མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བོད་ཀྱི་སློབ་གྲྭ་ཁག་གིས་ཧི་མ་ལ་ཡ་རི་རྒྱུད་ཀྱི་སློབ་ཕྲུག་མང་པོ་སློབ་སྦྱོང་གིས་ཕན་ཐོགས་ཡོད་པས། མ་འོངས་པར་ཁྱེད་ཚོ་རང་མགོ་ཐོན་པའི་ཚེ་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཁ་སང་ཕྱི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦིར་བོད་ཚོགས་དང་སྡེ་དགེ་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ། པདྨ་ཨེ་ཝམ་ཆོས་སྒར་འགྱུར་མེད་གླིང་དགོན་པ་དང་། རྙིང་མ་དགོན་པ། འབྲི་རུ་ས་སྐྱ་དགོན་པ། ལས་ཁུངས་ཁག་དང་གཞིས་་ཆགས་ནང་གཟིགས་ཞིབ་གནང་ཡོད་ཅིང་། དེ་བཞིན་སུ་ཇཱ་བོད་ཁྱིམ་གྱི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་ཀྱི་སྐད་ཡིག་ནི་འཛམ་གླིང་གི་སྐད་ཡིག་རྙིང་ཤོས་ ༡༥ གྲས་ཀྱི་གཅིག་ཡིན་ཟེར་གྱི་ཡོད་པ་རེད། དེ་ཡང་ལེགས་སྦྱར་གཞུང་དང་པཱ་ལིའི་གཞུང་ནང་ཡོད་པའི་ནང་ཆོས་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ནང་བསྒྱུར་ཡོད། དེང་སང་ནང་ཆོས་ཀྱི་གཞུང་ཆ་ཚང་ཞིག་ལ་ལྟ་དགོས་ཚེ། བོད་སྐད་ནང་མ་གཏོགས་སྐད་ཡིག་གཞན་པའི་ནང་མེད་པ་རེད། དེའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་བསྟན་བདག་བླ་ཆེན་རྣམ་པས་བཀའ་གནང་ཡོད། ང་ཚོར་སྐད་ཡིག་རྩ་ཆེན་པོ་ཞིག་ཡོད་ཀྱང་སྐད་ཡིག་བེད་སྤྱོད་བྱེད་མཁན་མེད་ཚེ་ཤི་འགྲོ་ཡི་ཡོད་པ་རེད། རྗེས་མ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་མེད་ཚེ་ལེགས་སྦྱར་དང་ལ་ཌིན་སྐད་ཡིག་བཞིན་ཆགས་འགྲོ་བ་རེད། མི་དཀྱུས་མ་ཚོས་བེད་སྤྱོད་གཏོང་རྒྱུ་མེད་པར་མཁས་པ་རྣམས་ཀྱིས་སློབ་སྦྱོང་བྱེད་ས་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་རེད། བཙན་བྱོལ་ནང་རང་དབང་ཐོག་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་རང་དབང་ཡོད་ཀྱང་། བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་སྦྱོང་བྱ་རྒྱུ་མེད་པ་བཟོ་བཞིན་ཡོད། བོད་མི་ས་ཡ་བདུན་ལྷག་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་དུ་རྒྱ་གཞུང་གིས་མུ་མཐུད་སྲིད་ཇུས་དེ་ལག་བསྟར་བྱས་ཚེ། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་སྐད་བཤད་མི་ཤེས་པའི་གནས་སྟངས་ཤིག་ཆགས་འགྲོ་བཞིན་ཡོད་པ་རེད། ཅེས་དང་།  བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་། བཙན་བྱོལ་ནང་དུ་བོད་སྐད་ལ་དོ་སྣང་མ་སྤྲད་ཚེ། སྐད་ཡིག་རྩ་ཆེན་དང་གལ་ཆེན་རེད་ཅི་ཙམ་བཤད་ཀྱང་བེད་སྤྱོད་མ་བྱས་ཚེ་འགྲིག་ཡོད་པ་མ་རེད། ཅེས་གསུངས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས། དེང་སང་འདིར་ཨ་རུ་ན་ཅལ་དང་། ལ་དྭགས། འབྲས་ལྗོངས། སྦི་ཏི་སོགས་ཧི་མ་ལ་ཡ་ནས་ཡིན་པའི་སློབ་ཕྲུག་ཡོད་པ་རེད། ང་ཚོ་ཚང་མ་མི་རིགས་དང་། སྐད་ཡིག  རིག་གཞུང་། ཆོས་ལུགས་གཅིག་པ་རེད། ཡིན་ནའང་རྒྱལ་ཁབ་མི་འདྲ་བ་ཆགས་བསྡད་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆ་མཆོག་ནས་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་བདག་འཛིན་བྱེད་པར་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རྣམས་ལ་འགན་ཡོད་པ་བཀའ་གནང་ཡོད་དུས། སློབ་གྲྭ་ཁག་གི་ནང་དུའང་༧མགོན་པོ་གང་ཉིད་མཆོག་གི་དགོངས་པ་གཞིར་བཟུང་བཞིན། ད་ལྟའི་ཆར་སློབ་གྲྭ་འདིར་ཧི་མ་ལ་ཡའི་སློབ་ཕྲུག་གྲངས་ ༣༢༨  ཡོད། ཁྱེད་ཚོའི་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པའི་ཐོག་ནས་སློབ་གྲྭར་ཞུགས་ཡོད་པ་དང་། བོད་ཕྲུག་ཁྱིམ་སྡེའི་ངོས་ནས་ཁྱེད་ཚོར་སློབ་སྦྱོང་སྤྲད་དེ་ཕན་ཐོགས་བྱུང་ཡོད་པ་རེད། མ་འོངས་པར་ཁྱེད་ཚོ་རང་མགོ་ཐོན་པའི་ཚེ་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། བོད་པར་ནང་ཆོས་ལ་བརྟེན་པའི་རིག་གཞུང་ཞིག་ཡོད་པ་དང་། དེ་ཡང་འཛམ་གླིང་གི་ཞི་བདེའི་སྤེལ་ཐུབ་པའི་ནུས་པ་ཡོད་པས། ང་ཚོས་སྲུང་སྐྱོང་བྱེད་འོས་པའི་རིག་གཞུང་ཆགས་ཡོད། ཅེས་སོགས་གསུངས་སོང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་གི་གནས་བབ་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་བའི་གལ་གནད་རང་བཞིན་སོགས་བརྙན་རས་བརྒྱུད་ནས་འགྲེལ་བརྗོད་གནང་བ་དང་། གཞན་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། རྒྱ་གཞུང་གི་ཆབ་སྲིད་འགྱུར་བར་གདོང་ལེན་བྱེད་ཕྱོགས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་རིགས་སོགས་ཀྱི་ཐོག་དྲི་བ་དྲིས་ལན་གནང་སོང་།

སུ་ཇཱ་བོད་ཕྲུག་ཁྱིམ་སྡེ་ནི་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་བཀའ་ཤག་གིས་བོད་ནས་ཡོང་བའི་ན་གཞོན་ཚོར་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཆེད་་སློབ་ཕྲུག་ ༦༨ ཡོད་པའི་བོད་པའི་སློབ་གྲྭ་གསར་པ་ཞེས་པའི་མིང་ཐོག་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་བོད་ཕྲུག་ཁྱིམ་སྡེར་རྩིས་སྤྲོད་གནང་ཡོད་འདུག སློབ་གྲྭ་དེར་སློབ་ཕྲུག་ཆེས་མང་བའི་སྐབས་སུ་སློབ་ཕྲུག་གྲངས་ ༢༤༠༠ ལྷག་ཡོད་ཀྱང། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱིའི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཏེ། ད་ལྟའི་ཆར་སློབ་གྲྭ་ཁག་ཏུ་སློབ་ཕྲུག་དང་། དགོན་སྡེ་ཁག་ཏུ་གྲྭ་རྒྱུན་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

མཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༩  བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་མཚོ་པདྨ་དང་། མན་ཌི། སྤོན་ཊོ། ཀུལླུ་མ་ནཱ་ལཱི། དྷ་ས་བཅས་སུ་མུ་མཐུད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese