མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་མང་གི་རྗེས་སུ་དབྱར་སྐྱིད་གླུ་གར་འགྲན་བསྡུར་གྱི་ཨང་དང་པོ་རྒྱ་ལུ་རུ་ཁག་ལ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་སྒྲིག་འཛུགས་རྒྱུན་གནས་དང་ཚགས་ཚུད་ཡོང་ཆེད་དུ་འགན་འཛིན་ལྷན་ཚོགས་དང་དགེ་ལས་སློབ་ཕྲུག་ཐུན་མོང་ནས་མུ་མཐུད་འབད་བརྩོན་བྱེད་དགོས་སྐོར་གསུངས་སོང་།

འདི་ལོའི་ཟློས་གར་གྱི་དབྱར་སྐྱིད་གླུ་གར་འགྲན་བསྡུར་གྱི་ཨང་དང་པོ་རྒྱ་ལུ་རུ་ཁག་ལ་ཐོབ། ༢༠༢༥།༠༨།༢༨ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༦ འཁོར་བའི་དུས་ཆེན་དང་བསྟུན། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཉིན་རྒྱབ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ཕྱི་ལོ་ ༢༠༢༥ ལོའི་དབྱར་སྐྱིད་གླུ་གར་འགྲན་བསྡུར་གྱི་དུས་སྟོན་འཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་ཁག་ཅིག  དེ་བཞིན་གཞུང་ཁོངས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

འདི་ལོའི་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་འགྲན་བསྡུར་ཀྱི་གཟུ་དཔང་ནི་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་དང་། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། བོད་ཀྱི་ཟློས་གར་ཚོགས་པའི་ཟློས་དགེ་ཟུར་པ་ཚུལ་ཁྲིམས་སྒྲོལ་མ་ལགས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས་བཅས་ལྔ་ཡིན་ཞིང་། འགྲན་བསྡུར་ཁྲོད་རྐྱང་གཞས་དང་། གཏམ་བརྗོད། འཁྲབ་གཞས་ཁག་དང་པོ་བཅས་ཚན་པ་གསུམ་ཀར་རྒྱ་ལུ་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། འཁྲབ་གཞས་ཁག་གཉིས་པ་རུ་ཁག་གཉིས་ལ་ཨང་རིམ་གཅིག་མཚུངས་ཐོབ་སྟེ། ཁྱོན་བསྡོམས་སྐར་གྲངས་ ༥༠༠ ནས་རྒྱ་ལུ་རུ་ཁག་ལ་ཨང་གྲངས་ ༤༢༣།༥ དང་། རྔོན་པ་རུ་ཁག་ལ་ཨང་གྲངས་ ༤༡༤ ཐོབ་ཡོད་འདུག

མཛད་སྒོའི་ཐོག་་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་བྱ་དགའ་གནང་སྟེ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ ༦༦ འཁོར་བ་དང་བསྟུན། འདི་ལོ་བྱམས་བརྩེའི་ལོའི་བརྗོད་གཞིའི་ཐོག་ནས་གཞས་སྣ་དང་གཏམ་བརྗོད་འཁྲབ་སྟོན་གནང་བར་བསྔགས་བརྗོད་དང་། འགྲན་བསྡུར་ཞེས་པ་ནི་གཅིག་ལ་རྒྱལ་ཁ་ཐོབ་པ་དང་། གཅིག་ཕམ་གྱི་ཡོད་པ་རང་བཞིན་ཆགས་ཡོད་། བོད་ཀྱི་ཟློས་གར་ཚོགས་པ་ནི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཧ་ཅང་གལ་ཆེན་བོའི་སྒྲིག་འཛུགས་ཤིག་རེད། སྒྲིག་འཛུགས་འདི་རྒྱུན་གནས་དང་ཚགས་ཚུད་པོ་ཡོང་བའི་ཆེད་དུ་འགན་འཛིན་ལྷན་ཚོགས་ཀྱི་ངོས་ནས་འགན་འཁུར་བཞིན་ཡོད། ཟློས་གར་གྱི་དགེ་ལས་སློབ་ཕྲུག་རྣམས་མུ་མཐུད་བསྡད་དེ་འབད་བརྩོན་བྱེད་དགོས་ཀྱི་འདུག  ལོ་ཁ་ཤས་ཀྱི་རྗེས་ནས་ཟློས་གར་ནང་གསར་དུ་འཛུལ་ཞུགས་བྱེད་མཁན་ཁག་པོ་འདུག སྔོན་མ་ཟློས་གར་ནང་འཛུལ་ཞུགས་བྱེད་མཁན་འཚང་ཁ་ཡོད་ཀྱང་། དེང་སང་བོད་པ་གསར་དུ་འཛུལ་ཞུགས་བྱེད་མཁན་ཁག་པོ་ཆགས་འདུག དེ་ཡང་བོད་ཀྱི་ཟློས་གར་ཚོགས་པ་གཅིག་པུའི་གནས་སྟངས་ཤིག་མ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་གཏམ་བཤད་གཞན་གྱི་ཐོག་ནས་མང་པོ་བཤད་ཡོད། ཅེས་གསུངས་སོང་།

བོད་ཀྱི་ཟློས་གར་ཚོགས་པ་ནི་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བཙན་བྱོལ་ནང་གསར་འཛུགས་ཡོད་ཅིང་། ཕྱི་ལོ་ ༡༩༦༡ ཟླ་ ༤ པའི་ནང་ྋགོང་ས་མཆོག་གི་དགོངས་གཞི་བཞིན་ཀ་སྦུག་ནས་དྷ་སར་གནས་སྤོས་ཏེ་རྟེན་གཞི་ཆགས་ཡོད་འདུག དབྱར་སྐྱིད་དུས་སྟོན་ནི་ལོ་རབས་དྲུག་ཅུའི་སྨད་ཙམ་ནས་མགོ་བཙུགས་ཏེ། གླུ་གར་འཁྲབ་སྟོན་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་འདོན་སའི་གར་སྟེགས་ཤིག་དང་། བོད་ཀྱི་ཡུལ་ལུང་ཁག་གི་སྲོལ་རྒྱུན་གྱི་རྐང་བྲོ་གླུ་གཞས་འཁྲབ་སྲོལ་བཅས་ལ་ཉམས་ཞིབ་དང་དཔྱད་བསྡུར་གནང་སྟེ། རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་ཞེས་པའི་བར་འགྲན་སྡུར་གནང་བཞིན་འདུག   འདས་པའི་ལོ་མང་རིང་རུ་ཁག་གཉིས་བར་འགྲན་སྡུར་བྱས་པའི་ཁྲོད་བསྟུད་མར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༧ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༩ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese