མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་ཉིན་སློབ་གྲྭ་ཁག ༢༦ གི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུ་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་རྒྱ་གར་ནང་ཡོད་པའི་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ནས་སློབ་མ་གྲངས་ ༡༩༨ ཀྱི་རིགས་ལམ་འདུ་འཛོམས་ཆེན་མོ་ཞིག་འཚོག་མུས་ཡིན་འདུག

གཏན་ཉིན་སློབ་གྲྭ་ཁག ༢༦ གི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག དཔལ་སྤུངས་ཤེས་རབ་གླིང་གི་པར།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་ ༢༨ བར་ཉིན་གྲངས་བརྒྱད་རིང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ལས་ཁུངས་ཀྱི་གོ་སྒྲིག་འོག ཅོན་ཏ་ར་བོད་ཁྱིམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་རིགས་ལམ་འདུ་འཛོམས་ཤིག་འཚོག་མུས་ཡིན་ཞིང་། འདུ་འཛོམས་དེའི་སྟེང་གཏན་ཉིན་སློབ་གྲྭ་ཁག་ ༢༦ གི་སློབ་གྲྭ་ ༡༩༨ ཀྱིས་མཉམ་ཞུགས་གནང་ཡོད་ཀྱང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་བཞི་དང་། དོན་གྲུབ་གླིང་གཏན་ཉིན་སློབ་གྲྭ་བཅས་ཀྱིས་མཉམ་ཞུགས་གནང་ཐུབ་མེད་པ་རེད། 

ད་ལན་གྱི་རིགས་ལམ་འདུ་འཛོམས་དེ་དང་འབྲེལ་ནས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་སྒྲུབ་བསྟན་པ་ལགས་ཀྱིས་འདི་གའི་གསར་འགོད་པར། འདི་ལོའི་རིགས་ལམ་འདུ་འཛོམས་དེའི་ཐོག་བལ་ཡུལ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞི་རིམ་བར་མ་ཡན་གྱི་སློབ་གྲྭ་བཞི་ཡིས་མཉམ་ཞུགས་གནང་ཐུབ་མེད། གང་ཡིན་ཟེར་ན། ད་ལན་གྱི་རོགས་དངུལ་དེ་རྒྱ་གར་ནང་གི་སློབ་གྲྭ་དང་། རྒྱ་གར་ནང་གི་སྒྲིག་འཛུགས་ལ་གནང་བཞག་པ་ཞིག་ཡིན་དུས། རྒྱ་གར་གཞུང་གི་རྩིས་ཀྱི་འགྲོ་སྟངས་གཞིར་བཟུང་མ་གནང་ན་སྐུ་ངལ་འཕྲད་ཀྱི་ཡོད་ས་རེད། གང་ཡིན་ཟེར་ན། བལ་ཡུལ་དེ་ཕྱི་རྒྱལ་ཆགས་འགྲོ་ཡི་ཡོད་དུས། རྒྱ་གར་ནང་གནང་བའི་རོགས་དངུལ་དེ་དག་ཕྱི་རྒྱལ་དུ་འགྲོ་སོང་གཏང་རྒྱུ་དང་། མཐུན་རྐྱེན་སྦྱོར་སྤྲོད་ཐད་ལ་ཅུང་སྐུ་ངལ་འཕྲད་ཀྱིན་ཡོད་པའི་རྐྱེན་གྱིས། ད་ལན་བལ་ཡུལ་ཁུལ་དུ་ཡོད་པའི་སློབ་གྲྭ་གཅིག་གིས་ཀྱང་མཉམ་ཞུགས་གནང་མེད། ཡིན་ཡང་། རྒྱ་གར་ནང་ཡོད་པའི་གཞི་རིམ་བར་མ་ཡན་གྱི་དྷ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ ༢༦ ཀྱིས་མཉམ་ཞུགས་བྱས་ཡོད་ཀྱང་། དྷེ་ར་རྡུན་ལ་དོན་གྲུབ་གླིང་སློབ་གྲྭར་ལྟ་སྒྲུབ་དགེ་རྒན་མེད་ཙང་། གཞི་རིམ་བར་མ་ཡན་གྱི་སློབ་གྲྭ་ཡིན་ནའང་མཉམ་ཞུགས་བྱས་ཐུབ་མེད་ཀྱང་། མཉམ་ཞུགས་བྱེད་མཁན་ཁྲོད་ལྟ་སྒྲུབ་དགེ་རྒན་ ༢༦ དང་། སློབ་ཕྲུག་བུ་ ༡༠༠ དང་བུ་མོ་ ༩༨ ཡོད།  ཅེས་བརྗོད་བྱུང་།

གཏན་ཉིན་སློབ་གྲྭ་ཁག ༢༦ གི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག དཔལ་སྤུངས་ཤེས་རབ་གླིང་གི་པར།

ད་ལན་སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་རིགས་ལམ་འདུ་འཛོམས་ཆེན་མོ་དེ་འཚོག་དགོས་པའི་རྒྱུ་མཚན་དང་འབྲེལ་ནས་ཁོང་གིས། འདི་ལོར་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐུའི་གོ་སྟོན་སྲུང་གཙི་ཞུ་མུས་ཡིན་པ་རེད། ལྷག་པར་དུ་སློབ་གྲྭ་མང་པོ་ཞིག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། སྐུའི་གོ་སྟོན་སྲུང་གཙིའི་སླད་ལས་དོན་སྣ་མང་ཞིག་གཉེར་མུས་ཡིན་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གི་ལས་རིམ་ཁྲོད། ད་ལན་རིགས་ལམ་འདུ་འཛོམས་ཆེན་མོ་འདི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་ཆེ་ཤོས་ཤིག་རེད། རིགས་ལམ་འདུ་འཛོམས་ཆེན་མོ་དེ་གོ་སྟོན་སྲུང་གཙི་དང་འབྲེལ་བའི་ལས་རིམ་ཞིག་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་རེད་ཟེར་ན། སྤྱིར་བཏང་ཤེས་རིག་ལས་ཁུངས་ཀྱིས་ལོ་ལྟར་གོ་སྒྲིག་བྱས་པའི་རིགས་ལམ་འདུ་འཛོམས་དེ་འདྲ་ཆེན་པོ་ཞིག་གོ་སྒྲིག་གནང་གི་མེད་པ་རེད། རིགས་ལམ་འདུ་འཛོམས་ཀྱི་ལས་གཞི་གོ་སྒྲིག་ཞུ་སྐབས། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་སློབ་གྲྭ་ཁག་སྡེ་ཚན་ཆེན་མོ་བཞི་སྟེ། དྷེ་ར་རྡུན་ཁུལ་གྱི་སློབ་གྲྭ་ཁག་དང་། དྷ་ས་ཁུལ་གྱི་སློབ་གྲྭ་ཁག ལྷོ་ཁུལ་སློབ་གྲྭ་ཁག བལ་ཡུལ་ཚུད་པའི་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་བཅས་སུ་དབྱེ་ནས། ལོ་རེར་ཤེས་རིག་ལས་ཁུངས་ཀྱིས་ས་ཁུལ་གཉིས་སུ་རིགས་ལམ་འདུ་འཛོམས་གོ་སྒྲིག་བྱ་ཐུབ་པར་བྱེད་ཀྱི་ཡོད་ཀྱང་། ད་ལན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་སྲུང་གཙིའི་སླད། ལས་རིམ་དམིགས་བསལ་བྱས་ནས་ས་ཁུལ་ཚང་མའི་སློབ་གྲྭ་ཁག་མཉམ་འཛོམས་ཀྱི་ལས་རིམ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་། 

ཕྱི་ཚེས་ ༡༨ ཉིན་རིགས་ལམ་འདུ་འཛོམས་དབུ་འབྱེད་ཐོག་དཔལ་སྤུངས་ཤེས་རབ་གླིང་ནས་ཏཱ་ཡི་སི་ཏི་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བླངས་དོར་གྱི་བཀའ་སློབ་བསྩལ་ཡོད་འདུག་ལ། ད་ལན་གྱི་རྒྱ་གར་ནང་གི་གཏན་ཉིན་སློབ་གྲྭ་ཁག་ཡོངས་ཀྱི་རིགས་ལམ་འདུ་འཛོམས་ཐོག་སློབ་མ་རྣམས་ཀྱིས་ཞོགས་པ་ཆུ་ཚོད་བདུན་པ་ནས་དགོང་མོའི་ཆུ་ཚོད་བརྒྱད་པའི་བར། ཕན་ཚུན་རྟགས་གསལ་གཏོང་རེས་དང་། དམ་བཅའ་སོགས་འཚོག་གི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༥ བར་ཉིན་གྲངས་དྲུག་རིང་བོད་ཁྱིམ་གོ་པལ་པུར་དུ། ཧི་མ་ཅལ་མངའ་སྡེའི་བོད་སློབ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས་དེ་འཚོགས་ཡོད་ཅིང་། འདུ་འཛོམས་དེའི་ཐོག་སུ་ཇཱ་བོད་ཁྱིམ་དང་། དྷ་སྟེང་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། དཔེ་སྟོན་སློབ་གྲྭ། སེ་ལ་ཀུལ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་ཀྱི་འཛིན་རིམ་ལྔ་བ་ནས་དགུ་བ་བར་གྱི་སློབ་ཕྲུག་ཁྱོན་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་འདུག་ལ། འདས་ལོར་རྒྱ་གར་ལྷོ་ཁུལ་གྱི་རིགས་ལམ་འདུ་འཛོམས་དེ་བཀྲ་ཤིས་ལྷུན་པོར་འཚོགས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༩ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese