མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༥ ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཞུགས་མཁན་མང་ཤོས་སུ་གྱུར།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་དགེ་བཤེས་མའི་ཡིག་རྒྱུགས་ཁྲོད་རྒྱ་བལ་གཉིས་ཀྱི་བཙུན་དགོན་མང་ཤོས་དང་བཙུན་མ་མང་ཤོས་ཀྱིས་མཉམ་ཞུགས་བྱས་ཡོད་འདུག

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༨།༢༡

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་སུ་འདི་ལོའི་དགེ་བཤེས་མའི་ཡིག་རྒྱུགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་མོས། དགེ་བཤེས་མའི་རྒྱུགས་སྤྲོད་དེ་ཧ་ཅང་གལ་ཆེན་པོ་ཡིན། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་ལོ་གཉིས་རིང་དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ལས་རིམ་གཉེར་ཐུབ་མེད། དེ་མིན་ལོ་རྟག་པར་བཙུན་དགོན་ཁག་རེས་མོས་བྱས་ཏེ་དགེ་བཤེས་མའི་རྒྱུགས་སྤྲོད་མུ་མཐུད་འགྲོ་བཞིན་ཡོད་ལ། འདི་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་བཙུན་དགོན་ཁག་བརྒྱད་ནས་བཙུན་མ་ཁྱོན་ ༡༦༡ གིས་མཉམ་ཞུགས་བྱས་སྟབས། ད་སྔ་བར་དགེ་བཤེས་མའི་ཡིག་རྒྱུགས་ནང་ཞུགས་མཁན་གྱི་དགོན་པ་དང་བཙུན་མ་མང་ཤོས་དེ་ཆགས་ཡོད་ཅེས་གསུངས་བྱུང་།

སྣང་ས་ཆོས་སྒྲོན་ལགས་ཀྱིས་གསུངས་པ་ལྟར་ན། འདི་ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྒྲོལ་མ་གླིང་གི་བཙོན་མ་ཁྱོན་ ༤༢ དང་དགའ་ལྡན་ཆོས་གླིང་གི་བཙུན་མ་གྲངས་ ༧། འཇམ་དབྱངས་ཆོས་གླིང་གི་བཙུན་མ་ ༡༧ ། བྱང་ཆུབ་ཆོས་གླིང་གི་བཙུན་མ་གྲངས་ ༢༥ ། བྱང་སེམས་གླིང་གི་བཙུན་མ་ ༧ །  བལ་ཡུལ་ཀོ་པན་བཙུན་དགོན་གྱི་བཙུན་མ་གྲངས་ ༤༨ ། ཐེག་ཆེན་ཆོས་གླིང་གི་བཙུན་མ་ ༡༣ ། བྱམས་པ་ཆོས་གླིང་གི་བཙུན་མ་ ༢ བཅས་ཁྱོན་བཙུན་མ་ ༡༦༡ གིས་མཉམ་ཞུགས་བྱས་ཡོད་འདུག་ལ། ད་ལྟའི་ཆར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལ་ཞིབ་དག་བྱེད་མུས་ཡིན་སྟབས། འདི་ལོར་དགེ་བཤེས་མ་དང་སྔགས་རམས་དགེ་བཤེས་མ་ག་ཚོད་ཅིག་ཐོན་ཡོད་མེད་ཀྱི་གནས་སྟངས་དེ་འདི་ལོའི་ཕྱི་ཟླ་ ༡༡ བར་དུ་གསལ་ཁ་མེད་པ་རེད།

ཕྱི་ལོ་ ༡༩༩༥ ལོ་ནས་༧གོང་ས་མཆོག་གིས་དགེ་བཤེས་མའི་ཡིག་རྒྱུགས་གཏོང་གལ་ཆེ་བའི་བཀའ་སློབ་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཙུན་དགོན་དྲུག་དང་། དྷ་ས་རིགས་ལམ་སློབ་གཉེར་ཁང་། བོད་ཀྱི་བཙུན་མའི་ལས་འཆར་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་༼    བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་༽   གཏན་འབེབས་གནང་བ་གཞིར་བཟུང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ནས་ ༨ བར་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་བསྡུ་བསྐོང་གིས་རྒྱུགས་སྤྲོད་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་། དེ་ནས་བཟུང་ལོ་འཆར་ཅན་དུ་སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ཁག་ཅིག་གིས་རྒྱུགས་སྤྲོད་ཀྱི་མཐུན་འགྱུར་དང་འབྲེལ། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ནས་ཟླ་ ༦ ཚེས་ ༣ བར་དྷ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་སྐབས་དང་པོའི་རྒྱུགས་སྤྲོད་དབུ་ཚུགས་པ་ནས་ཕྱི་ལོ་ ༢༠༢༤ བར་དགེ་བཤེས་མ་ཁྱོན་ ༦༠ ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོར་༧དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆེས་ཐོག་མར་སྔགས་རམས་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཏེ་སྔགས་རམས་དགེ་བཤེས་མ་ཁྱོན་ ༤༨ བཅས་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ཟླ་བ། 6 སྔོན།

    ཚེ་དཔག་རིག་འཛིན།
    དང་ཐོག་འདི་ལོར་སླར་ཡང་བཙུན་མ་དགེ་བཤེས་ (ངས་ནམ་ཡང་ཁོང་ཚོར་བཙུན་མ་དགེ་བཤེས་ཟེར་བ་ལས་དགེ་བཤེས་མ་མི་ཟེར་ཁོ་ཐག་ཡིན) བསླབ་པ་མཐར་སོན་པ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། བཙུན་མ་བསླབ་པ་མཐར་སོན་པ་ཚོར་དགེ་བཤེས་མ་དང་། བཙུན་མ་སྔགས་རམས་བསླབ་པ་མཐར་སོན་པ་ཚོར་སྔགས་རམས་མ་ཞེས་མཚན་དོད་ནས་འབོད་དགོས་པ་འདི་ལོ་རྒྱུས་ནང་། སྔ་དུས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་རྙིང་པའི་ནང་ཕོ་མཆོག་མོ་དམན་དང་། ཕོ་མོ་དབྱེ་འབྱེད་ཀྱི་སྲོལ་ངན་ཆག་སྒོ་ཆེན་པོ་ཞིག་ད་དུང་རྒྱུན་མཐུད་དེ་གནས་ཡོད་པ་ཞིག་མཚོན་པ་ཡིན་པས། སྦེད་དེ་མ་འགྲིགས་པ་རེད་བསམ་གྱིན་ཡོད། འཛམ་གླིང་གང་སར་ཤེས་ཡོན་གྱི་གཙུག་ལག་སློབ་ཆེན་སྒྲོམ་གཞིའི་སྡེ་ཚན་གང་ཞིག་གི་ནང་ལ་ཐེག་པ་རིམ་འཛེགས་ཀྱིས་རང་ཉིད་བསླབ་པ་མཐར་སོན་ནས། གོ་ཐོབ་ངོ་བཞེས་ཀྱི་ཕྱག་འཁྱེར་གནང་བཞེས་གནང་ཡོད་ན། གོ་ས་ངོ་བཞེས་ཀྱི་ཕྱག་འཁྱེར་ཐོབ་པའི་མཚན་དོད་དེ་དག་ལ་ཕོ་མོའི་མིང་བརྡ་ཁྱད་མེད་ཡིན་དགོས་པ་གསལ་གསལ་ཐང་ཐང་རེད། དཔེར་ན། སྨན་རམས་པ་ཟེར་བ་ལས་སྨན་རམས་མ་དང་། སྨན་རམས་ཕ་སོགས་ནམ་ཡང་མི་ཟེར་རོ། དེ་བཞིན་ Ph.D Male དང་ Ph.D Female ཟེར་སྲོལ་ཡེ་ནས་མེད་པ་སོགས་རེད། འོན་ཀྱང་། ཁས་བླངས་པའི་བསླབ་སྡོམ་བཞེས་སྐབས། དགེ་ཚུལ་ཕ་མ་དང་། དགེ་སློང་ཕ་མ་ཟེར་སྲོལ་ཡོད་པས། དེ་ནི་གནད་དོན་ཐ་དད་རེད། གོང་གསལ་བཙུན་པ་དགེ་བཤེས་ཚོའི་མཚན་དོད་གནད་དོན་འདི་ལ་བསམ་ཞིབ་ངེས་པར་གནང་དགོས་འདུག་སྙམ། ལར་ནས་ལོ་རྒྱུས་རང་བཞིན་ཅན་གཞན་ཞིག་ནི།. ད་ཆ་མ་འོངས་པར་ཡང་། སྟོན་པ་ཐུབ་པའི་དབང་པོའི་དམ་ཆོས་ཀྱི་སྲོལ་ལུགས་ལ།. རིགས་རུས་དང་ཕོ་མོའི་དབྱེ་འབྱེད་མེད་དགོས་ན། དགེ་ལུགས་པའི་བཙུན་མ་སྔགས་རམས་པ་ཐོན་པ་རྣམས་རིམ་པས་དགའ་ལྡན་ཁྲི་པར་ཕེབས་ཆོག་པའི་ལམ་པོ་ཆེའི་སྲོལ་བཟང་གི་ལོ་རྒྱུས་ཤིག་རང་ཤུགས་ཀྱིས་ཆགས་སོང་བ་མ་རེད་དམ། ངོ་མ་ལོ་རྒྱུས་རང་བཞིན་གསར་གཏོད་ཅན་ཞིག་ཏུ་ལོས་འགྱུར་ངེས་ཡིན་པ་འདྲ། ཕྱི་གླིང་པ་བོད་རིག་པའི་ཐོག་མཁས་དབང་མང་པོས་དགོངས་འཆར་འདི་ལ་ཉིན་རེ་ནས་ཉིན་རེར་སྣོ་ངར་ལྡན་པར་གྱུར་བཞིན་འདུག. སྦྱིན་བདག་ཁོང་ཚོའོ་བཀའ་དགོངས་ནི་རྩ་ཆེན་མ་རེད་དམ།. ད་བར་བོད་མིའི་ལོ་རྒྱུས་ནང་སྦྱིན་བདག་ཟེར་བ་ནི་གལ་ཆེའི་གནོན་ཤུགས་ལྡན་པ་ཞིག་ཡིན་ཡིན་པ་རེད་འདུག. ལས་འཆར་འདི་ལ་དགའ་བསུ་ཚད་མེད་ཡོད། དོན་དུ་༧རྒྱལ་བ་རིན་པོ་ཆེའི་ཕུགས་ཀྱི་དགོངས་གཞི་དགོངས་པ་འདི་ནི་བླ་ན་མེད་པའི་རླབས་ཆེན་ཆེན་གྱི་མཛད་བཟང་ཞིག་ལོས་ཡིན། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese