མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཉག་སེང་སྒྲ་སོགས་ལས་འགུལ་བ་གསུམ་ལ་ལྷག་དཀར་གཟེངས་རྟགས་འབུལ་གཏན་ཁེལ།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཉག་སེང་སྒྲ་གཙོ་བྱས་པའི་བོད་དང་ཧོང་ཀོང་གི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་གསུམ་ལ་ཕྱི་ལོ་ ༢༠༢༥ ལོའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་འབུལ་གཏན་ཁེལ།

ཨ་ཉག་སེང་སྒྲ་སོགས་ལས་འགུལ་བ་གསུམ་ལ་ལྷག་དཀར་གཟེངས་རྟགས་འབུལ་གཏན་ཁེལ།

བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ལོ་ལྟར་ཕུལ་སྲོལ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ། རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དབྱངས་ཅན་ལགས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ (Anna Kwok) ལགས་བཅས་སུ་འབུལ་གཏན་ཁེལ་ཡོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་དེ། བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་སྒྲུབ་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་གྱི་སྙིང་སྟོབས་དང་། ལྷག་བསམ་སོགས་ལ་ཆེ་བསྟོད་མཚོན་སླད་འབུལ་བཞིན་ཡོད་ཅིང་། དམིགས་བསལ་འདི་ལོ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༡ འཁོར་གྱི་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ནེའུ་ཡོག་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལོངས་ཤོག་མཚན་འཛོམས་ཀྱི་སྟེང་ནས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་དང་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དབྱངས་ཅན་ལགས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ (Anna Kwok) ལགས་བཅས་སུ་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་བྱེད་ས་ཞིག་ཏུ་གྱུར་རྗེས། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲས་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་ (东川) བཙོན་ཁང་ནས་ཀློད་གྲོལ་བཏང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གཞུང་གིས་་ཚོགས་དཀྲུག་རྐྱེན་བཟོས་མིང་འོག་ཨ་ཉག་སེང་སྒྲ་ལགས་བསྐྱར་དུ་འཛིན་བཟུང་བྱས། ཕྱི་ལོ་ ༢༠༡༨  ལོ་མཇུག་དང་ ༢༠༡༩ ལོ་མགོར་ཨ་ཉག་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་དང་ཁྲིམས་རྩོད་པ་ལིན་ཆི་ལི་སོགས་ཀྱིས་ཁྲིམས་གཏུག་རིམ་པ་བྱས་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ཨ་ཉག་སེང་སྒྲ་ལགས་སུ་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་སྒྲིག་གཞིར་གཏོར་བཤིག་བཏང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ཨ་ཉ་སེང་སྒྲ་ལགས་སུ་ལོ་ ༧ བཙོན་འཇུག་ཁྲིམས་ཆད་བཅད།

ཧྥ་རན་སིའི་སློབ་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་རྒྱར་གཞིགས་ན། བཀྲ་ཤིས་དབྱངས་ཅན་ལགས་ནི་ད་ལྟ་རང་ལོ་བཅུ་དྲུག་ཡིན་ཞིང་།   ཕྱི་ལོ་ ༢༠༢༤ ལོ་ནས་དབྱངས་ཅན་ལགས་ཀྱིས་ཧྥ་རན་སིའི་ (Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བྲིས་ཡོད་པ་བཅོས་བསྒྱུར་དགོས་པའི་འབོད་སྐུལ་དང་ཞུ་གཏུག་སོགས་ཀྱི་ལས་འགུལ་ཐེངས་ ༢༦ ཙམ་སྤེལ་ཡོད་པའི་ཁར། བཀྲ་ཤིས་དབྱངས་ཅན་ལགས་ལོ་ན་བཅུ་གསུམ་བཅུ་བཞིའི་སྐབས་ནས་གསུམ་བཅུའི་དྲན་གྱི་གཙོས་བོད་དོན་དང་འབྲེལ་བའི་ལས་འགུལ་ནང་ཞུགས་ཏེ། འདས་ལོ་ནས་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་མགྲིན་ཚབ་པ་དང་བོད་རིགས་ཚོགས་པ་ཁག་གི་བོད་དོན་དང་འབྲེལ་བའི་ལས་འགུལ་སོགས་ཀྱི་སྐབས་སུའང་ཧྥ་སྐད་ཀྱི་ལམ་ནས་གཏམ་བཤད་སྤེལ་བ་སོགས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་བྱས་དང་བྱེད་བཞིན་པ་ཡིན་འདུག

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ལགས་ནི་ད་ལྟ་རང་ལོ་ཉེར་བརྒྱད་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་ནང་ཉེས་ཅན་རྒྱ་ནག་ལ་རྩིས་སྤྲོད་དང་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་ལག་བསྟར་བྱས་སྟབས། རྒྱ་ནག་གི་གནོན་ཤུགས་འོག་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོགས་འཛིན་བཟུང་བྱས་ཡོད། དེར་བརྟེན། ཨན་ནཱ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོ་ནས་ཧོང་ཀོང་ནང་དམངས་གཙོ་དང་སྨྲ་བརྗོད་རང་དབང་། གཞུང་གི་སྲིད་ཇུས་གཏན་འབེབས་ཁྲོད་མང་ཚོགས་ཀྱི་བསམ་ཚུལ་དགོས་གལ་ཆེ་བ་སོགས་བརྗོད་ནས་ལས་འགུལ་སྤེལ་ཡོད། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུགས་ཁྱི་ལྟ་བུའི་ཧོང་ཀོང་གི་སྤྱི་ཁྱབ་ཇོན་ལི་ཟེར་བ་ཨ་རིར་ (APEC) ཚོགས་འདུར་མཉམ་ཞུགས་བྱེད་པར་བཀག་སྡོམ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། ཧོང་ཀོང་སྲིད་གཞུང་གིས་ཁོང་མོ་ཧོང་ཀོང་གི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་ཆེ་ཟེར་བའི་ནག་ཉེས་ཀྱི་ཁོངས་གཏོགས་སུ་བཅུག  ཕྱི་ལོ་ ༢༠༢༤ ལོར་ཁོང་མོའི་ཧོང་ཀོང་མི་སེར་གྱི་ཐོབ་ཐང་ལག་འཁྱེར་ཕྱིར་བསྡུ་བྱས། ཁོང་མོའི་ལས་འགུལ་གྱི་ཤུགས་རྐྱེན་འོག་ཁོང་མོའི་པ་ལགས་དང་གཅེན་པོ་སོགས་འཛིན་བཟུང་བཀག་ཉར་ཐེངས་མང་རིང་བྱས་མྱོང་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese