མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་བློན་མུ་དྷི་ལོ་ངོ་བདུན་གྱི་རྗེས་ནས་རྒྱ་ནག་ཏུ་ཕེབས། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་མི་ལོ་བདུན་གྱི་རྗེས་སུ་རྒྱ་ནག་ཏུ་ཕེབས་ནས་རྒྱ་དཀར་ནག་བར་གྱི་མཉམ་འབྲེལ་ལས་དོན་ཡར་རྒྱས་དང་ཧིན་བོད་མཐའ་མཚམས་ཁུལ་གྱི་རྙོག་གླེང་ཞི་འགྲིག་སོགས་ཀྱི་ཐད་ལ་གླེང་སློང་གནང་འདུག

Shanghai Cooperation Organization (SCO) Summit in Tianjin on August 31, 2025. (Photo by Alexander KAZAKOV / POOL / AFP)

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཉིན་གྲངས་གསུམ་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་གཉིས་ཀྱིས་ཐུག་འཕྲད་བྱས་ཏེ། མཉམ་ལས་དང་ཚོང་དོན་གྱི་ཐད་ལ་གླེང་སློང་གནང་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༡ ཉིན་མུ་དྷི་མཆོག་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་གླེང་སྟེགས་(Shanghai Cooperation Organisation summit) སུ་མཉམ་ཞུགས་གནང་འདུག་ལ། དེ་ནི་སྲིད་བློན་མུ་དྷི་ལོ་ངོ་བདུན་གྱི་རྗེས་སུ་རྒྱ་ནག་ཏུ་སྐྱོད་ཐེངས་ཐོག་མར་གྱུར།

གནད་དོན་དེ་དང་འབྲེལ་ནས་སྐུ་ཞབས་མུ་དྷི་མཆོག་སྒེར་གྱི་ཨེག་སི་སྤྱི་ཚོགས་དྲ་ལམ་དུ། སྐུ་ཞབས་པུ་ཊིན་དང་ཐུག་འཕྲད་བྱ་རྒྱུ་བྱུང་བ་ནི་རྟག་ཏུ་དགའ་འོས་པ་ཞིག་རེད། ཅེས་དང་། ད་ལན་གྱི་གླེང་སྟེགས་འདིའི་སྟེང་ནས་པུ་ཊིན་དང་ཞི་ཅིན་ཕིན་གཉིས་དང་ལྷན་དུ་བསམ་ཚུལ་ལྷུག་པོ་བརྗེ་རེས་བྱ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་ལྷན་ཚོགས་དེ་དང་བསྟུན་རྒྱ་དཀར་ནག་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་སྐབས། ཕྱོགས་གཉིས་ཀྱིས་ཧིན་བོད་མཐའ་མཚམས་ཁུལ་དུ་བདེ་འཇགས་དང་བརྟན་བརླིང་ཡོང་ཐབས་ཀྱི་ཐད་ལ་གླེང་སློང་དང་། ཕྱོགས་གཉིས་ཀྱི་དམག་དོན་གྱི་དཀའ་ངལ་སེལ་ཐབས། གནམ་གྲུ་ཐད་འཕུར་གྱི་ལས་དོན་སོགས་ཀྱི་ཐད་མཉམ་ལས་དང་། རྒྱ་ནག་གཞུང་གིས་འབྱུང་འགྱུར་མི་ལོ་གསུམ་གྱི་ནང་ཚུད་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་གླེང་སྟེགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ལ་རྒྱ་སྒོར་ཐེར་འབུམ་གཉིས་རེའི་རོགས་རམ་དང་རྒྱ་སྒོར་ཐེར་འབུམ་ ༡༠ རེའི་མ་འཇོག་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པའི་མུར། རྒྱ་དཀར་ནག་གཉིས་ཏེ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་བྱས་ཏེ། ཕན་ཚུན་གྱི་མཛའ་འབྲེལ་སྲ་བརྟན་དང་མཉམ་ལས་བྱས་པ་ནི་བཟང་ཕྱོགས་ཀྱི་གདམ་ག་ཞིག་རེད། འབྲུག་(རྒྱ་ནག) དང་གླང་ཆེན་(རྒྱ་གར) གཉིས་ཀྱི་ཞབས་བྲོ་མཉམ་དུ་འཁྲབ་དགོས་ལུགས་བཤད་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་ཨུ་རུ་སུའི་སྣུམ་ཉོ་ཚོང་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། ཟླ་སྔ་མར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། རྒྱ་གར་ལ་ཚོང་དོན་གྱི་ཉེས་ཆད་བཅད་ཡོད་པས། ད་ལན་སྐུ་ཞབས་མུ་དྷི་མཆོག་གིས་ཞི་དང་པུ་ཊིན་ལ་ཐུག་འཕྲད་བྱས་པ་དེར་ཨ་རིས་དོ་སྣང་ཆེན་པོས་ལྟ་ཉན་བྱེད་མུས་ཡིན་པའི་ཁར། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལས་དོན།  ཕྱོགས་གཉིས་ཀྱི་གྲོས་མཐུན་ཁག་སོགས་ཀྱི་ཐད་ལ་ལྟ་ཉན་བྱེད་མུས་ཡིན་སྐོར་གསལ་འདུག་ལ། རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་ཀྱི་མགོ་ཁྲིད་མང་དག་ཐུག་འཕྲད་དང་། ཕྱོགས་སོ་སོའི་མཉམ་ལས་དང་། འབྲེལ་ལམ་སོགས་སྲ་བརྟན་ཚུགས་ཐབས་བྱེད་མུས་ཡིན་པ་དེས། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་དོ་སྣང་ཆེ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་འདུག

དེ་བཞིན་རྒྱ་གར་དང་ཨུ་རུ་སུའི་མགོ་ཁྲིད་གཉིས་སླར་ཡང་ཐུག་འཕྲད་ཀྱིས། ཕྱོགས་གཉིས་ཀྱི་སྣུམ་ཚོང་གི་ལས་དོན་ཡར་སྐྱེད་དང་། ཕྱོགས་གཉིས་ཀྱི་ཚོང་དོན་གྱི་སྒོ་ཁྲལ་ཚུད་པའི་གནད་དོན་ཁག་ཅིག་གི་ཐད་གླེང་སློང་བྱས་ཡོད་ཅིང་། རྒྱ་གར་དང་ཨུ་རུ་སུ་གཉིས་ལ་གྲང་དམག་གི་དུས་ནས་ཕྱོགས་གཉིས་ཀྱི་མཐའ་མཚམས་འགོག་སྲུང་དང་མཉམ་འབྲེལ་ཐབས་ཇུས་ཀྱི་ཐོག་ནས་འབྲེལ་ལམ་ཟབ་མོ་ཡོད་ཅིང་། ཨུ་རུ་སུས་རྒྱ་གར་ལ་དམག་དོན་གྱི་མཚོན་ཆ་ཚོང་འགྲེམས་བྱེད་ཀྱི་ཡོད་ལ། ད་བར་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ནུས་པ་ལ་བརྟེན་ནས། འཕྲུལ་རིག་དང་། ཚན་རྩལ་སོགས་ཀྱི་ཐད་ལ་མཉམ་ལས་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་གར་ནི་འཛམ་གླིང་ཁྲོད་ཨུ་རུ་སུ་ལ་ས་སྣུམ་མཁོ་འདོན་བྱེད་མཁན་གཙོ་བོར་གྱུར་ཡོད།

ད་ལན་རྒྱ་ནག་གིས་གོ་སྒྲིག་བྱས་པའི་གླེང་སྟེགས་དེའི་ཐོག རྒྱ་གར་དང་། ཨུ་རུ་སུ། དེ་བཞིན་ཊུར་ཀི ཨབ་གྷ་ནི་སི་ཐན། ཀར་ཛ་ཀི་སི་ཐན། ཨི་རག པཱ་ཀི་སི་ཐན་སོགས་ཚུད་པའི་ཚོགས་མི་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་སྐུ་ཚབ་ཚོགས་ཆུང་སོགས་འཛོམས་ནས། གོ་ལ་སྤྱི་ཡོངས་ཀྱི་སྲིད་འབྱོར་གྱི་གནད་དོན་དང་། རྒྱལ་ཁབ་ཕན་ཚུན་བར་གྱི་མཉམ་འབྲེལ་ལས་དོན་སོགས་ཀྱི་ཐད་ལ་གྲོས་མོལ་དང་གླེང་སློང་གནང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 1

  1. ཇ་མ། says:
    ཟླ་བ། 11 སྔོན།

    མོ་ཏི་ནི་མི་མགོ་གཉིས་མ་ཞིག་རེད། མི་འདི་ལ་ཡིད་ཆས་གཏན་ནས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese