མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གི་དྷ་རམ་ས་ལ་སོགས་ཧི་མ་ཅལ་ནང་གཞུང་འབྲེལ་གཟིགས་སྐོར་གྲུབ་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་འོག་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཁག་གིས་ས་ཆ་བདག་ཉར་ཡག་པོ་བྱས་ན་བོད་པའི་འཐབ་རྩོད་རྒྱུན་གནས་ཐུབ་པར་ཕན་ཐོགས་སྐོར་ལམ་སྟོན་གནང་འདུག

སྲིད་སྐྱོང་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་གསུང་བཤད་གནང་། ༢༠༢༥།༠༨།༢༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྷ་ས་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༩ ཉིན་སྲིད་སྐྱོང་མཆོག་གིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་།   དྷ་ས་ས་གནས་མགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་།  ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་གིས་སྙིང་སྟོབས་གླིང་དབང་སྐྱོན་གཅེས་སྐྱོང་ཁང་དང་། ཇོ་ནང་དགོན། འཆི་མེད་དགའ་ཚལ་གླིང་། སྒྲོལ་མ་གླིང་བཙུན་དགོན། ནོར་གླིང་སྔོན་འགྲོའི་སློབ་གྲྭ་དང་བྱིས་བཅོལ་ཁང་བཅས་སུ་འཚམས་གཟིགས་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སེར་སྐྱ་མི་མང་ལ་གསུང་བཤད་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་སྲུང་བརྩི་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་དག་ལག་བསྟར་མ་གནང་ཚེ་མ་འོངས་པར་སྒོ་བརྒྱག་དགོས་པའི་གནས་སྟངས་སོགས་དཀའ་ངལ་འཕྲད་ངེས་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རྒྱ་གར་གྱི་སྒྲིག་ཁྲིམས་གཞིར་བཟུང་འགྲོ་བཞིན་ཡོད།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལྟ་བུར་མཚོན་ན་དེབ་སྐྱེལ་ཟིན་པའི་སྒྲིག་འཛུགས་ཤིག་ཡིན་པས་དེབ་སྐྱེལ་གྱི་ཁྲིམས་སྒྲིག་དང་། རྒྱ་གར་གྱི་ཡུལ་ཁྲིམས་ལྟར་འགྲོ་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ཕྱི་རྒྱལ་རོགས་དངུལ་ལེན་རྒྱུའི་ལག་འཁྱེར་མེད་པ་ཡིན་ན། མ་འོངས་རོགས་དངུལ་གནང་མཁན་ཡོད་ནའང་ལེན་ས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས་དེ་དག་ལ་དོ་སྣང་གནང་དགོས་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ནོར་གླིང་ས་གནས་མི་མང་ལ་ཐུག་འཕྲད་གནང་། ༢༠༢༦།༠༨།༢༨ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་གོ་པལ་པུར་བོད་ཁྱིམ་དང་། ཅ་མུན་ཌ་བོད་མིའི་ཚོང་པའི་སྡོད་གནས་སྤྲིན་ཆེན་བསམ་གྲུབ་གླིང་། རྒྱུད་སྟོད་དགོན་པ་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། གོ་པལ་པུར་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བརྙན་རིས་བརྒྱུད་ནས་བོད་མཐོ་སྒང་གི་གལ་གནད་ཐོག་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ས་ཆའི་ཆགས་བབ་ཐོག་ནས་བོད་ཀྱི་གལ་གནད་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད། བོད་ཀྱི་རིག་གཞུང་དེ་ནང་ཆོས་ལ་བརྟེན་པ་ཞིག་དང་། ལྷག་པར་དུ་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་ལ་བརྟེན་ཡོད་པས་འཛམ་གླིང་སྟེང་ཞི་བདེ་སྤེལ་ཐུབ་པའི་ནུས་པ་ཡོད་པའི་སྐོར་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། རྒྱ་གཞུང་གི་ཆབ་སྲིད་འགྱུར་བར་གདོང་ལེན་བྱེད་ཕྱོགས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་རིགས་སོགས་ཀྱི་ཐོག་དྲི་བ་དྲིས་ལན་གནང་འདུག

ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་སྲིད་སྐྱོང་མཆོག་གིས་དྷ་ས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྡེ་ཚན་ཁག་ལ་གཟིགས་ཞིབ་ཀྱིས་ནད་བཅོས་ཉམས་ཞིབ་སྡེ་ཚན་ཡིག་ཚང་དང་། སེམས་ཁམས་འཕྲོད་བསྟེན་སྡེ་ཚན། སྨན་སྦྱོར་སྡེ་ཚན་གྱི་གཙང་བཟོ་ཁང་བཅས་དབུ་འབྱེད་གནང་ཡོད་པ་དང་། དེའི་རྗེས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཀྱི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བརྒྱུད་ཚོགས་པའི་རྩ་འཛིན་དང་བླང་དོར་སྒྲིག་གཞི། བཀོད་སྒྲིག སྔོན་རྩིས་སྟངས་འཛིན་བཅས་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་གཏན་འབེབས་གནང་ཡོད་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་འོག་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཁག་གིས་ས་ཆ་བདག་ཉར་ཡག་པོ་བྱས་ན་འཐབ་རྩོད་རྒྱུན་གནས་ཐུབ་པར་ཕན་ཐོགས་པའི་སྐོར། ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོ་ལས་གཞི་དང་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་སྐོར་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གིས་བྱམས་པ་གླིང་རྒན་གསོ་ཁང་དུ་འཚམས་གཟིགས་གནང་། ༢༠༢༥།༠༨།༢༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཉིན་དེའི་ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང་། དཔེ་སྟོན་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་འཚམས་གཟིགས་གནང་སྟེ། ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས། ཉེ་ལམ་རྒྱ་ནག་གི་དམག་སྲིད་ཏང་བཅས་ཀྱི་དབང་ཆ་འཛིན་མཁན་ཞི་ཅིན་ཕིན་དང་། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཝང་ཧོང་ལིན་སོགས་མགོ་ཁྲིད་ཁག་ཅིག་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༠ འཁོར་བའི་ཐོག་ཡོང་ཡོད་པ་རེད། ཁོང་ཚོས་དམིགས་ཡུལ་གཙོ་བོ་ནི་བོད་ནང་ཡར་རྒྱས་དང་འཛུགས་སྐྲུན་བྱས་ཡོད་པ་འཛམ་གླིང་དུ་ཁྱབ་བསྒྲགས་དང་། རྒྱལ་སྤྱིའི་ནང་བོད་དོན་ཐོག་ཐེ་གཏོགས་བྱ་མི་ཆོག་པའི་ཁྱབ་བསྒྲགས་ཆེད་རེད། འདི་ལོའི་གོ་སྟོན་སྲུང་གཙིའི་སྐབས་སུ་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས། ༧སྐུའི་ཡང་སྲིད་རྒྱུན་མཐུད་ནས་ཕེབས་རྒྱུ་དང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་མུ་མཐུད་དུ་གནས་རྒྱུ་ཡིན་པའི་བཀའ་སློབ་གནང་ཡོད་པས། རྒྱ་ནག་གཞུང་ལ་ཧ་ཅང་ཕོག་ཡོད་པ་རེད། ང་ཚོས་སྲོལ་རྒྱུན་ལྟར་བླ་མའི་བཀའ་དགོངས་བཞིན་ཐག་གཅོད་གནང་རྒྱུ་ལས། ཆོས་ཅི་ཡང་ཁས་མི་ལེན་པའི་གཞུང་ཞིག་གིས་ཐག་གཅོད་རྒྱུ་ཡོད་པ་མ་རེད། ཅེས་དང་། དེ་བཞིན་བཙན་བྱོལ་གྱི་དམངས་གཙོའི་འཕེལ་རིམ་དང་། བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་སོགས་ཀྱི་ཐོག་དྲི་བ་དྲིས་ལན་གནང་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་། བོད་ཀྱི་ཟློས་གར་ཚོགས་པ། དགེ་ལྡན་ཆོས་གླིང་བཙུན་དགོན། བྱམས་པ་གླིང་རྒན་གསོ་ཁང་། དྷ་ས་ཁྲོམ་ས་གསར་པར་འཚམས་གཟིགས་གནང་ཡོད་པ་དང་། ཉེ་ལམ་ཆར་ཞོད་ཀྱི་རྐྱེན་གྱིས་ས་རུད་འཕྲོ་བརླག་ཕྱིན་པའི་དྷ་སའི་གཞུང་ལམ་ཁག་ལ་གཟིགས་ཞིབ་གནང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

སྐར་མ ༤༦ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese