མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་མི་མང་གིས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སློབ་རའི་བརྙས་བཅོས་ཀྱི་གནད་དོན་ལ་ཐག་གཅོད་ནན་པོ་མ་བྱས་པར་བརྟེན་མི་མང་སྟོང་ཕྲག་གིས་ངོ་རྒོལ་བྱས་ཏེ་ལས་འགུལ་བ་མང་པོ་འཛིན་བཟུང་བྱས་འདུག

རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས། ༢༠༢༥།༠༨།༠༥ དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༤ ནས་ ༥ ཞོགས་པའི་བར་དུ། རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས་ཡོད་པ་དང་། ཉེན་རྟོག་པ་དང་དྲག་ཆས་དམག་མི་བརྒྱ་ཕྲག་འགས་ལས་འགུལ་བ་རྣམས་ལ་གང་བྱུང་གཅར་རྡུང་བཏང་སྟེ། མི་མང་པོ་འཛིན་བཟུང་བྱས་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་གྱི་བརྙན་དང་པར་རིས་སོགས་ནག་གསུབ་བཏང་ནས་ངོ་རྒོལ་གྱི་ཡུལ་དངོས་ཆུ་ཚོད་གཅིག་ལྷག་གི་ནང་དུ་གཙང་བཟོ་བྱས་ཡོད་འདུག

ཕྱི་ཟླ་ ༧ ཚེས་ ༢༢ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་ཅིང་ཡུག་གྲོང་ཁྱེར་གྱི་རང་ལོ་ ༡༤ ཅན་གྱི་སློབ་ཕྲུག་བུ་མོ་ལའེ་མིང་ཅན་ཞིག་ལ་སློབ་གྲོགས་བུ་མོ་གསུམ་གྱིས་གཅར་རྡུང་དང་བརྙས་བཅོས་ཚད་མེད་བཏང་བའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ཡོད་པ་དང་། དྲ་ལམ་ནས་མི་མང་གིས་གནད་དོན་དེ་རིགས་ལ་ཐག་གཅོད་ནན་པོ་དགོས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། ས་གནས་ཉེན་རྟོག་ཁང་གིས་གཅར་རྡུང་གཏོང་མཁན་བུ་མོ་གསུམ་བཀག་ཉར་བྱས་ཏེ། བུ་མོ་གཉིས་ལ་བདེ་འཇགས་ཉེས་ཆད་བཅད་པ་དང་། བུ་མོ་གཞན་གཅིག་ལ་སྐྱོན་བརྗོད་སློབ་གསོ་བཏང་རྗེས་ཀློད་གྲོལ་བཏང་ཡོད་པར་བརྟེན། ཉེས་རྡུང་ཕོག་པའི་བུ་མོ་དེའི་ཨ་མ་སོགས་ཀྱིས་སྲིད་གཞུང་གི་ཐག་གཅོད་དེ་དྲང་བདེན་མིན་པས་ཁྲིམས་ལྟར་ཐག་གཅོད་ནན་པོ་དགོས་སྐོར་བརྗོད་དེ། འབྲེལ་ཡོད་ལས་ཁུངས་ལ་ཡང་ཡང་དོགས་འདྲི་བདེ་སྡུག་ཞུས་ཡོད་ཀྱང་སྣང་མེད་དུ་བཏང་རྐྱེན། ཟླ་འདིིའི་ཕྱི་ཚེས་ ༤ ཉིན་ནས་མི་མང་སྟོང་ཕྲག་གིས་ངོ་རྒོལ་སྐད་འབོད་མ་བྱས་ཐབས་མེད་དུ་གྱུར་ཡོད་འདུག

ཏ་ཅི་ཡོན་(大纪元)གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། གཅར་རྡུང་ཕོག་མཁན་ལའེ་ཡི་ཨ་མ་ལགས་ནི་ལྐུགས་པ་ཞིག་ཡིན་ལ། རྒྱུན་དུ་སློབ་གྲྭའི་ནང་བུ་མོ་ལའེ་ལ་སློབ་གྲོགས་ཚོས་བརྙས་བཅོས་དང་གཅར་རྡུང་ཡང་ཡང་ཕོག་གི་ཡོད་སྐོར་དང་། ད་ལན་ཁོང་མོར་གཅར་རྡུང་གཏོང་མཁན་བུ་མོ་གསུམ་དེ་ས་གནས་མངགས་གཏོང་ཁང་གིས་བཀག་ཉར་བྱས་ཡོད་ཀྱང་། ལོ་ཚད་མ་རན་པར་བརྗོད་དེ་ཀློད་གྲོལ་བཏང་ཡོད་སྐོར་སོགས་བརྗོད་ཡོད་པ་མ་ཟད། བུ་མོ་གསུམ་དེའི་ནང་གོང་རིམ་ལས་བྱེད་ཀྱི་བུ་ཕྲུག་ཡོད་སྐོར་ཡང་བརྗོད་འདུག

རྒྱ་ནག་སི་ཁྲོན་ཅིང་ཡུག་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་མི་སྟོང་ཕྲག་གིས་ངོ་རྒོལ་བྱས། ༢༠༢༥།༠༨།༠༤-༠༥ དྲ་ལམ་གྱི་པར།

གནད་དོན་དེའི་ཐོག་ཨ་རིར་ཡོད་པའི་གནད་དོན་དབྱེ་ཞིབ་པ་ཆིན་ཕིན་(秦鹏) ལགས་ཀྱིས།  རྒྱ་ནག་དམར་ཤོག་ཚོགས་པས་ལོ་མང་རིང་དྲག་གནོན་བྱས་པའི་རྗེས་སུ། རྒྱ་ནག་གི་མི་མང་པོ་ཞིག་གིས་ཁོང་ཚོའི་མཐའ་འཁོར་གྱི་དོན་རྐྱེན་དག་སྣང་མེད་དུ་བཞག་ཡོད། ཐེངས་འདིའི་དོན་རྐྱེན་ཁྲོད་ཀྱི་སྐད་ཆ་བཤད་མཁན་རྣམས་ནི་བུ་མོ་དེ་དང་ཁོང་མོའི་ཁྱིམ་མིར་འབྲེལ་བ་གང་ཡང་ཡོད་པ་མ་རེད། ཁོང་ཚོས་དྲང་བདེན་གྱི་ཀུན་སློང་གིས་རྒྱ་ནག་གི་དབང་འཛིན་པར་སྐྱོན་བརྗོད་དང་ཁྲིམས་ལུགས་ལྟར་ལག་བསྟར་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཡི་ནའང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ངོ་རྒོལ་བ་ཚོ་གཅར་རྡུང་བཏང་ནས་དུད་འགྲོ་བཞིན་འཛིན་བཟུང་བྱས་ཡོད།ཅེས་བརྗོད་འདུག

འདས་པའི་ལོ་མང་རིང་རྒྱ་ནག་ནང་ལོགས་དང་བོད་ནང་སོགས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ནང་ཁུལ་བརྙས་བཅོས་དང་གཅར་རྡུང་ཚད་མེད་བཏང་བའི་བརྙན་ཐུང་དང་པར་རིས་སོགས་སྤྱི་ཚོགས་དྲ་ལམ་དུ་མང་པོ་ཁྱབ་ཡོད་ལ། ཐ་ན་སློབ་ཕྲུག་ཆེ་བས་ཆུང་ཆུང་དང་ཉམ་ཆུང་ལ་གཅར་རྡུང་བཏང་ནས་དམར་གསོད་བཏང་བའི་གནས་ཚུལ་ཡང་ཐེངས་འགར་དྲ་ལམ་དུ་ཁྱབ་ཡོད་པ་རེད། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཟེར་བར་བསྐྱར་བཅོས་གཏན་འབེབས་བྱས་ཡོད་ཀྱང་མུ་མཐུད་ནས་དོན་རྐྱེན་དེ་འབྱུང་བཞིན་ཡོད་པ་རེད།

དཔེར་ན། གནས་ཚུལ་གསར་ཤོས་ཤིག་ནི་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བུ་མོའི་ཉལ་ཁང་ཞིག་གི་ནང་དུ། བུ་མོ་ཆུང་ཆུང་ཞིག་ལ་བུ་མོ་ཁག་ཅིག་གིས་གཅར་རྡུང་དང་དམའ་འབེབ་ཚད་མེད་བྱེད་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། བོད་ཕྱི་ནང་གཉིས་སུ་གླེང་སློང་ཤུགས་ཆེན་བྱུང་སྟེ་ཐག་གཅོད་ནན་པོ་དགོས་པའི་སྐུལ་སློང་ཤུགས་ཆེན་བྱས་ཡོད། ཕྱིས་སུ་ཉེན་རྟོག་ཁང་གིས་འབྲེལ་ཡོད་བུ་མོ་གསུམ་འཛིན་བཟུང་བྱས་ཏེ་ཉེས་ཆད་པ་དང་། ཉེས་རྡུང་ཕོག་སའི་བུ་མོ་དེར་རྒྱབ་སྐྱོར་ཆེད་སློབ་སྦྱོང་གི་གོ་སྐབས་སྔར་ལས་ལེགས་པོ་བསྐྲུན་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༠༢ ལོར་ཧྲན་ཏུང་ཞིང་ཆེན་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་སློབ་རའི་བརྙས་བཅོས་ཀྱི་གནད་དོན་ཐོག་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གི་སློབ་ཕྲུག་བརྒྱ་ཆ་ ༡༤།༩ ཙམ་ལ་སློབ་གྲྭའི་ནང་བརྙས་བཅོས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། སློབ་ཕྲུག་ཕལ་ཆེ་བར་ལུས་སེམས་གཉིས་དང་ལྷག་པར་དུ་ཁག་ཅིག་ལ་ཚེ་གང་དྲན་པ་བརྗེད་ཐབས་མེད་པའི་འཇིགས་སྐུལ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཀོད་ཡོད་པ་མ་ཟད།  སློབ་མའི་བདེ་འཇགས་སྲུང་སྐྱོབ་ཐད་ནས་རྒྱ་ནག་ནི་འཛམ་གླིང་སྟེང་གི་རྗེས་ལུས་ཀྱི་གྲས་སུ་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese