མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

བོད་ཀྱི་དུས་བབ།
༢༠༢༥/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཞིག་གིས་སྐྱེས་པ་གཉིས་ལ་བཙན་གཡེམ་བྱས་རྐྱེན་གྲོས་ཚོགས་ནས་རྩ་དགོངས་ཞུས་ཡོད་པ་མ་ཟད། ཟླ་རྗེས་མའི་ནང་ཁོ་ལ་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)

བྷི་བྷི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༤༤ ཡིན་པའི་ཨོ་གླིང་གི་གྲོས་ཚོགས་འཐུས་མི་གྷེ་རེ་ཌི་ཝར་ཌི་ལགས་སུ་བཙན་གཡེམ་དོན་རྐྱེན་ཁྲིམས་གཏུགས་ཀྱི་བརྒྱུད་རིམ་ཁྲོད་ཕམ་ཁ་བྱུང་སྟེ། ཁོས་བཙན་གཡེམ་བྱས་པའི་ནག་ཉེས་ར་སྤྲོད་བྱུང་བར་བརྟེན། དེ་རིང་ཕྱི་ཚེས་ ༨ ཉིན་གྷེ་རེ་ཐི་ཝར་ཌི་ (Gerath Ward) ཡིས་གྲོས་ཚོགས་འཐུས་མིའི་གོ་གནས་ནས་རྩ་དགོངས་ཞུས་ཡོད་འདུག

སྤྱིར་དེ་རིང་ཕྱི་ཚེས་ ༨ ཉིན་ནེའུ་སའོ་ཐི་ཝེལ་སི་ (New South Wales) མངའ་སྡེའི་གྲོས་ཚོགས་ཀྱིས་གྷེ་རེ་ཐི་ཝར་ཌི་ལགས་གྲོས་ཚོགས་ནས་ཕྱིར་ཕུད་གཏོང་གཏན་ཁེལ་ཡོད་ཀྱང་། ཁོས་གྲོས་ཚོགས་མ་འཚོག་གོང་གི་ཆུ་ཚོད་གཉིས་ཙམ་གྱི་སྔོན་དུ་དགོངས་ཞུའི་སྙན་ཞུ་ཕུལ་བར་བརྟེན། ད་ལྟ་མངའ་སྡེ་དེའི་གྲོས་ཚོགས་ཀྱིས་ཁོའི་སྙན་ཞུ་ལ་དང་ལེན་བྱེད་ཀྱི་མེད་ཁར་གྲོས་ཚོགས་ནང་ཁོ་དང་འབྲེལ་བའི་གླེང་རྙོག་མང་དག་ཅིག་འབྱུང་བཞིན་ཡོད་འདུག་ལ། ཟླ་རྗེས་མར་གྷེ་རེ་ཐི་ཝར་ཌི་ལགས་སུ་བཙན་གཡེམ་གྱི་ནག་ཉེས་དང་འབྲེལ་ནས་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

གྲོས་ཚོགས་འཐུས་མི་གྷེ་རེ་ཐི་ཡིས། ཕྱི་ལོ་ ༢༠༡༣ ཟླ་ ༢ པའི་ནང་མི་རོ་མེ་ཌོའོ་ (Meroo Meadow) ནས་ཡིན་པའི་རང་ལོ་ ༡༨ ཅན་གྱི་སྐྱེས་པ་ཞིག་ལ་ཚུལ་མཐུན་མིན་པའི་འཁྲིག་སྤྱོད་ཀྱི་བྱ་སྤྱོད་ངན་པ་སྤེལ་བའི་ཉེས་འཛུགས་དང་། ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་སི་ཌི་ནེ་ (Sydney) ནས་ཡིན་པའི་རང་ལོ་ ༢༤ ཅན་གྱི་སྐྱེས་པ་གཞན་ཞིག་ལ་བཙན་གྱིས་འཁྲིག་སྤྱོད་བྱས་པའི་ཉེས་འཛུགས་བྱས་ཡོད་ཅིང་། ཆབ་སྲིད་པ་ཁོ་ལ་བཙན་གཡེམ་བྱས་པའི་ཉེས་མིང་གཡོགས་པ་ལ་བརྟེན་ནས། ཡུལ་མི་དང་ཨོ་གླིང་གྲོས་ཚོགས་ཀྱི་ར་བའི་ནང་གླེང་རྙོག་དུ་མ་བྱུང་ཡོད་འདུག་ལ། དེ་འབྲེལ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༡༤ ཉིན་ཨོ་གླིང་གི་ནེའུ་སའོ་ཐི་ཝེལ་སི་མངའ་སྡེའི་ཉེན་རྟོག་ཁང་གི་བྱིས་པར་རྩུབ་སྤྱོད་དང་བཙན་གཡེམ་གྱི་སྡེ་ཁག་ཅིག་གིས་དེ་འབྲེལ་ཞིབ་འཇུག་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༢ ཉིན་གྷེ་རེ་ཐི་ལ་ཚུལ་མཐུན་མིན་པའི་བཙན་ཤེད་ཀྱི་རྩུབ་སྤྱོད་སྤེལ་བའི་ནག་ཉེས་གསུམ་དང་། མོས་མཐུན་མེད་པར་བཙན་གཡེམ་བྱས་པའི་ནག་ཉེས་གཅིག་བཅས་ར་སྤྲོད་བྱུང་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༣ པ་ནས་ ༢༠༢༣ ཟླ་ ༣ བར་ལོ་ངོ་གཅིག་རིང་ནེའུ་སའོ་ཐི་ཝེལ་སི་མངའ་སྡེའི་གྲོས་ཚོགས་ནས་ཕྱིར་ཕུད་བཏང་། དེ་རྗེས་ཨོ་གླིང་ཁྲིམས་ཁང་ཞིག་གིས་ཁྲིམས་གཏུགས་ཐེངས་བཞི་ལྔ་ཙམ་བྱས་པའི་ཐོག མངའ་སྡེའི་ཉེན་རྟོག་ཁང་གིས་ཞིབ་འཇུག་བྱས་མཐར། ད་ལོའི་ཕྱི་ཟླ་ ༧ པའི་ནང་ཁོས་བཙན་གཡེམ་བྱས་པའི་ནག་ཉེས་ར་སྤྲོད་ཀྱིས་གྲོས་ཚོགས་འཐུས་མིའི་གླ་ཕོགས་ཀྱི་ཁེ་དབང་མེད་པར་བཟོ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་བར་བཙོན་འཇུག་གི་ཁྲིམས་ཐག་ཀྱང་གཅོད་རྒྱུ་ཡིན་པ་རེད།

གྷེ་རེ་ཐི་ཝར་ཌི་ནི་ཕྱི་ལོ་ ༡༩༨༡ ལོར་སྐྱེས་ཤིང་། ཨོ་གླིང་གི་མངའ་སྡེ་ནིའུ་སའོ་ཐི་ཝེལ་སི་ (New South Wales) རུ་ཡོད་པའི་བྷོ་མ་ཌེ་རི་སློབ་ཆེན་ (Bomaderry) དུ་སློབ་སྦྱོང་བྱས། དེ་ནས་མངའ་སྡེ་དེའི་ནང་ཡོད་པའི་ཝོ་ལོན་གྷོང་སློབ་ཆེན་ (University of Wollongong) དུ་ཚོང་རིག་དང་སྐད་ཡིག་ཐོག་སློབ་སྦྱོང་བྱས་རྗེས། དབྱིན་ཡུལ་གྱི་སློབ་ཆེན་ (University of New England) ནས་ཁྲིམས་དོན་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། སི་ཌི་ནིའི་སློབ་ཆེན་ (University of Sydney) དུ་ཁྲིམས་དོན་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་པ་རེད། ཕྱི་ལོ་ ༢༠༠༤ ནས་ ༢༠༡༢ བར་ནེའུ་སའོ་ཐི་ཝེལ་སི་མངའ་སྡེའི་ལྷོ་མཚོའི་ཁུལ་གྱི་ལས་ཁུངས་སུ་སློབ་སྟོན་པའི་ལས་འགན་འཁུར་ཡོད་པ་མ་ཟད། མངའ་སྡེའི་གྲོས་ཚོགས་ཀྱི་ཤེས་ཡོན་དང་ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་ཨི་ལ་ཝ་ར་དང་ལྷོ་མཚོའི་ཁུལ་གྱི་གྲོས་ཚོགས་དྲུང་ཆེའི་ལས་འགན་འཁུར།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

སྐར་མ ༥༢ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese