མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རིག་པའི་ལྷག་དཀར་གཟེངས་རྟགས་དེ། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ལ་འབུལ་གཏན་ཁེལ་བ་ཡོངས་བསྒྲགས་བྱས་འདུག

ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་ཐོབ། དྲ་ལམ་གྱི་པར།

བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་ཐོབ་མཁན་གྱི་ཁྲོད་དུ། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་དང་། རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དབྱངས་ཅན་ལགས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ (Anna Kwok) ལགས་བཅས་ཁྱོན་ཚོགས་སྡེ་གཉིས་དང་མི་སྒེར་གསུམ་བཅས་ཡོད་པ་རེད།

ཕྱི་ལོ་ ༢༠༢༥ ལོ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༡ འཁོར་བའི་ལོ་ཡིན་ཞིང་།  ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ནེའུ་ཡོག་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལོངས་ཤོག་མཚན་འཛོམས་ཀྱི་སྟེང་ནས། ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ་ཚོགས་སྒེར་ལྔ་ལ་འབུལ་རྒྱུ་ཡིན་འདུག་ཅིང་། ལྷག་དཀར་གཟེངས་རྟགས་དེ། བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་སྒྲུབ་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་གྱི་སྙིང་སྟོབས་དང་། ལྷག་བསམ་སོགས་ལ་ཆེ་བསྟོད་མཚོན་སླད་འབུལ་བཞིན་ཡོད་འདུག

ཨ་རིའི་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་ནི་ཕྱི་ལོ་ ༡༩༩༡ ལོར་དབུ་བརྙེས་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་ནི་ ༡༩༩༦ ལོར་དབུ་བརྙེས།  རླུང་འཕྲིན་ཁང་འདི་གཉིས་དབུ་ཚུགས་པ་ནས་རང་དབང་ལྡན་པའི་གསར་འགྱུར་དང་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་། འཛམ་གླིང་གི་གནས་བབ། བཙན་བྱོལ་བོད་མིའི་གནས་ཚུལ་སོགས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ལོའི་ལྷག་དཀར་གཟེངས་རྟགས་ཐོབ་མཁན་གྱི་ཁོངས་སུ། ཨ་རི་གྲོང་ཁྱེར་ཧྥི་ལ་ཌེལ་ཧྥི་ཡཱ་ནང་དུ་བོད་དོན་ཞུ་གཏུག་དང་གོ་རྟོགས་ཀྱི་ལས་འགུལ་བསྟུད་མར་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལགས་དང་། གློག་སྡོང་དཔའ་མོ་ཞེས་ཨ་རི་དང་ཧྥ་རན་སི་སོགས་ནས་གློག་སྡོང་ལ་འཐམ་འཁྱིག་གིས་བོད་ཀྱི་རྒྱལ་དར་སྒྲེང་འཕྱར་བྱས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ལས་འགུལ་གྱི་རྣམ་པ་གསར་བའི་ཐོག་ནས་ངོ་རྒོལ་གནང་མཁན་ཚེ་ལྷ་རྫོགས་སངས་ལགས།  རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་ཁམས་སྡེ་དགེ་མི་མང་བཅས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༡ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese