མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟིའི་དགོན་ཁག་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སྒོ་བརྒྱབ་པ་དང་དཔེ་འཁྲིད་དགེ་རྒན་ཞིག་བཙན་འཁྲིད་བྱས།  

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགོན་པ་ཁག་གི་འདུ་ཁང་དང་གཞུང་གི་ལྷ་ཁང་ཁག དེ་བཞིན་མི་མང་འདུ་འཛོམས་བྱ་སར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་པའི་ཐག་གཅོད་བྱས་ཏེ་དངོས་སུ་ལག་བསྟར་བྱེད་བཞིན་འདུག

ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་གནང་།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ས་གནས་ཀྱི་རྒྱུས་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་ཀིརྟིའི་དགོན་པ་ཁག་གི་ནང་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཉིན་ནས་བཟུང་ཐག་གཅོད་དེ་དངོས་སུ་ལག་བསྟར་བྱ་དགོས་པའི་བཙན་བཀའ་བཏང་སྟེ། ཉིན་དེར་མཛོད་དགེ་རྫོང་ཁོངས་ཀྱི་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་། རྔ་བ་རྫོང་ཁོངས་ཀྱི་རྔ་བ་ཀིརྟི་དགོན། འབར་ཁམས་རྫོང་ཁོངས་ཀྱི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་བཅས་ཀིརྟིའི་དགོན་པ་ཆེ་ཁག་རྣམས་སུ་དུས་གཅིག་ཏུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་པར་རྣམས་ཕྱིར་བསྡུ་བྱེད་དུ་བཅུག་ཡོད་འདུག་ལ། ཉི་མ་དེ་ནས་བཟུང་སྐུ་པར་བཤམ་མི་ཆོག་པའི་ས་གནས་ཁག་ཏུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་པར་བཤམས་པའི་གནས་ཚུལ་བྱུང་ན་ཆབ་སྲིད་ཀྱི་ནག་ཉེས་ལ་བརྩི་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག སྐུ་པར་བཀག་སྡོམ་གྱི་ལས་འགུལ་དེ་ནི་རྒྱ་ནག་དབུས་གཞུང་དང་། དེ་བཞིན་སི་ཁྲོན་ཞིང་ཆེན་སྲིད་གཞུང་། རྔ་བ་རང་སྐྱོང་ཁུལ་སྲིད་གཞུང་། ས་གནས་རྫོང་སྲིད་གཞུང་བཅས་མཉམ་འབྲེལ་སྒོས་སྤེལ་བའི་ལས་འགུལ་ཞིག་ཡིན་འདུག

ཧོར་གཙང་ཀིརྟིའི་དགོན་ནི་ཀིརྟིའི་གདན་ས་ཆེ་ཁག་བཞིའི་ཡ་གྱལ་གཅིག་ཡིན་ནའང་། རྒྱ་གཞུང་གིས་བཅད་བགོས་བྱས་པའི་ས་ཁོངས་ལྟར་ན། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་ཡིན་ཞིང་། དེར་ཟླ་ཤས་གོང་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་བྱེད་པ་བཀག་ཟིན་ཡོད་པར་མ་ཟད། མི་ཚང་སྒེར་གྱི་ཁྱིམ་ཚང་གི་ནང་དང་གྲྭ་ཤག་སོགས་ལ་ཡང་དམ་དྲག་བྱེད་བཞིན་ཡོད་འདུག

ཧོར་གཙང་ཀིརྟིའི་དགོན། དྲ་ལམ་གྱི་པར།

དེ་བཞིན་འདི་ལོའི་ཕྱི་ཟླ་༧ ཙམ་ནས་ཀིརྟིའི་དགོན་ཁག་སྤྱིའི་ཤེས་ཡོན་སློབ་གཉེར་ཐོག་ལྟ་རྟོག་གནང་མཁན་“ཀིརྟིའི་དགོན་ཁག་གི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་”ཞེས་པ། མཚན་ཉིད་སློབ་གཉེར་ཡོད་པའི་གོང་གསལ་དགོན་པ་ཆེ་ཁག་བཞིའི་མི་སྣ་ཐུན་མོང་གིས་གྲུབ་པའི་ཤེས་ཡོན་ལྷན་ཚོགས་ཤིག་ཡོད་པ་དེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལ་འབྲེལ་བ་ཡོད་པར་བསྙད་ནས་སྒོ་བརྒྱབ་ཡོད་འདུག་ལ། ལྷན་ཚོགས་དེ་ད་ནས་བཟུང་རྩ་བ་ནས་ཚུགས་མི་ཆོག་པའི་བཙན་བཀའ་ནན་མོ་བཏང་ཡོད་འདུག

གཞན་ཡང་། ཕྱི་ལོ་༢༠༢༤ ཟླ་༡༢ ནང་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས་བསང་ཆུ་རྫོང་ཉེན་རྟོག་པས་མཚན་འགེབས་ཀྱིས་བཙན་ཁྲིད་བྱས་ཡོད་པ་མ་ཟད།  ཁོང་གི་བཞུགས་ཤག་ལ་སྔོག་བཤེར་བྱས་ནས་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་འབྲེལ་བའི་ཡིག་ཆ་སོགས་བཅའ་དངོས་མང་པོ་ཞིག་ཁྱེར་ཡོད་འདུག་ལ། ད་ལྟ་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གནས་སྟངས་ག་འདྲ་ཡིན་མེད་སོགས་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

ཁོང་ནི་མཛོད་དགེ་རྫོང་འབྲིང་བའི་རྡོ་མཆོག་ནས་ཡིན་ཞིང་། ཕ་མིང་ལ་ཨ་བློས་དང་། མ་མིང་ལ་མ་ཅིག་སྐྱིད་ཡིན། ཕ་མ་གཉིས་ཀ་སྔ་མོ་ནས་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཆོས་ཞུགས་བྱས་ནས་ཕྱི་ལོ་༢༠༡༩ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཡོད་ཅིང་། ཕྱི་ལོ་༢༠༢༡ ལོར་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་ཏུ་ཕེབས་པ་ཞིག་ཡིན་འདུག་ལ། ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་པ་རིམ་བྱོན་སྟག་ཚང་ལྷ་མོ་ཀིརྟི་དགོན་ནས་མངགས་གཏོང་གནང་སྲོལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

སྐར་མ ༥༥ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese