མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷུན་ཏར་ནས་བོད་པའི་ཨ་མ་ཞིག་གིས་བྱིས་པ་འཁྲིད་དེ་རྒྱུག་ཆུར་མཆོངས་ནས་རང་ཤི་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་གྱི་བྷུན་ཏར་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་བསྟན་འཛིན་ཆོས་མཚོ་མ་བུ་གཉིས་བྷུན་ཏར་ཟམ་ཆེན་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང་ད་ལྟའང་ཕུང་པོ་རྙེད་མི་འདུག

བསྟན་འཛིན་ཆོས་མཚོ་ཞེས་པའི་ཨ་མ་ཞིག་གིས་རང་ལོ་ ༣ ཙམ་སོན་པའི་བྱིས་པ་དང་ལྷན་དུ་རྒྱུག་ཆུར་མཆོངས་ནས་རང་ཤི་བརྒྱབ་འདུག ༢༠༢༥།༨།༢༦ གསང་བའི་བརྙན་ཆས་ཀྱི་པར་བཤུས།

ཉིན་འདི་ཚོར་ཧི་མ་ཅལ་གྱི་མ་ན་ལི་སོགས་རི་རྒྱུད་ཁུལ་མང་པོ་ཞིག་ཏུ་རྒྱུག་ཆུ་རྒྱས་ནས་ཆུ་ལོག་ས་རུད་ཀྱི་གནོད་འཚེ་ཐེབས་མུས་ཡིན་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་བྷུན་ཏར་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་བསྟན་འཛིན་ཆོས་མཚོ་མ་བུ་གཉིས་བྷུན་ཏར་ཟམ་ཆེན་ནས་རྒྱུག་ཆུར་མཆོངས་ཏེ། ད་ལྟའང་ཕུང་པོ་རྙེད་མི་འདུག  དབུས་ནང་སྲིད་ལས་ཁུངས་ཀྱིས་བཀོད་མངགས་བཞིན་ས་གནས་མགོ་འཛིན་གྱིས་གནད་དོན་དེ་ས་གནས་ཉེན་རྟོག་ལས་ཁུངས་སུ་ཞུས་ཡོད་འདུག ཡིན་ནའང་། མོས་རང་ཤི་བརྒྱག་དགོས་པའི་རྒྱུ་རྐྱེན་སོགས་ཀྱི་ཐད་ལ་གསལ་ཁ་གང་ཡང་མི་འདུག

གནད་དོན་དེའི་ཐད་བྷུན་ཏར་བོད་མིའི་གཞིས་ཆགས་ཀྱི་བརྒྱ་དཔོན་བྱམས་པ་ཚུལ་ཁྲིམས་ལགས་ཀྱིས་འདི་གའི་གསར་འགོད་པར། བསྟན་འཛིན་ཆོས་མཚོ་ལགས་ལྟ་བུར་མཚོན་ན། ནམ་རྒྱུན་ནས་མི་གཞན་ལ་འབྲེལ་ལམ་འཛུགས་རྒྱུ་དཔེ་ཉུང་ཉུང་རེད་ལ། མོ་རང་གཅིག་པུར་ཁང་པའི་ནང་བསྡད་འདུག་གི་རེད། མཛད་སྒོ་དང་ཁ་ལག་མཉམ་ཟ་རེ་བྱེད་དུས་མ་གཏོགས་འབྲེལ་འདྲིས་མེད་པར་གཅིག་པུར་སྡོད་ཀྱི་ཡོད་པས། ངས་ནམ་རྒྱུན་ནས་མི་ལ་རེ་མི་དགོས་པ་དང་ལམ་ལ་འགྲོ་མི་དགོས་པ་མེད་པས། མི་དང་མི་ལ་འབྲེལ་ལམ་འཛུགས་དགོས་རེད་ཅེས་ཡང་ཡང་བསླབ་བྱ་རྒྱག་མྱོང་། ངས་བལྟས་པ་ཡིན་ན། ཁོང་མོའི་དཀའ་ངལ་ཆེ་ཤོས་ནི་ཁོང་མོ་ཨ་མ་ཁེར་རྐྱང་ཞིག་ཡིན་པའི་ཁར། ཕྲུ་གུ་ཞིག་ཀྱང་གསོ་དགོས་པས་དངུལ་གྱི་ཡོངས་ཁུངས་མེད་པས་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང་། ས་གནས་གཞིས་ཆགས་ཀྱི་སྤྱི་མི་དང་བརྒྱ་དཔོན་སོགས་ལ་དཀའ་ངལ་ཡོད་སྐོར་གྱི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པ་མ་ཟད། ཁོང་མོའི་གྲོང་རོགས་ཚོས་དཀའ་ངལ་ཡོད་ན་བཤད་ཤོག་ལབ་ཡོད་ནའང་། དཀའ་ངལ་མེད་ལབ་ནས་སུའང་རོགས་པ་བྱ་རོགས་ཞེས་མི་བཤད་པར། མི་ལ་འབྲེལ་བ་མི་བྱེད་པའི་ཁར་དཀའ་ངལ་ཁོག་ཏུ་བཅུག་ནས་བསྡད་ཙང་ཡིན་རྒྱུ་རེད་སེམས་ཀྱི་འདུག  ཅེས་བརྗོད་བྱུང་། 

ཡང་ཁོང་གིས། ད་ལྟ་ས་གནས་སྤྱི་མི་དང་བརྒྱ་དཔོན་སོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ཁོང་མོ་གཞིས་ཆགས་ནང་མི་མཐུན་ས་དང་། མི་འགྲིག་ས། དེ་བཞིན་འཁོན་འཛིན་ཡོད་ས་གང་ཡང་མི་འདུག་ལ། དགའ་རོགས་སོགས་ཡོང་ནས་རྙོག་གྲ་རིགས་ནི་གང་ཡང་བྱུང་མ་སོང་། ཁོང་མོ་རྒྱུན་དུ་ནས་ཞོགས་པ་ཆུ་ཚོད་དྲུག་པ་བདུན་པ་ཙམ་ནས་ཕྲུ་གུ་འཁྲིད་ནས་འཆམ་འཆམ་ལ་འགྲོ་ཡི་འདུག ད་ལན་ཚུར་གཞིས་ཆགས་ནང་ཡོང་སྐབས་གཙང་པོའི་ནང་མཆོངས་འདུག ཁོང་མོར་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང་འབྲེལ་ཡོད་སོགས་ལ་གང་ཡང་ལབ་ཀྱི་མི་འདུག ཅེས་བརྗོད་བྱུང་། 

རང་ལོ་ ༣༧ ཡིན་པའི་བསྟན་འཛིན་ཆོས་མཚོ་ལགས་བོད་ནས་བཙན་བྱོལ་དུ་ཡོང་སྟེ་དྷ་སྟེང་བོད་ཁྱིམ་དུ་ཕྱིན་ཡོད་ཅིང་།  དེ་སྔོན་བྷུན་ཏར་བོད་མིའི་གཞིས་ཆགས་ཀྱི་སྨན་ཞབས་པ་ཟུར་པ་ཞིག་ཡིན་འདུག མོའི་བུ་དེ་ལོ་ན་གསུམ་ཙམ་ལས་སོན་མེད་པ་རེད།

གཞན་ཡང་། ཀུ་ལུ་མ་ན་ལི་ཁུལ་དུ་ཆུའི་འཇིག་པ་འབྱུང་མུས་ཡིན་པའི་གནད་དོན་དང་འབྲེལ་ནས་ས་གནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། དེ་རིང་ཕྱི་ཚེས་ ༢༧ ཉིན་ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་ཁུལ་གྱི་འགྲམ་དུ་རྒྱུག་པའི་གཙང་པོ་ཇེ་ཆུང་ཡིན་པ་མ་ཟད། གནམ་གཤིས་ཀྱང་ཡག་པོ་ཡོད་ཀྱང་། ཀུ་ལི་མ་ན་ལི་གཡུ་ལོ་བཀོད་ཀྱི་གཞིས་ཆགས་ཀྱི་སློབ་གྲྭའི་ར་བའི་རྩིག་པ་བརྡིབས་ཡོད་པ་མ་ཟད། དེ་སྔ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་བསྒྱུར་བྱས་པའི་ཨར་འདམ་གྱིས་བཟོས་པའི་ཆུ་རགས་ཀྱི་དབང་གིས། དེ་རིང་བར་ཆུས་འཇིག་ཉེན་ཆེར་བྱུང་མེད་སྐོར་བརྗོད་བྱུང་ནའང་། འདི་ག་གསར་ཁང་ལ་འབྱོར་བའི་བརྙན་ཐུང་ཞིག་གི་ཁྲོད། དྷོ་བྷི་བོད་མིའི་གཞིས་ཆགས་ནང་ཆུ་ལོག་རྒྱུག་ནས་འཕྲུལ་རྟ་སོགས་ཆུས་འཁྱེར་གྱི་འདུག ཡིན་ནའང་།  འདི་གའི་གསར་འགོད་པས་དྷོ་དྷི་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་སོགས་ལ་འབྲེལ་བ་བྱས་ཀྱང་དྲ་ལམ་ཆད་ནས་མཐུད་ཐུབ་མ་སོང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese