྒྱ་ནག་གཞུང་དེ་མཁྲེགས་འཛིན་ཆེ་བའི་དམར་ཤོག་གི་གཞུང་ཞིག་ཆགས་བསྡད་ཡོད་སྟབས། རྒྱ་རིགས་ལ་སྐད་ཆ་བཤད་མ་བཅུག་པར་ད་རེས་ཆེད་དུ་བོད་མིར་སྐད་ཆ་བཤད་དུ་བཅུག་པ་ནི་བདག་དབང་རྩོད་ཐབས་བྱས་པའི་གནས་སྟངས་ཤིག་ཡིན་སྲིད་པ་རེད།  གང་ལྟར་ད་ལྟ་རྒྱ་ནག་གཞུང་གིས་བོད་རྒྱ་ཆེ་མི་མང་བོད་ནང་དུ་ཡོད་པ་དང་ང་ཚོར་བདག་དབང་ཡོད་ཟེར་བ་སོགས་ཀྱི་སྐད་ཆ་མང་པོ་བཤད་བསྡད་ཡོད་ཀྱང་། ༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་དེ་ལོ་རྒྱུས་ཀྱི་ཐོག་ནས་དང་ནང་པའི་རིག་གཞུང་སོགས་གང་ཅིའི་ཐད་ནས་རྒྱ་ནག་གཞུང་ལ་བདག་དབང་རྩ་བ་ནས་མེད་པ་དེ་ཐོག་ཆོད་པོས་ཞུ་ཐུབ་ཀྱི་འདུག གནད་དོན་དེའི་ཐོག་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་རིམ་པ་ཕེབས་བསྡད་པ་རེད། དེར་བརྟེན། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ལ་ཐེ་ཇུས་བྱེད་པ་ནི་ལོ་རྒྱུས་ཀྱི་ནོར་འཁྲུལ་དང་ཆོས་ལུགས་ལ་ཐེ་ཇུས་བྱས་པའི་གནད་དོན་ཞིག་ཆགས་བསྡད་ཡོད།  དེ་ལྟར་བྱེད་མི་རུང་བའི་ཁར། རྒྱ་ནག་གིས་ཆོས་ལ་དགའ་བ་དང་ཆོས་ཁས་བླངས་པའི་ཐོག་ནས་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་ཆོས་དེ་ཆབ་སྲིད་ཀྱི་ལག་ཆའི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་སྟབས། དེ་ནི་ཆོས་ཕྱོགས་དང་འབྲེལ་བ་མེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་དུས།
ཆབ་སྲིད་ཀྱི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་ཇུས་བྱ་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད་ལ། ཐེ་ཇུས་བྱེད་ཐུབ་ཀྱི་མ་རེད། ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པས་ཆོས་ཕྱོགས་རང་གི་ཐོག་འཇོག་དགོས་ཀྱི་རེད། ཅེས་གསུངས་སོང་།

ཡང་བོད་རང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་ཀརྨ་ཚེ་བརྟན་ཟེར་བས། ༸གོང་ས་མཆོག་གི་ཡང་སྲིད་རྒྱ་ནག་ནང་ནས་བཙལ་ཏེ་དབུས་གཞུང་གི་ངོས་ལེན་དགོས། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་མཐའ་མའི་ཐག་གཅོད་དེ་རྒྱ་ནག་དབུས་གཞུང་ལ་ཡོད་པ་ནི་རྩོད་མེད་ཡོངས་གྲགས་ཡིན་ཞེས་བསྒྲགས་འདུག

ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་བཀའ་དབུས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་ཅེས་གསུངས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese