མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀེམ་ཇུང་ཨན་རྒྱ་ནག་ཏུ་འགྲོ་འཆར། 

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

མི་ལོ་དྲུག་ལྷག་གི་རྗེས་བྱང་ཀོ་ར་ཡའི་མགོ་ཁྲིད་ཀེམ་ཇུང་ཨན་རྒྱ་ནག་ཏུ་ཕྱིན་ནས་ཨུ་རྒྱ་གཉིས་དང་དམག་དོན་གྱི་འབྲེལ་ལམ་སྲ་བརྟན་གཟུག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག

North Korean leader Kim and   Chinese leader Xi  in Pyongyang, DPRK, June 20, 2019. (Xinhua/Ju Peng)


ཕྱི་ཟླ་  ༨ ཚེས་ ༢༨ ཉིན་རྒྱ་ནག་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་གི་རྡུལ་ཕྲན་མཚོན་ཆ་ཆེས་མང་ཤོས་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་མུས་ཡིན་པའི་བྱང་ཀོ་རི་ཡའི་མགོ་འཁྲིད་ཀིམ་ཇུང་ཨན་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བའི་དུས་དྲན་ཟེར་བ་དང་བསྟུན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འགྲོ་རྒྱུ་ཡིན་ཞིང་། དེ་ནི་བྱང་ཀོ་རི་ཡའི་མགོ་ཁྲིད་ཁོང་མི་ལོ་དྲུག་ཙམ་གྱི་རྗེས་སུ་རྒྱ་ནག་ཏུ་སྐྱོད་ཐེངས་དང་པོར་གྱུར་ལ། དེ་བཞིན་རྒྱལ་ཁབ་ ༢༦ གི་མགོ་ཁྲིད་རྒྱ་ནག་ཏུ་འགྲོ་འཆར་འདུག 

གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པར་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་དུས་སྐབས་དང་བསྟུན། རྒྱལ་ཁབ་ ༢༦ གི་མགོ་ཁྲིད་མགྲོན་འབོད་བྱས་ཡོད་པའི་ཁྲོད། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་གནའ་བོའི་དུས་ནས་ཡོད་པའི་མཛའ་འབྲེལ་བཟང་པོ་སྲ་བརྟན་ཆེད། བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་ཇུང་ཨན་ཡང་སྐད་བཏང་སྟེ། མཛད་སྒོར་མཉམ་ཞུགས་བྱ་རྒྱུ་ཡིན་ལུགས་དང་། གཙང་པོ་དང་རྒྱུག་ཆུས་མཐུད་པའི་རྒྱལ་ཁབ་གཉིས་ཀྱིས་སླར་ཡང་མཛའ་འབྲེལ་གྱི་ཐོག་ནས་མཉམ་ལས་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག 

དེ་བཞིན་ད་ལན་རྒྱ་ནག་གཞུང་གིས་ཆེད་དུ་གོ་སྒྲིག་བྱས་པའི་མཛད་སྒོར། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་གྱི་གནད་དོན་དང་འབྲེལ་ནས། རྒྱ་ནག་གིས་མགྲོན་འབོད་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་མང་དག་ཅིག་ཕེབས་མེད་ཀྱང་། ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་དང་། ཨི་རན། འབར་མ། པཱ་ཀི་སི་ཐན། མ་ལའེ་ཤི་ཡ།   བྷེ་ལ་རུ་སུ། ཁུ་བྷ། སིར་བྷི་ཡ་བཅས་ཀྱི་མགོ་ཁྲིད་གཙོས། རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ ༢༦ གི་མགོ་ཁྲིད་ཡོང་གི་ཡོད་པ་དང་བསྟུན། རྒྱ་ནག་གི་མཁའ་དམག་དང་། མེ་སྒྱོགས། དེ་བཞིན་ས་མཚོ་གཉིས་ཀྱི་དམག་མིས་གནམ་སྡེ་སྒོ་མོ་ཆེའི་ཐང་གཞུང་དུ་རྩལ་སྦྱོང་གིས་རྗེས་དྲན་བསུ་རྒྱུ་ཡིན་པའི་མུར། གནད་དོན་དབྱེ་ཞིབ་པ་མང་དག་ཅིག་གིས། སྤྱིར་བྱང་ཀོ་རི་ཡའི་མགོ་ཁྲིད་རྒྱལ་ཁབ་གཞན་དུ་སྐོར་སྐྱོད་འགྲོ་ཧ་ཅང་ཉུང་ནའང་། ད་ལན་ཆེད་དུ་ཞི་དང་པུ་ཊིན་གཉིས་དང་ཐུག་འཕྲད་དུ་འགྲོ་བ་དེས། དམར་ཤོག་རྒྱལ་ཁབ་དེ་དག་གིས་སླར་ཡང་དམག་དོན་གྱི་ཐོག་ནས་མཉམ་འབྲེལ་གྱི་ལས་དོན་སྤེལ་ནས། དམར་ཤོག་རྒྱལ་ཁབ་ཁག་གི་དམག་དོན་གྱི་སྣེ་འཁྲིད་མཁན་དང་དམག་དོན་གྱི་དཔུང་སྡེ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག 

དེ་བཞིན་ཨེ་པུ་(AP) གསར་ཁང་གིས་སྤེལ་བའི་གནས་ཚུལ་ཁྲོད། ད་ལྟ་བྱང་ཀོ་རི་ཡས་ཨུ་རུ་སུ་དང་མཉམ་འབྲེལ་གྱི་ཐོག་ནས་དམག་དཔུང་དང་གོ་མཚོན་གྱི་རོགས་རམ་བྱས་ཏེ། ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་སྟབས། ད་ལྟ་རྒྱ་ནག་དང་། ཨུ་རུ་སུ། བྱང་ཀོ་རི་ཡ་གསུམ་གྱིས་མཉམ་འབྲེལ་གྱིས་ནུས་པ་སྔར་ལས་ལྷག་པ་སྐྱེད་ནས། ཨ་རི་དང་ལྷོ་ཀོ་རི་ཡ། དེ་བཞིན་ཉི་ཧོང་བཅས་ཀྱིས་མཉམ་འབྲེལ་བྱེད་མུས་ཡིན་པའི་སྟོབས་ཤུགས་ལ་རྒོལ་ལན་སློག་འདོད་ཡོད་པའི་ཁར། ཕྱོགས་གསུམ་གྱིས་ཚོང་དོན་དང་། དམག་དོན། བདེ་སྲུང་དང་། ཕྱི་སྲིད་བཅས་ཀྱི་ཐད་ནས་མཉམ་འབྲེལ་བྱ་སྲིད་པ་མ་ཟད། རྒྱ་ནག་གིས་དེ་སྔ་ནས་ཨ་རིས་སྐྱོན་བརྗོད་ལ་མ་ལྟོས་པར་བྱང་ཀོ་རི་ཡ་དང་མཉམ་འབྲེལ་གྱི་ཚོང་དོན་གྱི་འབྲེལ་ལམ་ཚུགས་ཡོད་སྐོར་གསལ་འདུག

ཡང་ཕྱོགས་གཞན་ཞིག་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀེམ་ཇུང་ཨན་གཉིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཀེམ་ཇོང་ཨན་གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀེམ་དང་ལྷན་དུ་བྱང་ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཏེ།  དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་པ་ཐོག་མ་ཆགས་ཡོད་ཅིང་། སྐབས་དེ་ནས་ཊོམ་ཕུ་སྲིད་གཞུང་གིས་བྱང་ཀོ་རི་ཡར་འབྲེལ་ལམ་བཟུང་ཐབས་དང་། རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཇེ་ཉུང་དུ་འགྲོ་རྒྱུའི་རེ་བ་བཅངས་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་བློན་དང་མཇལ་འཕྲད་བྱེད་སྐབས། ཀེམ་ཇུང་ཨན་ཁོང་གཉིས་འབྲེལ་ལམ་ཡག་པོ་ཡོད་པས། ཀིམ་ལའང་ཐུག་འདོད་ཡོད་སྐོར་གསུངས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཀེམ་གྱིས་ཞི་དང་པུ་ཊིན་ལ་ཐུག་འཕྲད་བྱས་པ་དེས། ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ལ་དོ་ཕོག་འགྲོ་མི་སྲིད་པ་མིན་པའི་ཚོད་དཔག་བྱེད་ཀྱིན་འདུག 

ཕྱི་ལོ་ ༢༠༡༨ དང་  ༢༠༡༩ ལོར་ཀིམ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉིས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཀེམ་ཇུང་ཨན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇུང་ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཀིམ་ལ་མཐོང་ཆེན་གྱིས་ཉིན་མ་མང་པོར་མེ་འཁོར་གྱི་འགྲུལ་བཞུད་བཀག་ནས། ཀིམ་གྱི་རྒྱ་ནག་གི་འགྲུལ་བཞུད་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་ལ། ལྷོ་ཀོ་རི་ཡས་ཀིམ་གྱི་རྒྱུན་ལྡན་མིན་པའི་ད་ཐེངས་ཀྱི་འགྲུལ་བཞུད་དེའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་མུར། སླར་ཡང་རྒྱ་ཨུ་ཀོ་གསུམ་གྱི་གཏིང་ནག་པའི་མཉམ་འབྲེལ་ལ་དོགས་གཟོན་བྱ་དགོས་སྐོར་བསྒྲགས། 

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

སྐར་མ ༤༩ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༢ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༢ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese