མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་ཀྱི་སྒལ་ཚིགས་ལ་ཆག་སྐྱོན་བྱུང་ནས་ལུས་པོ་ཡོངས་འགུལ་སྐྱོད་མི་ཐུབ་པར་གྱུར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོན་པོ་སྐྱིད་ལགས་སུ་སྨན་བཅོས་བྱེད་དུ་བཅུག་ཡོད་ནའང་། ད་ལྟ་ཁོང་མོའི་སྒལ་ཚིགས་ལ་ཆག་སྐྱོན་བྱུང་སྟེ་ལུས་པོ་ཡོངས་འགུལ་སྐྱོད་མི་ཐུབ་པའི་གནས་སྟངས་འོག་ལྷག་ཡོད་འདུག

མགོན་པོ་སྐྱིད་ལགས་ཀྱི་སྒལ་ཚིགས་ལ་ཆག་སྐྱོན་ཤོར་ནས་ལུས་པོ་ཡོངས་འགུལ་སྐྱོད་མི་ཐུབ་པར་གྱུར་ཡོད་འདུག བོད་ཀྱི་དུས་བབ་ཀྱི་པར།

ཉེ་ལམ་མགོན་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་གཅུང་པོ་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཐུག་འཕྲད་བྱ་ཆེད་ཞི་བའི་ལས་འགུལ་སྤེལ་སྐབས།  རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་འོག་དམ་དྲག་བྱས་རྐྱེན། ཁོང་མོ་ཁང་ཐོག་ནས་མར་མཆོངས་ཏེ་རང་སྲོག་བློས་གཏོང་བྱེད་རྩིས་བྱས་རྗེས། རྐང་ལག་དང་སྐེད་པ་སོགས་སུ་གནོད་སྐྱོན་བྱུང་ཡོད་ནའང་། རྒྱ་གཞུང་གིས་ཁོང་མོར་སྨན་བཅོས་བྱེད་པའི་ཐོབ་ཐང་སྤྲད་མེད་པ་རེད། དེ་རིང་འདི་གའི་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ད་ལྟ་མགོན་པོ་སྐྱིད་ལགས་སུ་སྨན་བཅོས་བྱེད་པའི་ཐོབ་ཐང་སྤྲད་ཡོད་ཀྱང་། ཁོང་གི་སྒལ་ཚིགས་ལ་ཆག་སྐྱོན་ཤོར་བྱུང་ནས་འགུལ་སྐྱོད་མ་ཐུབ་པར་སྨན་ཁང་དུ་ལུས་ཡོད་འདུག

འདི་གའི་གསར་ཁང་ལ་མགོན་པོ་སྐྱིད་ལགས་ཀྱི་གཟུགས་པོ་བརྟག་དཔྱད་བྱས་པའི་སྨན་ཁང་གི་བརྟག་དཔྱད་གྲུབ་འབྲས་ཁག་ཅིག་འབྱོར་བ་ལྟར་ན།  ཁོང་མོའི་སྒལ་ཚིགས་ (L5) ལ་ཆག་སྐྱོན་ཤོར་ཡོད་པ་མ་ཟད། སྒལ་ཚིགས་གཞན་པར་གནོད་སྐྱོན་ཐེབས་ནས་སྒལ་ཚིགས་དག་གི་བར་མཚམས་རྒྱུན་ལྡན་མིན་པར་སྒལ་ཚིགས་ཕན་ཚུན་བར་བཙིར་གནོན་རྐྱེན་གྱིས་སྐེད་པར་ཆུ་སྐྲངས་བྱུང་ཡོད་པ་དང་། ལུས་ཀྱི་དབང་རྩ་ན་བ། རྐང་པར་ཟུག་གཟེར་བཅས་རྒྱག་གི་ཡོད་འདུག དེ་བཞིན་སྒལ་ཚིགས་ཀྱི་ཆག་སྐྱོན་ཆུང་བ་ཡིན་ཚེ། ཉལ་ཁྲི་སྟེང་ནས་རྒྱུན་རིང་སྨན་བཅོས་བྱེད་དགོས་ཀྱི་ཡོད་པ་དང་། ནད་གཞི་ཚབས་ཆེ་མིན་ཐད་མུ་མཐུད་ནས་བརྟག་དཔྱད་བྱ་དགོས་སྐོར་སོགས་བཀོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། ཨ་ཅེ་མགོན་པོ་སྐྱིད་ལགས་སུ་བོད་ལྗོངས་དྲག་ཆས་ཉེན་རྟོག་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཀྱི་ཧྥུ་ཁང་སྨན་ཁང་བཅས་ཀྱིས་བརྟག་དཔྱད་བྱས་ཡོད་པ་དང་། བོད་ལྗོངས་དྲག་ཆས་ཉེན་རྟོག་སྨན་ཁང་གིས།  མགོན་པོ་སྐྱིད་ལགས་ཀྱི་རྐང་པ་གཡོན་པའི་རུས་པར་སྐྱོན་ཅུང་ཙམ་ཤོར་པ་ལས། སྒལ་ཚིགས་སོགས་ལ་གནོད་སྐྱོན་གང་ཡང་མེད་སྐོར་བསྒྲགས་འདུག་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་དམིགས་བསལ་ཧྥུ་ཁང་སྨན་ཁང་གིས་མགོན་པོ་སྐྱིད་ལགས་ཀྱི་སྒལ་ཚིགས་ལ་གནོད་སྐྱོན་ཐེབས་པའི་བརྟག་འབྲས་གསལ་འདོན་བྱས་འདུག་ལ། ད་ལྟ་མགོན་པོ་སྐྱིད་ལགས་ཉལ་ཁྲིའི་སྟེང་ནས་ལུས་པོ་ཡོངས་འགུལ་སྐྱོད་མི་ཐུབ་པའི་གནས་སྟངས་འོག་ཡོད་པ་མ་ཟད། སྟབས་མ་ལེགས་ན་ཚེ་གང་བོར་ཁོག་སྟོད་འགུལ་སྐྱོད་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད་སྐོར་སོགས་བརྗོད་བྱུང་།

ཕྱི་ཟླ་ ༨ ཚེས་ ༡༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་བོད་ཀྱི་རྒྱལ་ས་ལྷ་ས་རུ། ཚེ་བཙོན་འོག་ཡོད་པའི་རང་ཉིད་ཀྱི་གཅུང་པོ་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་ཐབས་སུ་ཞི་བའི་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པ་སོགས་ཀྱིས་རྡུང་རྡེག་དང་འགྲོ་འདུག་སོགས་ཀྱི་རང་དབང་ལ་དམ་དྲག་བྱས་ཏེ་གཡག་མགྲོན་ཁང་དུ་བཀག་ཉར་འོག་བཅུག་ཡོད་རྐྱེན། མགོན་པོ་སྐྱིད་ལགས་གཡག་མགྲོན་ཁང་གི་ཐོག་བརྩེགས་གཉིས་པ་ནས་མཆོངས་ཏེ་རང་ཤི་རྒྱག་རྩིས་བྱས་ཏེ།  ཁོང་མོའི་སྒལ་ཚིགས་དང་རྐང་ལག་གཉིས་ལ་ཆག་སྐྱོན་བྱུང་ནས་ཛ་དྲག་གི་གནས་སྟངས་བྱུང་། རྒྱ་གཞུང་གི་ཉེན་རྟོག་པས་མྱུར་སྐྱོབ་སྨན་བཅོས་བྱེད་པར་མངགས་གཏོང་བྱས་མེད་པ་རེད།

རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༢༠ ལོར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་ ༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ་ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་མགོན་པོ་སྐྱིད་ལགས་ཀྱི་གཙོ་བྱས་པའི་བཟའ་ཟླ་ཆོས་སྐྱོང་། རྡོ་རྗེ་ཚེ་བརྟན་བཅས་ཀྱིས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་སོགས་ཀྱི་མདུན་ནས་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། ཞི་བའི་ལས་འགུལ་མཐའ་མའི་སྐབས་རྒྱ་གཞུང་གིས་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཏེ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་འདུག ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༢ ཚེས་ ༢༠ ཉིན་དང་། ཟླ་ ༣  ཚེས་ ༡༤ ། ཟླ་ ༥ ཚེས་ ༡༠ དང་ ༢༨ སོགས་སུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཞི་རྒོལ་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོའི་ཁྲིམས་མཐུན་གྱི་ཞུ་འབོད་ལ་ངོས་ལེན་མེད་ཁར་སྣང་མེད་དུ་བཏང་སྟེ། ཉེན་རྟོག་པ་སོགས་ཀྱིས་ཁོང་མོར་གཅར་རྡུང་བཏང་མྱོང་ཡོད།

ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་། ཁོང་དང་ལྷན་དུ་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་རྡོ་རྗེ་ཚེ་བརྟན་ལགས་སུ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱིས་སུ་རྡོ་རྗེ་ཚེ་བརྟན་ལགས་ཀློད་གྲོལ་བཏང་ཡོད། འོན་ཀྱང་། ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིར་ཁྲིམས་རྩོད་པར་ཐུག་འཕྲད་ཀྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་དང་རྡོ་རྗེ་བཀྲ་ཤིས་ལགས་སུའང་བཙོན་ཁང་དུ་ཐུག་འཕྲད་ཙམ་ཡང་བྱེད་དུ་འཇུག་གི་མེད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 1

  1. ཇ་མ། says:
    ལོ་ 1 སྔོན།

    མགོན་པོ་སྐྱིད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese