མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡོ་ཁུ་རེན་དང་ཨུ་རུ་སུའི་བར་འདུམ་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་ཡོ་ཁུ་རེན་གྱི་སྲིད་འཛིན་ཛའེ་ལན་སི་ཀི་གཙོས་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ཁག་ཅིག་དང་ཐུག་འཕྲད་ཀྱིས། ཨུ་རུ་སུ་དང་ཡོ་ཁུ་རེན་གཉིས་བར་གྱི་དམག་འཁྲུག་མགྱོགས་མྱུར་ངང་གཏན་དུ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

European Commission President Ursula von der Leyen, from left, British Prime Minister Keir Starmer, Finland’s President Alexander Stubb, Ukrainian President Volodymyr Zelenskyy, President Donald Trump, France’s President Emmanuel Macron, Italy’s Prime Minister Giorgia Meloni, Germany’s Chancellor Friedrich Merz and NATO Secretary General Mark Rutte pose for a group photo in the Grand Foyer of the White House on Monday. ALEX BRANDON/THE ASSOCIATED PRESS

དེ་རིང་བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།   དེ་རིང་ཨ་རིས་འཛིན་སྲིད་ཊོམ་ཕུས་ཕོ་བྲང་དཀར་པོའི་ནང་དུ། ཡོ་ཁུ་རེན་གྱི་སྲིད་འཛིན་ཛའེ་ལན་སི་ཀི་གཙོས་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཱར་ཁུ་རོ་ཏཱི་ (Mark Rutte) ལགས་དང་། ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་ (Ursula von der Leyen) ལགས། ཧྥ་རན་སིའི་སྲིད་འཛིན་མཱ་ཁུ་རོན་ (Emmanuel Macron) ལགས། འཇར་མན་གྱི་སྲིད་བློན་ཧྥེ་ཌི་རེ་ཆི་མཱར་ཛི་  (Friedrich Merz) ལགས། དབྱིན་ཇིའི་སྲིད་བློན་ཀེར་སི་ཊཱ་མར་ (Keir Starmer) ལགས། ཨི་ཊ་ལིའི་སྲིད་བློན་ཇཱོ་ཇཱའེ་ཡ་ (Giorgia Meloni) ལགས། དེ་བཞིན། ཧྥི་ལན་ཌིའི་སྲིད་འཛིན་སི་ཊོབ་བྷི་ (Alexander Stubb) ལགས་བཅས་དང་ཐུག་འཕྲད་ཀྱིས། ཨུ་རུ་སུ་དང་ཡོ་ཁུ་རེན་གཉིས་བར་གྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སྐོར་ལ་གླེང་སློང་བྱས་ཡོད་ཅིང་། སྐབས་དེར་སྲིད་འཛིན་ཊོམ་ཕུས། ཨ་རིས་ཡོ་ཁུ་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་གཏན་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཞི་བའི་གྲོས་མོལ་ཞིག་གང་མགྱོགས་གྲ་སྒྲིག་བྱེད་བཞིན་ཡོད་ལ། དམག་འཁྲུག་དེ་མཚམས་འཇོག་བྱ་རྒྱུ་ནི་འཛམ་གླིང་གི་མི་ཚང་མའི་རེ་འདོད་ཡིན་སྐོར་བརྗོད་འདུག

དེ་རིང་གི་ཐུག་འཕྲད་ཀྱི་རྗེས་སུ་ཡོ་ཁུ་རེན་གྱི་སྲིད་འཛིན་ཛའེ་ལན་སི་ཀི་ལགས་ཀྱིས་ཐེངས་འདིའི་ཐུག་འཕྲད་སྐབས་ཨ་རིའི་རྒྱབ་རྟེན་དང་། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་འོག ཡོ་ཁུ་རེན་གྱི་རྒྱལ་སྲིད་བདེ་སྲུང་གཙོ་བྱས་པའི་དམག་འཁྲུག་ཁྲོད་འཛིན་བཟུང་བཙན་ཁྲིད་བྱས་པའི་དམག་མི་རྣམས་དང་གསར་འགོད་པ། ད་དུང་ཕ་མ་དང་ཁ་བྲལ་དུ་ཕྱིན་པའི་བྱིས་པ་སོགས་ཀློད་གྲོལ་ཡོང་ཐབས་སོགས་གནས་སྟངས་མང་པོ་ཞིག་གི་སྐོར་ལ་གླེང་མོལ་ཞིབ་ཕྲ་བྱས་པས་ཧ་ཅང་ཡག་པོ་བྱུང་སོང་ཞེས་དང་། ཨ་རིས་ཡུ་ཁུ་རེན་གྱི་བདེ་སྲུང་གཙོ་བྱས་པའི་གནད་དོན་མང་པོའི་ཐོག་བཟང་ཕྱོགས་ཀྱི་རྣམ་པ་བསྟན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ཐུག་འཕྲད་འདིའི་མཇུག་སྡོམ་དུ་ཞུ་རྒྱུར། ངས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་ཁ་པར་བཏང་བ་ཡིན། སྲིད་འཛིན་ཛའེ་ལན་སི་ཀི་དང་པུ་ཊིན། ང་ཚོ་གསུམ་གྱི་བར་ཐུག་འཕྲད་ཅིག་གོ་སྒྲིག་བྱེད་བཞིན་པ་ཡིན། ད་ལྟ་ས་གནས་གང་དུ་ཐུག་མིན་སོགས་ཀྱི་གནས་ཚུལ་རྗེས་ནས་ཤེས་རྟོགས་ཡོང་གི་རེད། གཙོ་བོ་ང་ཚོ་གསུམ་ཐུག་ནས་འདས་ལོ་བཞིའི་རིང་བརྒྱབ་པའི་ཨུ་རུ་སུ་དང་ཡོ་ཁུ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་དེ་ཡིན། ཞེས་བརྗོད་འདུག་པ་དང་། འཇར་མན་གྱི་སྲིད་བློན་ཧྥེ་ཌི་རེ་ཆི་མཱར་ཛི་  (Friedrich Merz) ལགས་ཀྱིས་མགོ་ཁྲིད་གསུམ་བར་གྱི་ཞི་བའི་གྲོས་མོལ་གྱི་ཐུག་འཕྲད་དེ་འབྱུང་འགྱུར་གྱི་གཟའ་འཁོར་གཉིས་ཀྱི་ནང་ཚུད་དུ་བྱ་རྒྱུ་ཡིན་སྐོར་བརྗོད་པ་ལས་ད་དུང་གཏན་འཁེལ་གྱི་ཐག་གཅོད་གང་ཡང་ཕྱི་བསྒྲགས་བྱས་མི་འདུག

ཐེངས་འདིའི་ཨ་རི་དང་ཡུ་རོབ་མཐུན་ཚོགས། ཡོ་ཁུ་རེན་བཅས་ཀྱི་མགོ་ཁྲིད་ཁག་གི་བར་ཨུ་རུ་སུ་དང་ཡོ་ཁུ་རེན་གྱི་དམག་འཁྲུག་མཚམས་འཇོག་ཇི་ལྟར་བྱ་དགོས་མིན་ཐད་གླེང་སློང་བྱས་ཡོད་ཅིང་། སྐབས་དེར་ཡུ་རོབ་མཐུན་ཚོགས་དང་ཡོ་ཁུ་རེན་གྱི་མགོ་ཁྲིད་ཚོས་ཐོག་མར་ད་ལྟ་རྒྱག་བཞིན་པའི་དམག་འཁྲུག་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་མགོ་བཏོན་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ད་ལྟ་དམག་འཁྲུག་འཕྲལ་དུ་མཚམས་འཇོག་བྱ་རྒྱུ་ནི་གཙོ་བོ་མིན་པར་དམག་འཁྲུག་གཏན་དུ་མཚམས་འཇོག་བྱ་རྒྱུ་གལ་ཆེན་ཡིན་པས། ང་ལ་དམག་འཁྲུག་འདི་གཏན་དུ་མཚམས་འཇོག་བྱེད་འདོད་ཡོད། ཅེས་བརྗོད་འདུག་ཀྱང་། ཨ་རིའི་ཧྥོ་ཁུ་སི་(Fox) གསར་ཁང་གི་གནས་ཚུལ་ལྟར་ན། ཊོམ་ཕུས་ཧྥ་རན་སིའི་སྲིད་འཛིན་མཱ་ཁོ་རོན་ལགས་སུ། སྲིད་འཛིན་པུ་ཊོན་ལ་དམག་འཁྲུག་འདི་གཏན་དུ་མཚམས་འཇོག་བྱེད་འདོད་འདུག་ཅེས་བརྗོད་ཡོད་པ་ཕྱིར་ཤོར་ཡོད་འདུག

བྷི་བྷི་སིའི་གསར་ཁང་གིས་དབྱེ་ཞིབ་བྱས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་མགོ་ཁྲིད་ཁག་གི་ཐུག་འཕྲད་ཁྲོད། གནད་དོན་གཉིས་ཀྱི་ཐོག་གླེང་སློང་བྱས་ཡོད་ཅིང་། གཅིག་ཨ་རི་དང་ཡུ་རོབ་སོགས་ཀྱིས་ཇི་ལྟར་ཡོ་ཁུ་རེན་ལ་རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན་བྱ་རྒྱུ་ཡིན་མིན་དང་། གཉིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་དང་ཡོ་ཁུ་རེན་གྱི་སྲིད་འཛིན་ཛའེ་ལན་སི་ཀི་ལགས། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་པུ་ཊོན་བཅས་ཀྱི་བར་ཐུག་འཕྲད་ཅིག་གོ་སྒྲིག་བྱ་རྒྱུའི་སྐོར་ཡིན་འདུག་ལ། ད་ལྟའི་ཆར་ཡོ་ཁུ་རེན་ལ་རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན་ཇི་ལྟར་བྱེད་མིན་དང་། འགན་ལེན་བྱེད་མཁན་གྱི་ཁྲོད་དུ་རྒྱལ་ཁབ་གང་དག་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཁ་གསལ་མེད་པ་མ་ཟད། མགོ་ཁྲིད་གསུམ་གྱི་ཐུག་འཕྲད་ཀྱང་གང་དུ་བྱ་རྒྱུ་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་ལ། གསར་འགོད་ལྷན་ཚོགས་ཤིག་གི་སྐབས་གསར་འགོད་པས་སྲིད་འཛིན་ཊོམ་ཕུ་ལགས་སུ། ཨུ་རུ་སུ་དང་ཡོ་ཁུ་རེན་བར་གྱི་དམག་འཁྲུག་མཚམས་འཇོག་གིས་ཞི་གནས་ཡོང་ཐབས་སུ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ཨ་རིའི་དམག་མི་མངགས་གཏོང་བྱ་རྒྱུ་ཡིན་མིན་དང་ཡང་ན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དག་གིས་དམག་མི་མངགས་གཏོང་བྱ་རྒྱུ་ཡིན་མིན་དྲིས་པར་ཊོམ་ཕུ་ལགས་ཀྱིས། ཡུ་རོབ་མཐུན་ཚོགས་ནི་དམག་འཁྲུག་གི་ཉེ་འཁྲིས་སུ་ཡོད་པས། ཁོ་ཚོས་མཉམ་ཞུགས་བྱེད་ངེས་རེད་ལ། ང་ཚོས་ཀྱང་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་ལས་གསར་འགོད་པའི་དྲི་བར་ལན་འདེབས་ཁ་གསལ་གང་ཡང་བྱས་མི་འདུག

(Illustration: Saurabh Singh)

ཡང་གསར་འགྱུར་ཁག་ཅིག་ཏུ། ཨུ་རུ་སུ་དང་ཡོ་ཁུ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་དང་འབྲེལ། ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་རང་ཉིད་ཞི་བའི་འདུམ་སྒྲིག་བྱེད་མཁན་ཞིག་ཡིན་པར་སྒྲུབ་ཀྱིན་ཡོད་པ་དང་། ཊོམ་ཕུ་ལགས་ཀྱིས་འཛམ་གླིང་ལ་ཡོ་ཁུ་རེན་དང་ཨུ་རུ་སུའི་དམག་འཁྲུག་མཚམས་འཇོག་བྱེད་འདོད་ཡོད་པ་དང་། ཨུ་རུ་སུ་དང་ཡོ་ཁུ་རེན་ལའང་དམག་འཁྲུག་མཚམས་འཇོག་བྱེད་འདོད་ཡོད། ཨ་རིས་དམག་འཁྲུག་དྲུག་མཚམས་འཇོག་བྱེད་ཐུབ་ཡོད་ལ། ངས་དམག་འཁྲུག་འདི་མཚམས་འཇོག་བྱ་རྒྱུ་ནི་ལས་སླ་བོ་རེད་བསམ་སོང་། འོན་ཀྱང་། དོན་དངོས་ཐོག་དམག་འཁྲུག་འདི་མཚམས་འཇོག་བྱ་རྒྱུ་ནི་རྩ་བ་ནས་ལས་སླ་བོ་ཞིག་རེད་མི་འདུག གང་ལྟར། ང་ཚོས་དམག་འཁྲུག་འདི་གང་མགྱོགས་མཚམས་འཇོག་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

སྤྱིར་ཨུ་རུ་སུ་དང་ཡོ་ཁུ་རེན་གཉིས་བར་ཕྱི་ལོ་ ༢༠༡༤ ལོར་ཐོག་མར་དམག་འཁྲུག་ཤོར་ཞིང་། དེ་ནས་བཟུང་ཕྱོགས་གཉིས་བར་མཐའ་མཚམས་ཀྱི་མངའ་ཁོངས་བདག་དབང་དང་འབྲེལ་བའི་རྩོད་རྙོག་བསྟུད་མར་བྱུང་། རྒྱལ་སྤྱིའི་གྲངས་འབོར་ཞིབ་འཇུག་ལྟེ་གནས་ཁང་ (statista) གི་སྙན་ཐོའི་ནང་།  ཕྱི་ལོ་ ༢༠༢༢ ལོར་ཨུ་རུ་སུས་ཡོ་ཁུ་རེན་ལ་བསྐྱར་དུ་བཙན་འཛུལ་བྱེད་མགོ་བཙུགས་ཏེ། ད་ལྟ་རྒྱལ་ཁབ་གཉིས་བར་དམག་འཁྲུག་ཤོར་ནས་ལོ་ངོ་བཞི་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུས་ཡོ་ཁུ་རེན་གྱི་ས་ཁྱོན་བརྒྱ་ཆ་ ༢༠ ཙམ་བདག་བཟུང་བྱས་ཡོད་པ་དང་། ཡོ་ཁུ་རེན་ལ་མི་འབོར་ས་ཡ་ཁྱོན་ ༤༡ ཡོད་པ་ལས་དམག་འཁྲུག་གི་རྐྱེན་གྱིས་མི་གྲངས་ས་ཡ་ ༨ ལྷག་གི་ཁང་ཁྱིམ་ལ་གཏོར་བཤིག་ཐེབས་ཏེ་སྡོད་གནས་མེད་པར་གྱུར་ཡོད། མི་གྲངས་ས་ཡ་ ༨ ལྷག་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་བར་བྲོས་ཡོད་སྐོར་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་། རྒྱལ་ཁབ་གཉིས་བར་དམག་འཁྲུག་བྱུང་བ་ནས་འདི་ལོའི་ཕྱི་ཟླ་ ༧ བར་དུ་མི་གྲངས་ ༤༩༤༣༡ རྐྱེན་འདས་དང་མི་གྲངས་ ༣༥༥༤༨ ལ་རྨས་སྐྱོན་ཕོག་ཡོད་པའི་རོབ་རྩིས་ཙམ་ལས་དོན་དངོས་སུ་ཤི་རྨས་ཐེབས་པའི་གྲངས་འབོར་ནི་དེ་ལས་ཀྱང་མང་བ་ཡོད་སྲིད་སྐོར་གྱི་གནས་ཚུལ་སྤེལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༥ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese